ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶མི་ཁྲི་1.62ལྷག་རྐྱེན་ལམ་དུ་ཤོར་འདུག

2023-11-25 16:24:00     责编:娜科

ཐེངས་འདིའི་ཕ་དབྱི་གདོང་ཐུག་ཁྲོད་མི་ཁྲི་1.62ལྷག་རྐྱེན་ལམ་དུ་ཤོར་འདུག

 

 

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་23ཉིན་གྱི་དགོང་མོ། ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)སྨྱན་སྦྱོར་གཞུང་ལས་ཁང་གིས། ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ཐོན་པ་ནས་ད་བར། ཀ་ཧྲ་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་14854ཟིན་པ་དང་། དེའི་ནང་བྱིས་པ་6150དང་བུད་མེད་4000ལྷག་ཙམ་ཚུད་ཡོད། མི་ཁྲི་3.6ལྷག་ལ་རྨས་སྐྱོན་ཕོག་ཡོཔ་དང་། དེའི་ནང་75%ཡན་ནི་བྱིས་པ་དང་བུད་མེད་རེད་ཅེས་བརྗོད་ཡོད།

 

 

གཞན་ཡང་ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་22ཉིན་སྤེལ་བའི་གནས་ཚུལ་ལྟར་ན། གཡོད་ཏན་གཙང་པོའི་ནུབ་ངོགས་ཀྱི་མི་225རྐྱེན་ལམ་དུ་ཤོར་ཡོད།

དབྱི་སི་རལ་སྲིད་གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན།དབྱི་སི་རལ་ཕྱོགས་ཀྱི་མི་1200ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

 

 

མིག་སྔའི་བར། ཐེངས་འདིའི་གདོང་ཐུག་ལས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོའི་མི་ཁྲི་1.62ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན།

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶ཙེ་ལན་སི་ཅི་དང་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་བར་གྲོས་བསྡུར་བྱས།

ཨ་རིའི་རྒྱལ་དོན་ཁང་གི་གཞུང་ཕྱོགས་དྲ་བའི་གཞི་གྲངས་ལས་མངོན་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་བྱུང་ནས་ད་ལོའི་སྤྱི་ཟླ་11ཟླ་འགོ་ཚུན། ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་དུང་ཕྱུར་442བྱས་ཡོད་པ་རེད།

中央广播电视总台 央广网 版权所有

▶མི་ཁྲི་1.62ལྷག་རྐྱེན་ལམ་དུ་ཤོར་འདུག

མིག་སྔའི་བར། ཐེངས་འདིའི་གདོང་ཐུག་ལས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོའི་མི་ཁྲི་1.62ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད།