ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གཟུགས་པོའི་བརྟག་དཔྱད་གནང་དུས་འདི་དག་ལ་དོ་སྣང་གནང་དགོས་འདུག

2023-11-15 17:16:00     责编:娜科

       དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་གནང་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། མིག་སྔ་ནི་མི་མང་པོས་གཟུགས་པོར་བརྟག་དཔྱད་གནང་བའི་དུས་ཚོད་རེད། འོ་ན། གཟུགས་པོར་བརྟག་དཔྱད་གནང་སྐབས་གྲ་སྒྲིག་གནང་དགོས་པའམ་ཡང་ན་དོ་སྣང་གནང་དགོས་པ་གང་དག་ཡོད་དམ་ཞེ་ན། 

 

 

       སྨན་དོན་མི་སྣས། གཟུགས་པོར་བརྟག་དཔྱད་བྱེད་པ་དེ་ནི་གཟུགས་པོའི་བདེ་ཐང་གི་གནས་ཚུལ་དངོས་ཤེས་རྟོགས་ཐུབ་པའི་ཆེད་དུ་རེད། གཟུགས་པོར་བརྟག་དཔྱད་མ་གནང་གོང་གི་གཟའ་འཁོར་གཅིག་ནས་གཉིས་བར། རང་ཉིད་ཀྱི་འཚོ་བའི་གོམས་གཤིས་ལ་དམིགས་སུ་བཀར་ནས་འགྱུར་བ་གཏོང་དགོས་མེད། གལ་སྲིད། འཚོ་བའི་གོམས་གཤིས་ལ་འགྱུར་བ་བཏང་ནས་གཟུགས་པོར་བརྟག་དཔྱད་གནང་བ་ཡིན་ན། བརྟག་དཔྱད་བྱས་འབྲས་དེ་ཡང་མིག་སྔའི་གནས་ཚུལ་མཚོན་ཚུལ་ཙམ་ལས་གཟུགས་པོའི་རྒྱུན་གཏན་གྱི་བདེ་ཐང་གནས་ཚུལ་དངོས་ཡིན་མི་སྲིད། གཟུགས་པོའི་བརྟག་དཔྱད་མ་གནང་བའི་ཉིན་གཉིས་ནས་གསུམ་གོང་དུ་བཟའ་འཐུང་ཐད་ཞག་ཚི་ཉུང་ཙམ་དང་། ཆང་རག་མི་འཐུང་བ་དང་ཐ་མག་མི་འཐེན་པ། ངལ་གསོ་ཡག་པོ་རྒྱག་པ། མཚན་འཁྱོངས་མི་གནང་བ་སོགས་གནང་དགོས་པ་དང་། ལྷག་པར་དུ་གཟུགས་པོའི་བརྟག་དཔྱད་མ་གནང་གོང་གི་ཉིན་དེར་ལུས་རྩལ་ཚད་ལས་འདས་པ་དང་ངལ་རྩོལ་ཚད་ལས་འདས་པ་གནང་རྒྱུ་མེད། ད་དུང་ཉིན་དེའི་དགོང་མོའི་ཆུ་ཚོད་བཅུ་པ་ནས་ཕྱི་ཉིན་མཐོ་རེངས་བར་དུ་ཟ་མ་མཆོད་གནང་རྒྱུ་མེད་ལ། ཆུ་ཡང་མང་པོ་འཐུང་གནང་རྒྱུ་མེད། ཁྲག་ཤེད་མཐོ་བའི་ནད་པ་དང་སྙིང་ནད་ཡོད་པའི་ནད་པ་སོགས་ཀྱིས་རྒྱུན་གཏན་ལྟར་སྨན་མཆོད་ན་འགྲིག་གི་ཡོད། གཞན་ཡང་། གཟུགས་པོའི་བརྟག་དཔྱད་བྱེད་པའི་རྣམ་གྲངས་ཁ་ཤས་ལ་འཛེམ་བྱ་ཡོད་པས་སྔོན་ནས་མཁྱེན་རྟོགས་གནང་དགོས། དཔེར་ན། ཕྲུ་གུར་འོ་མ་སྟེར་བཞིན་པའི་བུད་མེད་དང་། ཕྲུ་གུ་བཙའ་གྲབས་ཡོད་པའི་བུད་མེད་ཀྱིས་འགྱེ་འཕྲོ་བའི་རང་བཞིན་གྱི་བརྟག་དཔྱད་གནང་རྒྱུ་མེད་ལ། ཟླ་མཚན་སླེབས་པའི་བུད་མེད་ཀྱིས་གཅིན་པའི་མ་དཔེ་འཇོག་པ་དང་མོ་ནད་བརྟག་དཔྱད་སོགས་ཀྱང་གནང་རྒྱུ་མེད་པའི་དྲན་སྐུལ་ཞུས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན། བསྟན་འཛིན་དབང་ཕྱུག

ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

གཟུགས་པོའི་བརྟག་དཔྱད་གནང་དུས་འདི་དག་ལ་དོ་སྣང་གནང་དགོས་འདུག

སྨན་དོན་མི་སྣས། གཟུགས་པོར་བརྟག་དཔྱད་བྱེད་པ་དེ་ནི་གཟུགས་པོའི་བདེ་ཐང་གི་གནས་ཚུལ་དངོས་ཤེས་རྟོགས་ཐུབ་པའི་ཆེད་དུ་རེད།