ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶རྒྱ་གར་དང་རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་བ་ཇེ་ངན་དུ་འགྱུར་བཞིན་འདུག

2023-09-25 09:00:00     责编:娜科

 

སྤྱི་ཟླ་9ཚེས་21ཉིན། 《དེ་རིང་གི་རྒྱ་གར》ཞེས་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་དང་ཁ་ན་ཏའི་བར་གྱི་ཕྱི་འབྲེལ་ཉེན་ཁ་ཇེ་ཆེ་རུ་འགྱུར་བཞིན་ཡོད། རྒྱ་གར་གྱིས་ཁ་ན་ཏའི་སྤྱི་དམངས་ལ་ཁ་ཕྱོགས་པའི་ཐོངས་མཆན་ཞབས་ཞུ་གནས་སྐབས་མཚམས་བཞག་པ་དང་རྗེས་མཐུད་ཀྱི་གནས་ཚུལ་ལ་བརྡ་ཐོ་གཏོང་རྒྱུར་སྒུག་ཡོད། 

ཁ་ན་ཏའི་རྒྱ་གར་གྱི་ཐོངས་མཆན་རེ་ཞུ་ལྟེ་གནས་ཀྱིས་དྲ་ཚིགས་ཐོག་བརྡ་ཐོ་བཏང་ནས། གཉེར་སྐྱོང་དབང་གིས་ད་ལོའི་སྤྱི་ཟླ་9ཚེས་21ཉིན་ནས་བཟུང་རྒྱ་གར་གྱི་ཐོངས་མཆན་ཞབས་ཞུ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། གནས་ཚུལ་གསར་པ་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན་པས། དྲ་ཚིགས་ཐོག་གི་གནས་ཚུལ་གསར་པར་མུ་མཐུད་དོ་ཁུར་བྱེད་དགོས་ཞེས་འཁོད་ཡོད་པ་རེད།

 དབྱིན་ཇིའི་རླུང་འཕྲིན་ཀུང་སི་ཡིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན།  རྒྱ་གར་ཕྱོགས་ཀྱིས་བྱེད་ཐབས་དེ་ནི་ཁ་ན་ཏ་རུ་བཅའ་སྡོད་བྱས་པའི་རྒྱ་གར་གྱི་ཕྱི་འབྲེལ་ཕོ་ཉ་ཚོགས་པའི་ལས་དོན་ལ་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་ཐེབས་པས་རེད་ཟེར། རྒྱ་གར་སྲིད་གཞུང་གིས་གནས་སྐབས་ཐོངས་མཆན་ཞབས་ཞུ་མཚམས་འཇོག་བྱས་པ་དེ་ཁ་ན་ཏའི་མི་ལའང་འཚམ་ཞེས་བརྗོད། རྒྱ་གར་ཕྱི་འབྲེལ་པུའི་མགྲིན་ཚབ་པས། ང་ཚོའི་ཁ་ན་ཏའི་མཐོ་རིམ་ཀྲོན་ཡོན་ཀུང་ཧྲུའུ་དང་གཞུང་ཚབ་དོན་གཅོད་ཁང་ལ་འཇིགས་སྐུལ་ཕོག་པ་དང་ཁོང་ཚོའི་རྒྱུན་གཏན་གྱི་ལས་དོན་ལ་གཏོར་བཤིག་བཏང་ཡོད་པས། དེ་བས་གནས་སྐབས་སུ་ཐོངས་མཆན་རེ་ཞུ་ཐག་གཅོད་བྱེད་མི་ཐུབ་ཞེས་བཤད།

 

 

ཕྱོགས་གཞན་ཞིག་ནས་དབྱིན་ཇིའི་རླུང་འཕྲིན་ཀུང་སིས། དུས་སྔོན་དུ་ཁ་ན་ཏས་རྒྱ་གར་དུ་བཅའ་སྡོད་བྱས་པའི་ལས་དོན་པའི་མི་གྲངས་ཇེ་ཉུང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་ཕྱི་འབྲེལ་དཔོན་པོ་ཁ་ཤས་ཀྱིས་སྤྱི་ཚོགས་འབྲེལ་འདྲེས་ཀྱི་སྨྱན་སྦྱོར་ཐོག་འཇིགས་སྐུལ་གྱི་ཆ་འཕྲིན་འབྱོར་ཡོད་ཅེས་བཤད་པ་དང་། དེའི་གསལ་བསྒྲགས་ཤིག་གི་ནང་དུ་མིག་སྔའི་ཛ་དྲག་གི་དུས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ལ་དམིགས་ཏེ། ང་ཚོས་བྱ་སྤྱོད་སྤེལ་ནས་ང་ཚོའི་ཕྱི་འབྲེལ་དཔོན་གྱི་བདེ་འཇགས་འགན་སྲུང་བྱེད་བཞིན་ཡོད་ཅེས་བཤད།

   ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་19ཉིན། ཁ་ན་ཏ་སྲིད་གཞུང་གིས་སྤྱི་དམངས་རྒྱ་གར་དུ་ཡུལ་སྐོར་ལ་འགྲོ་རྒྱུའི་གྲོས་གཞི་གསར་བརྗེས་བྱས་ཏེ་སྤྱི་དམངས་ལ་མིག་སྔའི་གནས་བབ་ཛ་དྲག་ཡིན་ཞིན་སྔོན་དཔག་བྱེད་མི་ཐུབ་པས་དོགས་ཟོན་ནན་པོ་བྱེད་དགོས་པའི་དྲན་སྐུལ་བྱས། སྤྱི་ཚེས་20ཉིན་རྒྱ་གར་ཕྱི་འབྲེལ་པུས་ཡུལ་སྐོར་གྲོས་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་ནས། རྒྱ་གར་གྱི་སྤྱི་དམངས་ཀྱིས་ཁ་ན་ཏ་རུ་ཡོད་སྐབས་དོགས་ཟོན་ནན་པོ་བྱེད་དགོས་པའི་དྲན་སྐུལ་བྱས། རྒྱུ་མཚན་ནི་རྒྱལ་ཁབ་དེ་རུ་རྒྱ་གར་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

   རྒྱ་གར་ཕྱི་འབྲེལ་པུས་སྤྱི་བསྒྲགས་ནང་དུ། ཁ་ན་ཏ་རུ་ཡོད་པའི་རྒྱ་གར་གྱི་སྤྱི་དམངས་དང་ཁ་ན་ཏ་རུ་འགྲོ་འཆར་ཡོད་པའི་རྒྱ་གར་གྱི་སྤྱི་དམངས་ཚང་མས་ཚད་མཐོའི་དོགས་ཟོན་བྱེད་དགོས་པ་དང་། ཁ་ན་ཏ་རུ་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་གྱི་སློབ་མས་སྔར་བས་གཟབ་གཟབ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

  དེ་སྔོན་ཁ་ན་ཏ་སྲིད་གཞུང་གིས། ཁ་ན་ཏ་ཕྱོགས་ཀྱིས་རྒྱ་གར་སྲིད་གཞུང་གི་དམིགས་བསལ་ལས་དོན་པ་དང་ཁ་ན་ཏ་ནས་ཡིན་པའི་ཤིས་ཁེའི་ཆོས་ལུགས་མི་སྣ་ཞིག་མེ་མདས་བསད་པའི་བར་གྱི་འབྲེལ་བ་རྩད་གཅོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། དེའི་རྐྱེན་གྱིས་ཁ་ན་ཏ་ཕྱོགས་ཀྱིས་རྒྱ་གར་གྱི་མཐོ་རིམ་ཕྱི་འབྲེལ་དཔོན་ཞིག་ཕྱིར་འབུད་བཏང་ཡོད། རྒྱ་གར་གྱིས་ཁ་ན་ཏ་ཕྱོགས་ལ་དོན་དངོས་གཞི་འཛིན་ས་མེད་ཅེས་སྐྱོན་འཛུགས་བྱས་པ་མ་ཟད་ཁ་ན་ཏའི་ཕྱི་འབྲེལ་དཔོན་ཞིག་ཕྱིར་འབུད་བཏང་ནས་འཁོན་ལན་བསློགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶ལྗར་ཕན་གྱི་རྒན་རྒོན་ཅན་དུ་འགྱུར་ཚད་ཀྱིས་སླར་ཡང་ཟིན་ཐོ་བཏོད་འདུག

ཕོ་མོའི་དབྱེ་བ་ལྟར་ན། མིག་སྔར་ལྗར་ཕན་དུ་སྐྱེས་པ་རྒན་རྒོན་ཅན་ཁྲི་1572དང་བུད་མེད་ཁྲི་2051ཡོད། ན་ཚོད་ཐད་ནས་བལྟས་ན། ལོ་75ཡན་གྱི་རྒན་རྒོན་ཁྲི་2005ཟིན་ནས་ཐེངས་དང་པོར་ཁྲི་

中央广播电视总台 央广网 版权所有

▶རྒྱ་གར་དང་རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་བ་ཇེ་ངན་དུ་འགྱུར་བཞིན་འདུག

རྒྱ་གར་ཕྱི་འབྲེལ་པུས་སྤྱི་བསྒྲགས་ནང་དུ། ཁ་ན་ཏ་རུ་ཡོད་པའི་རྒྱ་གར་གྱི་སྤྱི་དམངས་དང་ཁ་ན་ཏ་རུ་འགྲོ་འཆར་ཡོད་པའི་རྒྱ་གར་གྱི་སྤྱི་དམངས་ཚང་མས་ཚད་མཐོའི་དོགས་ཟོན་བྱེད་དགོས་པ་དང་། ཁ་ན་ཏ་རུ་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་གྱི་སློབ་མས་སྔར་བས་གཟབ་གཟབ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།