སྐད་འཕྲིན་ཡིག་ཆ་ཕྱིར་འཐེན་དུས་ཚོད་རིང་དུ་བཏང་འདུག
ཟླ་9པའི་ཚེས་1ཉིན་དྲ་གྲོགས་མི་ཉུང་བ་ཞིག་གིས། སྐད་འཕྲིན་ལས་བརྡ་ཕྱིར་འཐེན་པའི་དུས་ཡུན་ཆུ་ཚོད་3བར་ཇེ་རིང་དུ་བཏང་འདུག་ཅེས་བཤད་བཞིན་ཡོད།
དེའི་ཐད་ཐེང་ཤུན་ཞབས་ཞུ་བས། སྐད་འཕྲིན་7.0.10དང་དེའི་ཡན་གྱི་པར་གཞི་ཡིན་ཚེ་ཆུ་ཚོད་གསུམ་ནང་ཡིག་ཆ་ཕྱིར་འཐེན་བྱེད་ཆོག་པ་སྟེ། ཡིག་ཆའི་ནང་Wordདང་། Excel、PPT བཅས་ཚུད་ཡོད། དེ་མིན་སྐར་མ་གཉིས་ཀྱི་ནང་དུ་བསྐུར་བའི་བརྡ་འཕྲིན་ཕྱིར་འཐེན་བྱེད་ཆོག་པ་དང་། ཕྱིར་འཐེན་བྱས་རྗེས་ཕྱོགས་གཉིས་ཀས་གསལ་འདེབས་མཐོང་ཐུབ་ཅེས་ལན་བཏབ་ཡོད།
དྲ་གྲོགས་ལ་ལས་བྱེད་ནུས་འདི་དངོས་སུ་ཚོད་ལྟ་བྱས་པ་དང་། ཡིག་ཆ་ཕྱིར་འཐེན་བྱས་རྗེས། ཕ་རོལ་པོས་ཀྱང་འབྲེལ་ཡོད་ཀྱི་དྲན་སྐུལ་མཐོང་བ་དང་། ཕྱིར་འཐེན་བྱས་པའི་གསལ་འདེབས་ནི་བརྡ་འཕྲིན་ཞིག་ལས། ཡིག་ཆའི་ཡི་གེ་མི་མངོན་པ་དང་ཕྱིར་འཐེན་བྱས་པའི་དུས་ཚོད་ཀྱང་མངོན་མི་སྲིད།
དེའི་ཐད་དྲ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་དེ་ནི་སྤྱོད་སྒོ་ཆེ་བ་སྟེ། ཡིག་ཚགས་ནང་གི་ནོར་འཁྲུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཕྱིར་འཐེན་བྱས་ཆོག་ཅེས་བརྗོད་ཀྱི་ཡོད།
གཞན་ཡང་དྲ་གྲོགས་ཁག་གཅིག་གིས་ད་དུང་སྐད་འཕྲིན་གྲོགས་ཚོམས་ཀྱི་འདྲ་པར་བཙིར་གནོན་མི་གཏོང་བ་དང་གཞན་ལ་བསྐུར་བའི་སྒོར་མོ་ཕྱིར་འཐེན་བྱེད་ཆོག་པ་སོགས་ཀྱི་རེ་བ་བརྗོད་ཡོད།
ཁྱེད་རང་ལ་སྐད་འཕྲིན་གྱི་བྱེད་ནུས་ཅི་ཞིག་གསར་བསྒྱུར་བྱེད་པའི་རེ་བ་ཡོད། ཉིད་ཀྱིས་གཤམ་གྱི་སྐད་འཇོག་ཁུལ་དུ་རང་གི་བསམ་ཚུལ་འབྲི་རོགས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར། སྒྲོལ་མ་མཚོ།