ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

སྤུས་ཞན་ཟས་རིགས་ལ་དོགས་ཟོན་བྱོས།

2023-11-24 10:12:00     责编:娜科

 

རྫུན་ཞན་ཟས་རིགས་ཞེས་པ་ནི་རྫུན་བཟོ་དང་ཞན་འགྱུར། དུས་ཡོལ་བ། འཚོ་བཅུད་ཀྱི་ཚད་གཞི་མ་ལོན་པའི་ཟས་རིགས་ལ་གོ། ཟས་རིགས་དེ་དག་ཁྲོམ་ར་ནས་མཐོང་ཐུབ། ཁྱད་པར་དུ་གྲོང་གསེབ་ས་ཁུལ་དུ་ཟས་རིགས་འདིའི་རིགས་མང་པོ་འདུག འཛད་སྤྱོད་པའི་བདེ་ཐང་ལ་གནོད་སྐྱེལ་བ་དང་ཁྲོམ་རའི་སྒྲིག་ལམ་གཏོར་ནས་ཚད་ལྡན་གྱི་ཐོན་སྐྱེད་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་སྲིད། རྫུན་ཞན་ཟས་རིགས་ལ་རྫུན་བཟོ་(བཟོ་གྲྭའི་མིང་དང་ས་གནས། ཚོང་རྟགས། ཐོན་རྫས་ཀྱི་མིང་། ཐོན་རྫས་ཀྱི་མཚོན་རྟགས་སོགས་རྫུན་བཟོ་བྱེད་པ)དང་། ཁེ་དབང་ལ་གནོད་འཚེ་གཏོང་བའི་ཐོན་རྫས་རྫུན་མ།(བཟའ་བཅའི་ཐུམ་སྒྲིལ་གྱི་མཚོན་རྟགས་དང་ཡི་གེ། རི་མོ་སོགས་གྲགས་ཅན་ཟས་རིགས་གཞན་དག་ལ་ལད་མོ་བྱས་ནས་འཛད་སྤྱོད་པར་མགོ་སྐོར་བ།) ཟས་རིགས་རྫུན་མ་(ལུག་ཤ་དང་ཁྱི་ཤ། བོང་ཤ། སྐམ་ཤ་བཅས་རྫུན་མ་བཟོ་བའི་ཟས་རིགས་མགོ་སྐོར་གྱི་བྱ་སྤྱོད།  མེད་གསུམ་ཐོན་རྫས།(ཐོན་སྐྱེད་བཟོ་གྲྭ་དང་དུས་ཚོད། ཆོས་འཐུས་ཡི་གེ་མེད་པ།) སྤུས་ཞན་ཐོན་རྫས།(སྤུས་ཞན་གྱིས་སྤུས་ལེགས་ལ་བརྫུས་ཤིང་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པ།) སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའི་ཟས་རིགས་སོགས་ཚུད།

མཛོད་དགེ་རྫོང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱེད་ལ་དོགས་ཟོན་བྱེད་སྟངས་ལེགས་པར་སྟོན་པ་གཤམ་གསལ་ལྟར།   

གཅིག ཚོང་གི་འབྲེལ་ལམ་ཚད་ལྡན་བརྒྱུད་ན་འགན་སྲུང་ཡོད་པ།

འཛད་སྤྱོད་པས་ཚད་ལྡན་གྱི་ཚོང་ཁང་དང་ཁྲོམ་ར། སྒོ་རྩིས་ཚོང་ཁང་སོགས་སུ་ཟས་རིགས་ཉོས་ན་ལེགས་པོ་འདུག    གཉེར་སྐྱོང་གི་ཐོབ་ཐང་མེད་པའི་ཚོང་པས་ཕྱིར་འཚོང་བྱེད་པའི་ཟས་རིགས་ལ་དོགས་ཟོན་བྱ་དགོས།     ཟས་རིགས་ཉོ་སྐབས་འཛིན་ཤོག་ཉར་ཚགས་ལེགས་པོ་བྱེད་དགོས།    དེ་མིན་ཐོན་རྫས་ཀྱི་ཐུམ་སྒྲིལ་དང་ཐོན་རྫས་ལྷག་མ་སོར་འཇོག་བྱས་ན་འོས།

 

གཉིས། ཐོན་རྫས་ཀྱི་མིང་ལ་བརྟག་ནས་དག་རྫུན་དབྱེ་དགོས།

ཟས་རིགས་ཀྱི་མིང་ནི་རྫུན་བཟོ་ཡིན་མིན་དབྱེ་འབྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་གྲས་ཡིན།  འཛད་སྤྱོད་པས་འདེམ་ཉོ་བྱེད་སྐབས་བཟའ་བཅའི་མིང་ལ་ལྟས་ནས། ཚད་ལྡན་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཉོ་དགོས།

 

 གསུམ། རྟགས་བྱང་འཐུས་ཚང་ཡིན་དགོས།

རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་ཁྲིམས་སྲོལ་གྱི་བླང་བྱ་ལྟར།    འཛད་སྤྱོད་པར་ཐད་ཀར་འདོན་སྤྲོད་བྱས་པའི་སྔོན་གྲབས་ཐུམ་སྒྲིལ་རྟགས་བྱང་ལ་མིང་དང་སྡེབ་རྫས། འདུས་ཚད། ཚད་གཞི། ཐོན་སྐྱེད་དང་བརྒྱུད་ཚོང་བྱེད་མཁན་གྱི་མིང་དང་ས་གནས། འབྲེལ་གཏུག་ཁ་པར། ཐོན་སྐྱེད་དུས་ཚོད། སྤུས་ཚད་འགན་ལེན་དུས་ཡུན། གསོག་ཉར་བྱེད་སྟངས། ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་ཨང་རྟགས། ཐོན་སྐྱེད་ཚད་གཞིའི་ཚབ་གྲངས་སོགས་འདུས།  ཐུམ་སྒྲིལ་རྫུན་བཟོའི་ཟས་རིགས་ལ་གོང་གསལ་གྱི་རྒྱུ་རྐྱེན་ཆད་ལྷག་གི་གནས་ཚུལ་ཡོད་པས། འཛད་སྤྱོད་པས་ཟས་རིགས་ཀྱི་རྟགས་བྱང་ལ་དབྱེ་ཞིབ་བྱས་ཏེ།  ཐུམ་སྒྲིལ་ལ་རྟགས་བྱང་མེད་པ་དང་རྟགས་བྱང་གི་ཆ་འཕྲིན་མི་ཚང་བ། ནང་པོ་གསལ་པོ་མེད་པའི་ཟས་རིགས་ཉོ་བ་དང་སྤྱོད་མི་རུང་། 

 

བཞི། ཚན་རིག་གི་རྒྱུན་ཤེས་ལ་གཞིགས་ནས་དག་རྫུན་དབྱེ་དགོས།

འཛད་སྤྱོད་པས་རྫས་སྦྱོར་རེའུ་མིག་དང་འཚོ་བཅུད་ཀྱི་གྲུབ་ཆའི་རེའུ་མིག་མི་མཐུན་པའི་གནས་ཚུལ་ལ་དོགས་ཟོན་བྱེད་དགོས།     དཔེར་ན་སྡེབ་རྫས་ཀྱི་རེའུ་མིག་ནང་དུ་འོ་མ་དང་འོ་ཕྱེ་སོགས་སྤྲི་དཀར་རྒྱུ་ཡོད་ལ།    འཚོ་བཅུད་ཀྱི་གྲུབ་ཆའི་རེའུ་མིག་ནང་དུ་སྤྲི་དཀར་རྒྱུ་འདུས་ཚད0/100mL(ཡང་ན0g/100g)ཡིན།     རྟགས་བྱང་ཁྲོད་གནད་དོན་འདི་འདྲ་ཡོད་པའི་ཐོན་རྫས་ཉོ་མི་རུང་།    

འཛད་སྤྱོད་པས་ཟས་རིགས་ཉོ་སྐབས། རྫུན་ཞན་ཟས་རིགས་ཉོ་ནོར་བྱུང་ན། 12345དང་ཡང་ན་12315ལ་ཁ་པར་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཞུ་གཏུག་བྱེད་དགོས།

ཡོང་ཁུངས། མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། 
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་བྱང་ཆིངས་མཚོ་དམག་བཀག་འགོག་བྱས།

ཨུ་རུ་སུས་ཕྱི་རྒྱལ་དང་མཉམ་དུ་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་ཀ་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་ལུགས་བསྟན།

中央广播电视总台 央广网 版权所有

སྤུས་ཞན་ཟས་རིགས་ལ་དོགས་ཟོན་བྱོས།

འཛད་སྤྱོད་པས་ཟས་རིགས་ཉོ་སྐབས། རྫུན་ཞན་ཟས་རིགས་ཉོ་ནོར་བྱུང་ན། 12345དང་ཡང་ན་12315ལ་ཁ་པར་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཞུ་གཏུག་བྱེད་དགོས།