ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

སྐུད་མེད་དྲ་བ་གང་འདོད་དུ་སྦྲེལ་ན་ཉེན་ཁ་ཆེན་པོ་འདུག

2023-11-23 15:39:00     责编:娜科

 

དེང་གི་ཆར། སྐུད་མེད་དྲ་བས་ང་ཚོའི་འཚོ་བར་སྟབས་བདེ་སྐྲུན་བཞིན་ཡོད་ལ། དུས་རྒྱུན་ང་ཚོ་སྤྱི་པའི་ཁུལ་སོགས་སུ་མི་བསྒུགས་ནས་སྡོད་སྐབས། རིན་མེད་ཀྱི་སྐུད་མེད་དྲ་བ་བཙལ་ནས་སྦྲེལ་མཐུད་བྱེད་ཀྱི་ཡོད། འོན་ཀྱང་། རིན་མེད་ཀྱི་སྐུད་མེད་དྲ་བ་དེར་བདེ་འཇགས་ཀྱི་ཉེན་ཁ་ཡང་མི་ཉུང་བ་ཞིག་འདུག་པས། གཤམ་ལ་དཔེ་མཚོན་གྱི་གྱོད་དཔེ་གཉིས་ལ་གཟིགས་རོགས།

 

01

ཉིན་ཞིག ཨ་ཅག་གྲེན་ལགས་ཁྲོམ་སྐོར་བར་འགྲོ་སྐབས། རང་ཉིད་ཀྱིས་མོས་པ་བྱེད་པའི་ཅ་ལག་དྲ་ཐོག་ཏུ་རིན་གོང་ག་ཚོད་བྱེད་ཀྱི་ཡོད་མིན་ཤེས་པར་བྱ་ཆེད། ཚོང་ཁྲོམ་གྱི་གསང་གྲངས་མེད་པའི་སྐུད་མེད་དྲ་བ་ཞིག་སྦྲེལ་མཐུད་བྱས་པ་དང་། རང་ཉིད་ཀྱིས་དགའ་པོ་བྱེད་པའི་སྟོད་ཐུང་དེ་དྲ་ཐོག་ཏུ་གོང་དམའ་བ་ཡོད་པས། ཁོང་གིས་ལག་ཐོག་ཁ་པར་གྱི་དངུལ་ཁང་སྤྱད་ནས་དྲ་ཐོག་གི་སྟོད་ཐུང་དེ་ཉོས་པ་རེད།

ཡུལ་ཙམ་ཞིག་ལ་ཨ་ཅག་གྲེན་ལགས་ལ་རང་ཉིད་ཀྱི་ཡིད་རྟོན་བྱང་བུ་ནས་སྒོར་༩༠༠༠ལྷག་ཙམ་འཛད་སྤྱོད་བྱས་པའི་འཕྲིན་ཐུང་༦འབྱོར་ཡོད་པ་རེད།

 

02

སྐུ་ཞབས་ལི་ལགས་ཀྱིས་ཁ་པར་གྱི་བཞུར་ཚད་གྲོན་ཆུང་བྱ་ཆེད། རང་འགུལ་གྱིས་སྐུད་མེད་དྲ་བ་སྦྲེལ་མཐུད་བྱེད་པར་བཀོད་སྒྲིག་བྱས་ཡོད་པ་རེད།

ཉིན་ཞིག་ཕྱིར་ཁ་ལག་ཟ་སྐབས། ཁོང་གི་ལག་ཐོག་ཁ་པར་གྱིས་རང་འགུལ་ངང་གསང་གྲངས་མེད་པའི་སྐུད་མེད་དྲ་བ་ཞིག་སྦྲེལ་མཐུད་བྱས་པ་དང་། སྐུད་མེད་དྲ་བ་དེ་སྤྱོད་རིང་། ཁོང་གིས་རང་ཉིད་ཀྱི་ལག་ཐོག་ཁ་པར་དངུལ་ཁང་སྤྱོད་མྱོང་བས། ཉིན་གཉིས་པར་ཁོང་ལ་རང་ཉིད་ཀྱིས་འཛད་སྤྱོད་སྒོར་༣༠༠༠བྱས་པའི་འཕྲིན་ཐུང་ཞིག་འབྱོར་བ་དང་། དེའི་རྗེས་མུ་མཐུད་དུ་དངུལ་ཁང་བྱང་བུ་ནས་དངུལ་གཏོང་སྤྲོད་བྱས་པའི་ཆ་འཕྲིན་མང་པོ་འབྱོར་ཡོད་པ་རེད།

 

 

ད་བྱས་ན་ང་ཚོས་དེར་དོགས་ཟོན་ཇི་ལྟར་བྱ་དགོས།

༡ རྒྱུ་ནོར་གྱོང་གུན་དང་། སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བའི་ཆེད་དུ་དྲ་གྲོགས་ཚོས་ཆ་རྒྱུས་མེད་པའི་སྐུད་མེད་དྲ་བ་དང་རིན་མེད་དྲ་བ་སྦྲེལ་མཐུད་བྱ་རྒྱུ་མེད།

༢ དུས་རྒྱུན་སྤྱི་པའི་ཁུལ་དུ་སྐུད་མེད་དྲ་བ་སྤྱད་དགོས་ན། སྦྱིན་བདག་ལ་གསང་གྲངས་དང་སྐུད་མེད་དྲ་བའི་མིང་སོགས་སྐད་ཆ་ཡག་པོ་འདྲི་དགོས་པ་ལས། གང་འདོད་ཀྱིས་ཆ་རྒྱུས་མེད་པའི་སྐུད་མེད་དྲ་བ་སྦྲེལ་མཐུད་བྱ་རྒྱུ་མེད།

༣ རྒྱུན་དུ་སྤྱི་པའི་སྐུད་མེད་དྲ་བ་སྤྱོད་སྐབས། ལག་ཐོག་ཁ་པར་གྱི་དངུལ་ཁང་ཁ་ཕྱེ་རྒྱུ་མེད་ལ། དྲ་ཐོག་ནས་ཅ་ལག་དེ་བས་ཉོ་རྒྱུ་མེད། 

༤ རང་ཉིད་ཀྱི་ལག་ཐོག་ཁ་པར་གྱི་རང་འགུལ་གྱིས་སྐུད་མེད་དྲ་བ་བཙལ་ནས་སྦྲེལ་མཐུད་བྱེད་པའི་བཀོད་སྒྲིག་ཁ་འགོག་དགོས་པ་དང་། གལ་སྲིད་སྐུད་མེད་དྲ་བ་སྦྲེལ་སྐབས་བརྡ་ཁྱབ་ཐོན་ཚེ། འཕྲལ་དུ་ཁ་འགོག་དགོས་ལ། ཆ་རྒྱུས་མེད་པའི་སྦྲེལ་མཐུད་དེ་བས་གནན་རྒྱུ་མེད།

 

སྐུད་མེད་དྲ་བ་མང་པོ་ཡོད་རུང་། 

བདེ་འཇགས་ཨང་དང་པོར་འཇོགས་དགོས།

དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དྲག་ཏུ་བཏང་ནས། 

དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་དགོས།

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་བྱང་ཆིངས་མཚོ་དམག་བཀག་འགོག་བྱས།

ཨུ་རུ་སུས་ཕྱི་རྒྱལ་དང་མཉམ་དུ་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་ཀ་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་ལུགས་བསྟན།

中央广播电视总台 央广网 版权所有

སྐུད་མེད་དྲ་བ་གང་འདོད་དུ་སྦྲེལ་ན་ཉེན་ཁ་ཆེན་པོ་འདུག

ཉིན་ཞིག་ཕྱིར་ཁ་ལག་ཟ་སྐབས། ཁོང་གི་ལག་ཐོག་ཁ་པར་གྱིས་རང་འགུལ་ངང་གསང་གྲངས་མེད་པའི་སྐུད་མེད་དྲ་བ་ཞིག་སྦྲེལ་མཐུད་བྱས་པ་དང་། སྐུད་མེད་དྲ་བ་དེ་སྤྱོད་རིང་། ཁོང་གིས་རང་ཉིད་ཀྱི་ལག་ཐོག་ཁ་པར་དངུལ་ཁང་སྤྱོད་མྱོང་བས། ཉིན་གཉིས་པར་ཁོང་ལ་རང་ཉིད་ཀྱིས་འཛད་སྤྱོད་སྒོར་༣༠༠༠བྱས་པའི་འཕྲིན་ཐུང་ཞིག་འབྱོར་བ་དང་། དེའི་རྗེས་མུ་མཐུད་དུ་དངུལ་ཁང་བྱང་བུ་ནས་དངུལ་གཏོང་སྤྲོད་བྱས་པའི་ཆ་འཕྲིན་མང་པོ་འབྱོར་ཡོད་པ་རེད།