ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

2023-11-09 15:39:00     责编:娜科

སྤྱི་ཟླ་11པའི་ཚེས་5ཉིན་གྱི་ཕྱི་དྲོའི་བར། རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ཁྲོད་ཕྱོགས་གཉིས་པོའི་མི་11000ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་གྱི་ས་ངོས་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པར་བརྗོད་ཅིང་། ཕ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་རལ་དམག་དཔུང་དང་མུ་མཐུད་དམག་འཐབ་བྱ་རྒྱུ་དང་འབྲེལ་དབྱི་སི་རལ་དམག་དཔུང་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

 

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་མང་པོས་ཟླ་སྤྱི་ཟླ་11པའི་ཚེས་2ཉིན་ཀ་ཧྲ་ས་ཁུལ་དུ་མི་ཆོས་རྩ་བ་ནས་མེད་པར་འགྱུར་བཞིན་ཡོད་ཅེས་ཐ་ཚིག་བསྒྲགས་པ་དང་འབྲེལ། མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཕྲལ་མར་བཞག་ནས་རོགས་སྐྱོར་དངོས་ཟོག་དུས་ཐོག་ཏུ་ཀ་ཧྲ་ས་ཁུལ་དུ་འབྱོར་བར་འགན་ལེན་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད། 

 

དབྱི་སི་རལ་གྱི་ཙུང་ལིས་ཧ་མ་སིས་བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་སྣ་གློད་གྲོལ་མ་བཏང་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་བཤད་པ།

 

 

《དབྱི་སི་རལ་སྐབས་དོན་ཚགས་པར》ཐོག་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་5ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱི་མཁའ་དམག་རྟེན་གཞིར་ལྟ་སྐོར་བྱེད་སྐབས་བསྐྱར་དུ་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་སྣ་གློད་གྲོལ་མ་བཏང་ན།  དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་མི་སྲིད་ཅེས་བརྗོད་ཡོད། 

 

 

ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་སྔ་ཙམ་ལ་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་དང་ཐུག་འཕྲད་བྱེད་སྐབས་ངེས་པར་དུ་འཕྲལ་མར་དམག་མཚམས་འཇོག་དགོས་པ་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཀ་ཧྲ་ས་ཁུལ་དུ་བསྐྱོད་ཆོག་པར་བྱེད་དགོས་ཞེས་བརྗོད་ཡོད།

 

 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་འཇགས་ལྡན་པའི་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་བསྐྲུན་རྒྱུའི་རེ་འབོད་བྱས་པ།

སྤྱི་ཚེས་2ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀ་ཧྲ་གྲོང་དང་ཀ་ཧྲའི་བྱང་རྒྱུད་ཀྱི་སྨན་ཁང་23སྒོ་དགོས་པའི་བླང་བྱ་བཏོན་ཡོད་མོད། འོན་ཀྱང་བཙན་ཤེད་ཀྱིས་སྒོ་བརྒྱབ་ན་ནད་པའི་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད་ཅེས་བརྗོད་པ་དང་།  ཀ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ཐོག་ནས་དམག་མཚམས་བཞག་སྟེ་རྨས་མ་དང་ནད་པ་སྟོང་ཕྲག་གི་ཚེ་སྲོག་སྐྱོབ་རྒྱུའི་རེ་འབོད་སླར་ཡང་བྱས་འདུག


 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀ་ཧྲ་ས་ཁུལ་དུ་བདེ་འཇགས་ལྡན་པའི་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་བསྐྲུན་ནས་ཀ་ཧྲ་ས་ཁུལ་ལ་རོགས་སྐྱོར་དངོས་རྫས་སྔར་བས་མང་བ་མཁོ་འདོན་བྱས་ནས་མིག་སྔའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུའི་རེ་འབོད་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀ་ཧྲ་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་དང་དེའི་ལས་དོན་མི་སྣ། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ལས་དོན་མི་སྣའི་བདེ་འཇགས་འགན་ལེན་བྱ་རྒྱུའི་རེ་འབོད་ཀྱང་བྱས་ཡོད། 

 

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་རྣམས་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བརྗོད་པ། 

 

 

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་། གསལ་བསྒྲགས་ནང་ཀ་ཧྲ་ས་ཁུལ་གྱི་བྱིས་པ་རྣམས་ཧ་ལས་དགོས་པའི་མྱུར་ཚད་ཐོག་ནས་རྐྱེན་ལམ་དུ་ཤོར་བཞིན་ཡོད་པ་དང་། བྱིས་པ་དེ་དག་གི་གཞི་རྩའི་དབང་ཆ་མེད་པར་གྱུར་ཡོད་ཅེས་དང་།  རྒྱུན་ཆད་མེད་པར་ཛ་དྲག་ཏུ་འགྱུར་བཞིན་པའི་དྲག་ཤུགས་ཀྱིས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་། འབྱུང་འགྱུར་མི་རབས་ཁ་ཤས་ཀྱིས་སྤྱི་ཚོགས་ལ་གཏོར་བཤིག་ཕོག་པའི་འབྲས་ངན་དེ་མྱོང་དགོས། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལྟར། ངེས་པར་དུ་སྨན་ཁང་དང་སློབ་གྲྭར་འཇབ་རྒོལ་མི་ཕོག་པ་བྱེད་དགོས་པ་དང་། ངེས་པར་དུ་མི་སེར་དང་ལྷག་པར་དུ་བྱིས་པར་གདོང་ཐུག་གི་གནོད་འཚེ་མི་ཕོག་པ་བྱེད་དགོས་ཞེས་བསྟན་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། སྒྲོལ་མ་མཚོ། 

འཛམ་གླིང་སྐར་ཁུངས།

ཨུ་རུ་སུའི་གྲུ་གཟིངས་བཟོ་གྲྭར་འཕུར་མདེལ་གྱི་འཇབ་རྒོལ་ཕོག་འདུག

སྤྱི་ཚེས་4ཉིན་ཡུག་རེན་མཁའ་དམག་གི་མགྲིན་ཚབ་པ་དབྱི་ཀེ་ན་ཐེས་ཡུག་རེན་གྱི་བརྙན་འཕྲིན་ལེ་ཚན་ཞིག་ནང་། ཡུག་རེན་དམག་དཔུང་གིས་གཏོར་བ་དེ་ནི་ཨུ་རུ་སུའི་ཧེ་ཧའེ་དམག་གྲུ་རུ་ཁག་གི་རྣམ་པ་གསར་ཤོས་ཀྱི་

中央广播电视总台 央广网 版权所有

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།