ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

གཟིགས་དང་། རི་མོ་འདི་དག་ལས་གནས་ལུགས་མང་པོ་བསྟན་འདུག

2023-10-08 18:14:00     责编:娜科

    རེ་བ་མེད་མཁན་སྐྱོར་མི་ཐུབ། སྙིང་རུས་ཡོད་མཁན་ཕམ་མི་སྲིད། མི་ལ་ལ་བདེ་མོ་ཐང་པོ་ཡིན་རུང་། རང་དམའ་རང་འབེབས་ཁོ་ནས་དུས་གདའ་བར་བྱེད་ཀྱི་ཡོད། མི་ལ་ལ་དབང་པོ་སྐྱོན་ཅན་ཡིན་རུང་གཞན་ལས་སྙིང་རུས་ཆེ་བས་མི་ཚེའི་རིན་ཐང་དེ་བས་མངོན་གྱི་ཡོད། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཞེས་པའི་དཔེ་ལྟར་འཚོ་བའི་ཤུལ་ལམ་རིང་པོར་ཁྱེད་ལ་འགོག་རྐྱེན་སྣ་ཚོགས་འཕྲད་སྲིད་མོད། འོན་ཀྱང་གཞན་ལས་རང་སྐྱོ་བ་ཡོད་པའི་འདུ་ཤེས་ནམ་ཡང་འཛིན་མི་རུང་།

 

 

ང་ཚོ་འཚར་ལོངས་ཡོང་དུས། ཕ་མ་རྒས་འགྲོ་བས། རྟག་ཏུ་ཕ་མར་སྲི་ཞུ་ཧུར་ཐག་སྒྲུབ་དགོས།

 

    མི་ཡི་རི་མོ་ནང་ལ་ཡོད། སྟག་གི་རི་མོ་ཕྱི་ལ་ཡོད་ཅེས་པའི་དཔེ་ལྟར། ཆེས་དོགས་ཟོན་བྱེད་དགོས་པའི་དགྲ་ནི་ཁྱེད་ལ་འཐབ་མཁན་དེ་མིན་པར། གྲོགས་པོའི་མིང་ཐོག་ནས་ལྐོག་ཏུ་གནོད་སྐྱེལ་མཁན་གྱི་ཁ་ཞེ་མི་མཐུན་པའི་མི་དེ་རེད།

རང་ལ་གྲུབ་འབྲས་མ་ཐོབ་པ་ནི་འབད་པ་མ་བྱས་པ་མིན་པར། གཙོ་བོ་རང་གི་ཐབས་ཤེས་དབེན་པས་རེད།    གནས་ཚུལ་ཆེ་ཆུང་གང་ཞིག་འཕྲད་རུང་། རང་ཉིད་ཀྱིས་འབད་བརྩོན་མ་བྱས་ཚེ་གཞན་སུ་ཞིག་གིས་རོགས་པ་བྱས་ཀྱང་ཕན་ནུས་ཐོན་མི་སྲིད།གཡོ་སྒྱུ་ཆེ་བའི་མི་གྲོགས་སུ་བསྟེན་མི་རུང་། གལ་ཏེ་གྲོགས་སུ་བསྟེན་པ་ན། ནམ་ཞིག་ཁྱེད་ཕུང་བར་ཐེ་ཚོམ་མེད།    ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ་ཡིན་མོད། གཞན་དང་བློ་སེམས་མི་མཐུན་ན། ཁོང་ཚོ་དང་མཉམ་དུ་འགྲོགས་ཀྱང་གང་ལྟར་ཁེར་རྐྱང་དུ་ལུས་སྲིད།     འཇིག་རྟེན་འདིར་རྦད་དེ་འདྲ་མཉམ་ཡོད་མི་སྲིད། མི་ལ་ལས་ཉིན་མཚན་བལྟོས་མེད་ངང་ངལ་བ་ཁུར་དུ་བླངས་པ་དེ་མི་ལ་ལའི་མིག་ནང་ཆོ་མེད་ཅིག་ཏུ་འཆར་ངེས། རང་སྐྱོན་ཡོད་ཚད་དང་དུ་བླངས་ནས་དག་སེལ་བྱས་ཚེ། ཁྱེད་ཀྱི་མ་འོངས་པའི་འགྲོ་ལམ་དེ་བས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོང་ངེས།མི་ཚེའི་ཤུལ་ལམ་རིང་མོའི་ནང་རང་གི་ཆེས་ཐོག་མའི་ཕུགས་བསམ་དེ་མ་བརླག་པར་གྱིས་ཤིགམེ་ཚེའི་ཁ་ལོ་སྒྱུར་མཁན་ནི་རང་ཉིད་ཡིན་པས། གཞན་གྱི་ལྟ་ཚུལ་ལ་སྣང་བ་འཇོག་མི་དགོས།མི་མང་པོས་བདམས་པའི་བགྲོད་ལམ་མཐའ་དག་བདེ་ཞིང་མྱུར་བ་ཞིག་ཡིན་པའི་ངེས་པ་མེད།ཕ་མས་ཕྲུ་གུར་སྦྱིན་པ་ནི་རང་གི་ཡོད་ཚད་དང་ཡག་ཤོས་ཡིན་པས། དེར་འདོད་བློ་མི་ཁེངས་པ་གཏན་ནས་བྱེད་མི་རུང་།    ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་ཀྱི་ཐིགས་པ་ཞེས་པ་ལྟར་བྱ་བ་གང་ཞིག་སྒྲུབ་ཀྱང་ལག་ལེན་དུ་བསྟར་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེ། ལག་ལེན་དུ་བསྟར་བ་ཚང་མ་ཡག་པོ་ཡོང་བའི་ངེས་པ་མེད་ཀྱང་། རྟག་ཏུ་སྟོང་གཏམ་ཁོ་ན་ཤོད་པ་ལས་ལེགས།

འཛམ་གླིང་སྐར་ཁུངས།

▶ལྗར་པན་དུ་ལོ་80ཟིན་ཡང་གླ་བྱེད་རླངས་འཁོར་གཏོང་ཆོག་གི་འདུག

གནད་དོན་དེ་ཐག་གཅོད་བྱ་ཆེད། དེ་སྔོན་ལྗར་པན་གྱིས་ལོ་75ཡན་གྱི་ཁ་ལོ་བས་རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་ཁྱེར་གོང་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་ཡང་།

中央广播电视总台 央广网 版权所有

གཟིགས་དང་། རི་མོ་འདི་དག་ལས་གནས་ལུགས་མང་པོ་བསྟན་འདུག

ལེན་དུ་བསྟར་བ་ཚང་མ་ཡག་པོ་ཡོང་བའི་ངེས་པ་མེད་ཀྱང་། རྟག་ཏུ་སྟོང་གཏམ་ཁོ་ན་ཤོད་པ་ལས་ལེགས།