ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

འོ་མའི་ཐོན་རྫས་གྲཊ་ཅན་འདིའི་ནང་ཕྱུཊ་སྨན་ལྷག་རོ་ཡོད་པ་ཞིབ་བཤེར...

2023-11-15 17:17:00     责编:娜科

       ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་གྱིས་འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་སྤྱི་ཟླ་11ཚེས་11ཉིན་གྱི་གནས་ཚུལ་སྤེལ་བ་ལུང་དུ་དྲངས་ནས་བརྗོད་པ་ལྟར་ན། འཇར་པན་གྱི་འོ་མའི་ཐོན་རྫས་གྲགས་ཅན་མིང་ཀྲེ་འོ་མའི་་(明治牛奶)ནང་ཕྱུགས་སྨན་གྱི་ལྷག་རོ་ལུས་ཡོད་པ་བརྟག་དཔྱད་བྱུང་བའི་དབང་གིས། ཁྲོམ་རར་བཏོན་ཟིན་པའི་ཤེལ་དམ་ཁྲི་4.5ཚུར་བསྡུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

 

 

       གནས་ཚུལ་སྤེལ་བ་ལྟར་ན། ཕྱུགས་སྨན་དེའི་མིང་ལ་ཧོང་ཨན་ཅན་ཅཱ་དབྱང་རྨིས་ཏེན་(磺胺间甲氧嘧啶)ཟེར་ཞིང་། དེ་ནི་ཕྱུགས་ཟོག་གི་ནའགོས་ནད་སྔོན་འགོག་དང་སྨན་བཅོས་ཀྱི་སྨན་ཞིག་ཡིན། དངོས་རྫས་དེ་རིགས་འོ་མའི་ནང་ལྷག་ལུས་བྱེད་སྲིད་པ་མ་ཟད། མིའི་ལུས་ཁམས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པས། ཐོན་སྐྱེད་བདེ་འཇགས་ཀྱི་གཏན་འབེབས་ལྟར་ན། སྨན་དེ་འོ་མ་མ་བཞོ་གོང་གི་ཆུ་ཚོད་72ནང་ཚུན་དུ་སྲོག་ཆགས་ཀྱི་ཐོག་ཏུ་སྤྱོད་ཆོག་གི་མེད།

       ཕྱུག་སྨན་ལྷག་རོ་ཡོད་པའི་འོ་མ་ནི་མིང་ཀྲེའི་དཀར་ཆུའི་ལས་རིགས་ཀྱི་ཏ་པན་ཕུའུ་པེ་ཀྲུའུ་གྲོང་ཁྱེར་གྱི་ཀོན་ཤིས་བཟོ་གྲྭས་ཐོན་སྐྱེད་བྱས་པ་ཡིན་པ་དང་། གཙོ་བོ་ཁྱིམ་དུ་སྐྱེལ་བའི་དམ་བེ་ཧའོ་ཧྲེན་180ཅན་དེ་རིགས་ཡིན་པ་རེད། 

       ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་6ཉིན། ས་གནས་དེ་གའི་སྲིད་གཞུང་གིས་བཟོ་གྲྭ་ལ་ཞིབ་བཤེར་བྱེད་སྐབས་ཕྱུགས་སྨན་ལྷག་རོ་ལུས་ཡོད་པ་བརྟག་དཔྱད་བྱུང་ཞིང་། བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། མིང་ཀྲི་ཀུང་སིར་ཐོན་རྫས་གནད་དོན་ཅན་དེ་ཚུར་བསྡུ་བྱེད་དགོས་པའི་བཀའ་བཏང་བ་རེད།
 

 

       མིག་སྔའི་བར་ཐོན་རྫས་ཤེལ་དམ་ཁྲི་4.5ཙམ་ཚུར་བསྡུ་བྱས་ཡོད་པ་རེད། འོན་ཀྱང་ཐོན་རྫས་གནད་དོན་ཅན་དེ་དག་གི་སྤུས་ཚད་འགན་ལེན་དུས་ཡུན་སྤཡི་ཟླ་11ཚེས་13ཉིན་བར་ཡིན་པས། མིག་སྔར་ཐོན་རྫས་དེ་འཇར་པན་ནུབ་རྒྱུད་དང་དབུས་རྒྱུད་སོགས་ས་ཁུལ་མང་པོར་ཕྱིར་ཚོང་ཟིན་པ་རེད།

       སྤྱི་ཟླ་11པའི་ཚེས་11ཉིན། མིང་ཀྲི་དཀར་ཆུའི་ལས་རིགས་ཚོགས་པས་ཐོན་རྫས་ཕྱིར་སྡུད་ཀྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་མ་ཟད། མ་བཅོས་རྒྱུ་ཆའི་འོ་མ་དང་ཐོན་སྐྱེད་བརྒྱུད་རིམ་ལ་ཞིབ་བཤེར་མཐར་ཕྱིན་བྱས་ཏེ། དོན་རྐྱེན་དེ་རིགས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཀུང་སི་དེས་སྤྱི་བསྒྲགས་ནང་དུ་མིག་སྔར་ཧོང་ཨན་ཅན་ཅཱ་དབྱང་རྨིས་ཏེན་གྱིས་མི་ལུས་ལ་གནོད་འཚེ་མངོན་གསལ་ཡོད་པ་ར་སྤྲོད་ཐུབ་པའི་དཔང་རྟགས་མེད་ཅེས་བཤད་ཡོད།

       དྲ་གྲོགས་ཤིག་གིས། ད་ཚར་སོང་། བཏུང་བྱའི་ནང་ནས་དགའ་ཤོས་དེ་ཡིན་ཞེས་དང་། སླད་ཕྱིན་ཚོང་རྟགས་དེ་ཉོ་རྒྱུ་མིན་ཞེས་སོགས་བརྗོད་ཡོད་པ་རེད།
 

 

       རྒྱལ་ནང་གི་མིང་ཀྲི་དྲ་ལམ་ཚོང་ཁང་གཉིས་ཀྱི་ཞབས་ཞུ་བས། མིང་ཀྲི་ནི་འཇར་པན་གྱི་སྤུས་རྟགས་ཤིག་ཡིན་མོད། འོན་ཀྱང་དེའི་བྲིན་ཚོང་གི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆའི་ཡོང་ཁོངས་རྒྱལ་ནང་གི་འོ་མ་ཡིན་ཞེས་བཤད་པ་རེད། 

 

 

       དོ་སྣང་བྱེད་འོས་པ་ཞིག་ལ། འདི་ནི་འཇར་པན་མིང་ཀྲི་དཀར་ཆུའི་ལས་རིགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཡོད་པ་ཞིབ་བཤེར་བྱུང་ཐེངས་དང་པོ་མིན།

       ཀྲུང་དབྱང་རླུང་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། དེ་གོང་འཇར་པན་གྱི་མིང་ཀྲི་འོ་ཀྲིན་ལ་འགྱེད་འཕྲོའི་དངོས་རྫས་འདུས་ཡོད་པ་ཞིབ་བཤེར་བྱུང་། སྤྱི་ལོ་2011ལོའི་ཟླ་12པར། འཇར་པན་མིང་ཀྲི་འོ་ཀྲིན་ཀུང་སིས། ཀུང་སི་དེས་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ཁེ་850ཅན་གྱི་“མིང་ཀྲི་STEP”འོ་ཀྲིན་ནང་དུ་འགྱེད་འཕྲོ་རང་བཞིན་ལྡན་པའི་སེ་ཡོད་པ་དང་། པེ་ཁེ་ལེར/སྟོང་ཁེ་30.8ཟིན་པ་དང། ཀུང་སིས་འཇར་པན་ནས་འོ་ཀྲིན་དེ་རིགས་དམ་བི་ཁྲི་40ཚུར་བསྡུ་བྱས་ནས་རིན་མེད་དུ་བརྗེ་པོ་རྒྱག་ཆོག་པའི་ཁྱབ་བསྒྲགས་བྱས་པ་རེད། འོན་ཀྱང་རིན་མེད་དུ་བརྗེ་པོ་རྒྱག་ཆོག་པའི་འཆར་གཞིའི་ནང་དུ་ཀྲུང་གོའི་ཁྲོམ་ར་ཚུད་མེད་པ་རེད། མིང་ཀྲེའི་དཀར་ཆུའི་ལས་རིགས་ཀྱི་ཀྲུང་གོའི་ཀུང་སིས། རྒྱལ་ནང་དུ་བཙོངས་པའི་མིང་ཀྲི་འོ་ཀྲིན་ཚང་མ་ཨོ་སི་ཁྲུ་ལི་ཡས་ཐོན་སྐྱེད་བྱས་པ་དང་། འཇར་པན་གྱི་དཀར་ཆུའི་འབྱུང་ཁུངས་དང་འབྲེལ་བ་གང་ཡང་མེད་ཅེས་བཤད་པ་རེད།

       སྐབས་དེ་ནི། ཉིང་གློག་ས་ཚིགས་ཀྱི་དོན་རྐྱེན་བྱུང་རྗེས་ཐོག་མར་འོ་ཀྲིན་ཁྲོད་དུ་སེ་འདུས་ཡོད་པ་ཞིབ་དཔྱད་བྱུང་བ་དང་། སེའེ་ཡི་འདུས་ཚད་དེ་འཇར་པན་དབང་འཛིན་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་མེད་མོད། འོན་ཀྱང་དེས་རྒྱལ་ནང་གི་འཛད་སྤྱོད་པས་འཇར་པན་གྱི་བཟའ་བཅའི་ཐད་འཛིན་པའི་ཡིད་་ཆེས་ཆེས་ཆེར་ཇེ་ཆུང་དུ་ཕྱིན་པ་དང་། ཤུགས་རྐྱེན་དེའི་དབང་གིས། མིང་ཀྲི་དཀར་ཆུའི་ལས་རིགས་ཀྱི་ཁྲོམ་རའི་བཟུང་ཚད་ཆེས་ཆེར་ཆག་ཡོད་པ་རེད།

 

 

       སྤྱི་ལོ་2023ལོའི་ཟླ་5པར། མིང་ཀྲི་མ་རྐང་ཚོད་འཛིན་གྱིས་སྤྱི་ལོ་2023ལོའི་ཟླ་3པའི་ནོར་སྲིད་ལོ་འཁོར་གྱི་ཡོང་སྒོ་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་ཀྲུང་གོའི་ལས་སྒོའི་ཡོང་འབབ་འཇར་སྒོར་དུང་ཕྱུར་214(མི་དམངས་ཤོག་སྒོར་དུང་ཕྱུར་11ཙམ་)ཟིན་པ་དང་། དེ་མི་དམངས་ཤོག་སྒོར་གྱི་ཐོག་ནས་རྩིས་ན་དུས་མཚུངས་ལས་2%འཕར་ཡོད་པ་རེད། སྤྱི་ལོ་2021ལོ་ནས་བཟུང་མིང་ཀྲི་ཡིས་ཀྲུང་གོའི་ཁྲོམ་རར་མ་གཏོང་གི་ཤུགས་ཚད་ཇེ་ཆེ་རུ་བཏང་ཡོད། མིང་ཀྲི་ཀུང་སིས་སྔོན་དཔག་བྱས་ན་ནོར་སྲིད་ལོ་འཁོར་གསར་པའི་ནང་། ཀྲུང་གོར་བྲིན་ཚོང་བྱས་པའི་ཡོང་འབབ་36%སྟེ་འཇར་པན་གྱི་སྒོར་མོ་དུང་ཕྱུར་298(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་15.38ཙམ་)འཕར་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག
ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

འོ་མའི་ཐོན་རྫས་གྲཊ་ཅན་འདིའི་ནང་ཕྱུཊ་སྨན་ལྷག་རོ་ཡོད་པ་ཞིབ་བཤེར...

སྤྱི་ལོ་2023ལོའི་ཟླ་5པར། མིང་ཀྲི་མ་རྐང་ཚོད་འཛིན་གྱིས་སྤྱི་ལོ་2023ལོའི་ཟླ་3པའི་ནོར་སྲིད་ལོ་འཁོར་གྱི་ཡོང་སྒོ་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་ཀྲུང་གོའི་ལས་སྒོའི་ཡོང་འབབ་འཇར་སྒོར་དུང་ཕྱུར