ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

​▶འདར་དབྱིངས་སྤྱོད་མཁན་ཚོས་གཟབ་གཟབ་བྱེད་དགོས་འདུག

2023-10-08 17:33:00     责编:娜科

ཉེ་ཆར།  འདར་དབྱིངས་སྤྱོད་མཁན་གྱི་དྲ་གྲོགས་ཚོས་གཟབ་གཟབ་བྱེད་དགོས་པ་ཞིག་ནི། མགོ་སྐོར་གཏོང་མཁན་མི་ངན་མི་ཉུང་བ་ཞིག་གིས་འདར་དབྱིངས་ཀྱི་APPཡི་ཞབས་ཞུ་བར་བརྫུས་ནས་མགོ་སྐོར་གཏོང་བཞིན་འདུག  

ཚང་མས་བུད་མེད་ཝུའུ་ལགས་ལ་མགོ་སྐོར་ཐེབས་པའི་བརྒྱུད་རིམ་ལ་བལྟས་རྗེས།  ཧ་ཅང་ཆ་རྒྱུས་ལྡན་པའི་ཚོར་སྣང་ཞིག་ཡོང་སྲིད། དེ་ནི་ཞབས་ཞུ་བར་བརྫུས་ནས་མགོ་སྐོར་གཏོང་སྟངས་ཤིག་ཡིན། འོན་ཀྱང་མགོ་སྐོར་གཏོང་ས་དེ་འདར་དབྱིངས་སུ་ཡིན་པ་ཙམ་རེད། 

 

གཡོ་ཐབས་འགྲེལ་བཤད།  

གོ་རིམ་དང་པོ། འདར་དབྱིངས་ཀྱི་ཞབས་ཞུ་བར་བརྫུས་པ། 

མགོ་སྐོར་གཏོང་མཁན་གྱིས་འདར་དབྱིངས་ཀྱི་ཞབས་ཞུ་བར་བརྫུས་ཏེ།  གནོད་འཚེ་ཕོག་མཁན་ལ“འདར་དབྱིངས་གློག་རྡུལ་ཚོང་པའི་ཐད་གཏོང་ཚོགས་མིའི་”ཞབས་ཞུ་དང་ལེན་བྱས་འདུག་པས། གལ་ཏེ་ཞབས་ཞུ་དེ་མ་བཀག་ན་ཟླ་བ་12རིང་བསྟུད་མར་ཟླ་རེར་རང་འགུལ་དུ་སྒོར་ལྔ་བརྒྱ་དྲུག་བརྒྱའི་གྲོན་དངུལ་འཐེན་འགྲོ་བ་མ་ཟད། གྲོན་དངུལ་འཐེན་མ་ཐུབ་ཚེ་ཐ་ན་ཡིད་རྟོན་ལའང་ཤུགས་རྐྱེན་ཐེབས་འགྲོ་ལུགས་བརྗོད་ཀྱི་ཡོད། 

 

གོ་རིམ་གཉིས་པ།“དངུལ་རྩའི་ཞབས་ཞུའི་ཆེད་མིར” འབྲེལ་བ་བྱེད་པ།   

མགོ་སྐོར་གཏོང་མཁན་གྱིས་གནོད་འཚེ་ཕོག་མཁན་ལ་QQདང་ཁ་པར་སོགས་བརྒྱུད་ནས་“དངུལ་རྩའི་ཞབས་ཞུའི་ཆེད་མིར”དྲ་ཐོག་གི་ཞབས་ཞུ་སྒོ་རྒྱག་ཏུ་བཅུག་ཅིང་།  “རྩིས་ཁྲ་ཞིབ་བསྡུར་”དང་“མ་དངུལ་ཞིབ་བཤེར”བྱེད་པ་རྒྱུ་མཚན་དུ་བྱས་ནས་གནོད་འཚེ་ཕོག་མཁན་ལ་དངུལ་བྱང་ནང་གི་མ་དངུལ་ལམ་ཡང་ན་དྲ་ཐོག་ནས་གཡར་བའི་དངུལ་བུན་དམིགས་འཛུགས་རྩིས་ཁྲའི་ནང་བསྒྱུར་དགོས་པའི་བླང་བྱ་བཏོན།  

 

གོ་རིམ་གསུམ་པ།  མུ་མཐུད་དངུལ་བསྐུར་རྒྱུར་འཇམ་ཁྲིད་བྱེད་པ།  

དེའི་རྗེས་སུ་“དངུལ་རྩའི་ཞབས་ཞུའི་ཆེད་མིས་” “བཀོལ་སྤྱོད་ནོར་འཁྲུལ་བྱུང་བ”དང་“ཞིབ་བཤེར་བྱེད་མ་ཐུབ་པ་”སོགས་ཀྱི་རྒྱུ་མཚན་ཐོག་ནས་གནོད་འཚེ་ཕོག་མཁན་ལ་དམིགས་བཙུགས་རྩིས་ཁྲར་མུ་མཐུད་དངུལ་བསྐུར་དུ་བཅུག་ནས་དངུལ་ཁུག་སྟོང་པར་གཏོང་གི་ཡོད།   

 

ཉེན་རྟོག་པའི་དྲན་སྐུལ། 

ཞབས་ཞུ་བ་ཡིན་ཟེར་མཁན་ཚང་མས་ “འདར་དབྱིངས་གློག་རྡུལ་ཚོང་པའི་ཐད་གཏོང་ཚོགས་མིའི་”ཞབས་ཞུ་མ་བཀག་ཚེ་རང་འགུལ་དུ་གྲོན་དངུལ་འཐེན་པ་དང་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་རྒྱུ་རྒྱུ་མཚན་དུ་བྱས་ཏེ་དངུལ་སྐུར་དུ་འཇུག་པ་ནི་མགོ་སྐོར་གཏོང་བ་ཡིན་པས།  རྒྱུས་མངའ་མེད་པའི་རྩིས་ཁྲར་དངུལ་སྐུར་སྐབས་གཟབ་གཟབ་བྱེད་དགོས། 

གལ་ཏེ་འབྲེལ་ཡོད་གནད་དོན་འཕྲད་ཚེ་གཞུང་ཕྱོགས་ཀྱི་སྟེགས་བུ་བརྒྱུད་ནས་ཞིབ་དཔྱད་བྱེད་ཆོག་པ་དང་། གལ་ཏེ་དོགས་པ་ཡོད་ཚེ་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་9110ལ་ཁ་པར་བཏང་ནས་བློ་འདྲི་བྱེད་ཆོག

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶ལྗར་པན་དུ་ལོ་80ཟིན་ཡང་གླ་བྱེད་རླངས་འཁོར་གཏོང་ཆོག་གི་འདུག

གནད་དོན་དེ་ཐག་གཅོད་བྱ་ཆེད། དེ་སྔོན་ལྗར་པན་གྱིས་ལོ་75ཡན་གྱི་ཁ་ལོ་བས་རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་ཁྱེར་གོང་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་ཡང་།

中央广播电视总台 央广网 版权所有

​▶འདར་དབྱིངས་སྤྱོད་མཁན་ཚོས་གཟབ་གཟབ་བྱེད་དགོས་འདུག

ཞབས་ཞུ་བ་ཡིན་ཟེར་མཁན་ཚང་མས་ “འདར་དབྱིངས་གློག་རྡུལ་ཚོང་པའི་ཐད་གཏོང་ཚོགས་མིའི་”ཞབས་ཞུ་མ་བཀག་ཚེ་རང་འགུལ་དུ་གྲོན་དངུལ་འཐེན་པ་དང་ཡིད་རྟོན་ལ་ཤུགས་རྐྱེན