ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཙེ་ལན་སི་ཅི་དང་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་བར་གྲོས་བསྡུར་བྱས།

2023-11-25 16:23:00     责编:娜科

ཙེ་ལན་སི་ཅི་དང་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་བར་གྲོས་བསྡུར་འདི་འདྲ་བྱས་འདུག

 

 

སྤྱི་ཚེས་20ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཡུག་རེན་གྱི་རྒྱལ་ས་ཅི་ཧྥུ་རུ་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཨའོ་སི་ཐིང་དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་པོས་ཡུག་རེན་གྱི་གནས་བབ་དང་། དམག་དོན་རོགས་སྐྱོར། ཧེ་ཧའེ་རྒྱ་མཚོའི་བདེ་འཇགས་དུས་བབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཡོད་པ་རེད།

 

 

སྤྱི་ཚེས་20ཉིན་ཡུག་རེན་གྱི་ཙུང་ཐུང་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཙེ་ལན་སི་ཅིས་ཐུག་འཕྲད་བྱེད་སྐབས། ཡུག་རེན་གྱི་འགོག་སྲུང་འབྲེལ་གཏུག་རྩ་འཛུགས་ཀྱི་ཚོགས་འདུ་ཐེངས་17མ་འཚོག་གོང་། ཨོ་སི་ཐིང་གིས་ཚོགས་པའི་སྣེ་འཁྲིད་དེ་ཅི་ཧྥུ་རུ་འཚམས་འདྲིར་ཡོང་བ་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་སྟོན་བྱས་པ་དང་། ཨ་རི་དང་རོགས་ཟླ་གཞན་དག་གིས་ཡུག་རེན་ལ་མུ་མཐུད་མཚོན་ཆ་དང་རྫས་མདེལ་མཁོ་འདོན་བྱ་རྒྱུ་དེའང་ཁ་ཚ་དགོས་གཏུག་ཞིག་ཡིན་ཞེས་ནན་བཤད་བྱས་ཡོད་པ་རེད།

 

 

ཚོགས་འདུ་མཇུག་སྒྲིལ་རྗེས་ཨའོ་སི་ཐིང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག ཨ་རི་དང་དེའི་མནའ་གྲོགས་ཀྱིས་ཡུག་རེན་ལ་ཛ་དྲག་གི་གཡུལ་སའི་དགོས་མཁོ་དང་ཡུན་རིང་གི་རྒྱལ་སྲུང་དགོས་མཁོར་གཞིགས་ནས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

གཞན་ཡང་ད་དུང་། ཡུག་རེན་གྱི་ཙུང་ཐུང་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་གཉིས་པོས་ད་དུང་ཧེ་ཧའེ་རྒྱ་མཚོའི་བདེ་འཇགས་དུས་བབ་དང་ཡུག་རེན་ཕྱོགས་ཀྱིས་འབྲུ་རིགས་ཕྱིར་འདྲེན་བྱེད་ཆེད་ད་ལོའི་སྤྱི་ཟླ་8པར་ཕྱོགས་རྐྱང་པས་ཤར་གཏོང་བྱུང་བ་ཁྱབ་བསྒྲགས་བྱས་པའི་ཧེ་ཧའེ་རྒྱ་མཚོའི་གནས་སྐབས་བར་འཁྱམས་ཀྱི་འཁོར་རྒྱུག་གནས་ཚུལ་ལའང་གྲོས་བསྡུར་བྱས་ཡོད་པ་རེད།

 

 

ཨ་རིའི་རྒྱལ་དོན་ཁང་གི་གཞུང་ཕྱོགས་དྲ་བའི་གཞི་གྲངས་ལས་མངོན་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་བྱུང་ནས་ད་ལོའི་སྤྱི་ཟླ་11ཟླ་འགོ་ཚུན། ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་དུང་ཕྱུར་442བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་དབང་། ཚེ་ཕུན།

ཡིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

▶གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་འདུག​

ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དེར་དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་བསམ་འཆར་མི་འདྲ་བ་མ་བཏོན་ཚེ། མི་གཏའ་ཁག་དང་པོ་ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་23ཉིན་གློད་སྲིད་ཅེས་བཤད་ཡོད།

中央广播电视总台 央广网 版权所有

▶ཙེ་ལན་སི་ཅི་དང་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་བར་གྲོས་བསྡུར་བྱས།

ཨ་རིའི་རྒྱལ་དོན་ཁང་གི་གཞུང་ཕྱོགས་དྲ་བའི་གཞི་གྲངས་ལས་མངོན་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་བྱུང་ནས་ད་ལོའི་སྤྱི་ཟླ་11ཟླ་འགོ་ཚུན། ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་དུང་ཕྱུར་442བྱས་ཡོད་པ་རེད།