ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

2024ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་དུས་གཅིག་ཏུ་འཁེལ་བ།

2023-11-09 15:39:00     责编:娜科

 


       2024ལོའི་བོད་ཀྱི་ལོ་གསར་ཏེ་རྒྱལ་པོ་ལོ་གསར་གྱི་ཚེས་གཅིག་དང་ལུགས་རྙིང་ལོའི་ལོ་གསར་གྱི་ཚེས་གཅིག་གཉིས་ཀ་2024ལོའི་ཟླ་བ་2པའི་ཚེས་10ཉིན་ལ་འཁེལ་འདུག

       རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་པའི་བརྡ་ཐོ་གཞིར་བཟུང་། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ནི་ཟླ་2ཚེས་10ནས་ཚེས་17ཉིན་བར་ཡིན་པ་དང་། ཁྱོན་ངལ་གསོ་ཉིན་8ཡོད།

       གཞན་ཡང་། བོད་ལྗོངས་གནམ་རིག་སྐར་རྩིས་སློབ་ཚོགས་ཀྱི་དྲུང་ཆེ་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་བོད་ཟླ་12པའི་ཚེས་29ཉིན་ཆད་ཡོད་པ་དང་། གོམས་སྲོལ་ལྟར་ན་དགུ་ཐུག་དེ་བོད་ཟླ་12པའི་ཚེས་30ཉིན་ལ་ནར་འགྱངས་བྱ་རྒྱུ་ཡིན་པ་དང་། དེ་ཡང་ཏག་ཏག་ལུགས་རྙིང་ལོའི་ཟླ་12པའི་ཚེས་30ཉིན་གྱི་གནམ་གང་ཉིན་མོ་དང་དུས་གཅིག་ཏུ་འཁེལ་ཡོད།
 

 

       བོད་ཀྱི་ས་གནས་ཁག་གིས་ཡོངས་ཁྱབ་ངང་དགའ་གཏོང་བྱེད་པའི་རྒྱལ་པོ་ལོ་གསར་ཕུད། “ལོ་གསར་སྔ་ཤོས”ཞེས་སུ་གྲགས་པའི་ཀོང་པོའི་ལོ་གསར་ནི་བོད་ཟླ་10པའི་ཚེས་1ཉིན་ཏེ་སྤྱི་ལོ་2023ལོའི་ཟླ་11པའི་ཚེས་14ཉིན་ཡིན།
 

 

       མངའ་རིས་སྤུ་ཧྲེང་སོགས་ཀྱིས་དགའ་གཏོང་བྱེད་པའི་སྤུ་ཧྲེང་ལོ་གསར་ནི་བོད་ཟླ་11པའི་ཚེས་1ཉིན་ཏེ་སྤྱི་ལོ་2023ལོའི་ཟླ་12པའི་ཚེས་13ཉིན་ཡིན།

       གཞིས་རྩེ་སོགས་ནས་དགའ་གཏོང་བྱེད་བཞིན་པའི་སོ་ནམ་ལོ་གསར་ནི་བོད་ཟླ་12པའི་ཚེས་1ཉིན་ཏེ་སྤྱི་ལོ་2024ལོའི་ཟླ་1པོའི་ཚེས་12ཉིན་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། བདེ་གཡང་།

འཛམ་གླིང་སྐར་ཁུངས།

གནའ་དངུལ་མང་པོ་རྙེད་འདུག

དབྱི་ཐ་ལིའི་རིག་གནས་པུའུ་ཡིས་གསལ་བསྒྲགས་ནང་། “སྒོར་མོ་ཚང་མ་ཉར་ཚགས་ཧ་ཅང་ཡག་པོ་བྱས་འདུག”ཅེས་བཤད། རིག་གནས་པུའི་རིགས་གཅིག་མཁས་ཅན་གྱིས་ཚོད་དཔག་བྱས་པར་གཞིགས་ན། གནའ་དངུལ་དེ་དག་ཪྙེད་སའི་ཉེ་འཁོར་ཏུ་བྱིང་གྲུའི་ཆག་རོ་རྙེད་ཤས་ཆེ་ཟེར།

中央广播电视总台 央广网 版权所有

2024ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་དུས་གཅིག་ཏུ་འཁེལ་བ།

མངའ་རིས་སྤུ་ཧྲེང་སོགས་ཀྱིས་དགའ་གཏོང་བྱེད་པའི་སྤུ་ཧྲེང་ལོ་གསར་ནི་བོད་ཟླ་11པའི་ཚེས་1ཉིན་ཏེ་སྤྱི་ལོ་2023ལོའི་ཟླ་12པའི་ཚེས་13ཉིན་ཡིན།