ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཟས་འདི་རིགས་ཟོས་ན་ཁྲག་རྡོ་འབྱུང་ཉེན་ཆེ།

2023-09-25 09:14:00     责编:娜科

 

     ཁྱོད་ཀྱིས་མཁལ་རྡོ་དང་མཁྲིས་རྡོ། ཁྲག་རྡོ་སོགས་ཐོས་མྱོང་ཡོད་དམ། དོ་སྣང་མ་བྱས་ཚེ་དུས་རྒྱུན་གཏན་གྱི་འཚོ་བའི་གོམས་གཤིས་ཕྲན་བུས་ཀྱང་ཁྲག་རྩ་འགག་པའི་ནད་དང་སྙིང་ཁྲག་འགག་པའི་ནད། ཀླད་རྩ་རེང་འགག་གྱི་ནད་རིགས་སློང་ཉེན་ཆེ།  

     བུད་མེད་ཅིག་ལ་སྟོད་འཚང་དབུགས་ཧལ་དང་དང་ཁ་ན་བའི་ནད་རྟགས་ཐོན་ཞིང་། བརྟག་དཔྱད་བྱས་པ་བརྒྱུད་བུད་མེད་དེར་ཁྲག་རྩའི་ནང་ཁྲག་རྡོ་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད། 

 

 

ཁྲག་རྡོ་བྱུང་ན་ལུས་ཕུང་ལ་གནོད་པ་གང་དག་ཡོད་དམ་ཞེ་ན། 

གནོད་འཚེ་དང་པོ། 

     ཁྲག་རྩའི་ལྡེམ་གཤིས་ཞན་འགྱུར་བྱུང་ཚེ་ཁྲག་རྒྱུན་གྱི་བཞུར་ཤུགས་ཇེ་ཞན་དུ་གྱུར་ནས། ཁྲག་ཤེད་མཐོ་བ་དང་འཕར་རྩའི་རྩ་ལམ་དོག་པ། སྙིང་ཤ་རྔམ་མཐུག སྙིང་དང་རྐང་པའི་ཁྲག་རྩར་ཁྲག་ཡག་པོ་རྒྱུག་མི་ཐུབ་པ། གཅོང་ནད་སྙིང་རྒུད་ཀྱི་ནད་སོགས་འབྱུང་ཚད་དང་དེས་ཤི་རྐྱེན་བཟོ་ཚད་མངོན་གསལ་གྱིས་ཇེ་མང་དུ་འགྲོ་སྲིད། 

 

གནོད་འཚེ་གཉིས་པ། 

     སྲ་འགྱུར་ཁྲག་རྡོག་སྲ་སོབ་ཡིན་པས་དེས་ཁྲག་རྡོ་སིལ་བུར་བཏོར་ན་ཁྲག་རྩལ་རྡོལ་ནས་ཁྲག་རེང་ནད་དུ་འགྱུར་སླ། 

 

གནོད་འཚེ་གསུམ་པ། 

     ཏོག་དབྱིབས་འཕར་རྩ་སྲ་འགྱུར་ཚབས་ཆེན་བྱུང་ན་ཤི་ཚད་ཇེ་མཐོར་འགྲོ་བ་ཡིན། 

 

གནོད་འཚེ་བཞི་པ། 

     “ཁྲག་རྡོ་”དེ་དག་སྨན་བཅོས་ཡོ་བྱད་སྤྱོད་པའི་བཀག་རྡོ་ལྟ་བུར་གྱུར་ནས་ཁྲག་རྩའི་འདེགས་སྒྲོམ་སྤྱོད་མི་ཐུབ་པར་བྱེད་པས། ཁྲག་རྩའི་འདེགས་སྒྲོམ་མ་སྤྱད་གོང་ཁྲག་རྩ་སྐོར་བརྡར་བྱས་ནས་སྲ་འགྱུར་ཁྲག་རྡོག་སེལ་དགོས་པ་ཡིན། འོན་ཀྱང་གཟབ་གཟབ་མ་བྱས་ཚེ་ཁྲག་རྩ་རྡོལ་བའི་ཉེན་ཁ་ཧ་ཅང་ཆེ་ལ། ཁྲག་རྩའི་འདེགས་སྒྲོམ་འཇོག་ཐུབ་ནའང་ཡང་བསྐྱར་འགག་པའི་ཉེན་ཁ་ཤིན་ཏུ་ཆེ། 

 

ཁྲག་རྡོ་འབྱུང་རྐྱེན་ཅི་ཞིག་ཡིན་ནམ། 

     ཁྲག་ཤེད་མཐོ་བ། ཁྲག་ཚིལ་མཐོ་བ། ཁྲག་མངར་མཐོ་བ། གཅིན་སྐྱུར་མཐོ་བ། དུས་ཡུན་རིང་བོར་སྡོད་པ་སོགས་ནི་ཁྲག་རྩ་སྲ་འགྱུར་འབྱུང་བའི་རྒྱུན་རྐྱེན་གཙོ་བའི་གྲས་ཡིན། 

 

1.ལིན་མཐོ་བའི་ཟས་རིགས་ཟོས་ན་ཁྲག་རྩ་སྲ་འགྱུར་འབྱུང་དོན་གང་ཡིན། 

ཁྲག་རྩ་སྲ་འགྱུར་ཞེས་པ་ནི་གཏེར་རྒྱུ་ཀལ་ལཱིན་སྐྱུར་ཚྭའི་བཅས་ཁྲག་རྩའི་ནང་ཕུང་གསོག་ཐེབས་པའི་རྣམ་པར་ཟེར་གྱི་ཡོད། གལ་ཏེ་ཁྲག་རྩའི་ནང་ལིན་གཞི་རྒྱུ་མང་ན་ལིན་བརྗེ་ཚབ་ཡག་པོ་མི་ཐུབ་པར་འགྱུར་ལ། ལིན་མཐོ་ཁྲག་ནད་ནི་ཁྲག་རྩ་སྲ་འགྱུར་གྱི་རྒྱུ་རྐྱེན་ཆེས་གཙོ་བོ་ཞིག་ཡིན། 

 

2.རྒྱུན་མཐོང་གི་ཟས་རིགས་ཁྲོད་གང་དག་ནི་ལིན་མཐོ་བའི་ཟས་རིགས་ཀྱི་ཁོངས་སུ་གཏོགས་སམ་ཞེ་ན། 

1.ལས་སྣོན་བྱས་པའི་ཤ་རིགས། 

ཕག་རྒྱུ་དང་། ཕག་ཀྲིན་གྱི་རིགས ཕེ་ཀེན། ཧལ་གོར་སོགས། 

 

2.ནང་ཁྲོལ་རིགས། 

ཕག་པའི་མཆིན་པ་དང་། ཕག་སྙིང་། བྱ་དེའི་ཕོ་བ། ཕག་པའི་གྲོད་པ། ལོང་བ། ཉ་འབྲུ། སྡིག་སྲིན་གྱི་འབྲུ། ཕག་པའི་ཀླད་པ་སོགས། 

 

3.བཏུང་བྱའི་རིགས། 

ཁ་ཧྥེ་དང་། འོ་ཇ། ཐན་སྐྱུར་བཏུང་བྱ། སྦི་རག་སོགས། 

 

4.ཤུན་པ་སྲ་བའི་ཤིང་འབྲས་ཀྱི་རིགས། 

བ་དམ་དང་། ཉི་འབྲུ། སྟར་ཀ ཁམ་ཚིག་འབྲས་བུ། དགའ་འབྲས། མཁལ་འབྲས་བུ། ཁམ་བུ། ཏིལ་སོགས། 

 

5.སྲན་རིགས། 

     སྲན་དམར་དང་། སྲན་ལྗང་། སྲན་སེར། སྲན་ནག རྒྱ་སྲན། སྲན་ལེབ། སྲན་རིང་སོགས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དང་རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་བ་ཇེ་ངན་དུ་འགྱུར་བཞིན་འདུག

རྒྱ་གར་ཕྱི་འབྲེལ་པུས་སྤྱི་བསྒྲགས་ནང་དུ། ཁ་ན་ཏ་རུ་ཡོད་པའི་རྒྱ་གར་གྱི་སྤྱི་དམངས་དང་ཁ་ན་ཏ་རུ་འགྲོ་འཆར་ཡོད་པའི་རྒྱ་གར་གྱི་སྤྱི་དམངས་ཚང་མས་ཚད་མཐོའི་དོགས་ཟོན་བྱེད་དགོས་པ་དང་། ཁ་ན་ཏ་རུ་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་གྱི་སློབ་མས་སྔར་བས་གཟབ་གཟབ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

中央广播电视总台 央广网 版权所有

ཟས་འདི་རིགས་ཟོས་ན་ཁྲག་རྡོ་འབྱུང་ཉེན་ཆེ།

སྲན་དམར་དང་། སྲན་ལྗང་། སྲན་སེར། སྲན་ནག རྒྱ་སྲན། སྲན་ལེབ། སྲན་རིང་སོགས།