ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

མགྱོགས་པོ་གཟིགས་པར་ཕེབས་དང་། མིག་གི་ལོངས་སྤྱོད་རང་རེད་འདུག

2023-11-18 17:22:00     责编:娜科

   

    ཚེས་ 15 ཉིན་གྱི་སྔ་དྲོར། “ས་མཐོ ཡུལ་ཁམས —— བོད་ལྗོངས་མཛེས་རྩལ་ཁང་སྒོ་འབྱེད་པའི་འགྲེམས་སྟོན”ལྷ་སར་འཚོགས་པ་རེད།

 

 

 

    བོད་ལྗོངས་མཛེས་རྩལ་ཁང་ཇུས་འགོད་བྱེད་སྐབས་བོད་པའི་ལྡེ་མིག་ལྟ་བུའི་བཟོ་དབྱིབས་ཤིག་བཟོས་ཡོད་པས། མཁའ་དབྱིངས་ནས་བལྟས་ཚེ་ལྡེ་མིག་ཞིག་དང་གཉིས་སུ་མ་མཆིས།  

 

 

འགྲེམས་ཁང་ནང་ཡན་ལག་འགྲེམས་སྟོན་ཁང་བཞི་བཀོད་སྒྲིག་བྱས་ཡོད་པ་སྟེ། 

 

བོད་ལྗོངས་བརྗོད་གཞིར་བཟུང་པའི་དེང་རབས་མཛེས་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན།

 

 

 

 

 

 

 

རྒྱུན་འཛིན་དང་གསར་གཏོད་ཀྱི་ཐང་ག་རྩེ་གྲ་འགྲེམས་སྟོན།

 

 

 

 

 

མཛེས་ཤིང་ལྟ་ན་སྡུག་པའི་འཇིམ་བརྐོས་འགྲེམས་སྟོན།

 

 

 

 

 

 

 

 

གྲངས་འཛིན་སྒྱུ་རྩལ་འགྲེམས་སྟོན།

    འགྲེམས་ཁང་ནང་ཝུའུ་ཙུའོ་རེན་དང་། ལི་ཁོ་རན། ཏུང་ཤིས་ཝུན། ཁྲེན་ཏན་ཆིང་། ཧན་ཧྲུའུ་ལི། ཨ་མདོ་བྱམས་པ། ཡེ་ཤེས་ཤེས་རབ། བསྟན་པ་རབ་བསྟན་སོགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེ་བའི་རི་མོ་མཁས་ཅན་གྱི་བརྩམས་ཆོས་300ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།  

    བོད་ལྗོངས་མཛེས་རྩལ་ཁང་བསྐྲུན་པ་དེས་བོད་དུ་ཞིང་ཆེན་རིམ་པའི་མཛེས་རྩལ་ཁང་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད།

    

 

 

 

 

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཛེས་རྩལ་ཁང་དེ་ལྷ་སའི་ཨར་འདམ་བཟོ་གྲྭའི་རྗེས་ཤུལ་ཐོག་སྒྱུར་བཀོད་བྱས་ནས་སྐྲུན་པ་ཞིག་ཡིན་པ་དང་བཟོ་ལས་ཀྱི་གཞི་རྒྱུ་མཛེས་རྩལ་ཁང་གི་ཇུས་འགོད་དང་མཉམ་འདྲེས་བྱས་ཏེ། སྔར་གྱི་རྣམ་པ་རང་སོར་འཇོག་པའི་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་བཟོ་ལས་རིག་གནས་དང་གསར་བརྗེའི་དྲན་ཤེས་མངོན་པར་བྱས་ཡོད་ཅིང་། དེ་ནི་ཀྲུང་གོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་མཛེས་རྩལ་ཁང་གི་ཁྱབ་ཁོངས་ནང་བཟོ་ལས་ཤུལ་བཞག་སྒྱུར་བཀོད་བྱས་ནས་བསྐྲུན་པའི་མཛེས་རྩལ་ཁང་འབའ་ཞིག་དེ་རེད།

 

 

 

 

 

 

      ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་ 11 ཚེས་ 17 ཉིན་བར་བྱ་རྒྱུ་རེད་འདུག་པས་དེའི་རིང་ལྷན་རྒྱས་ཀྱིས་ཁོམ་པ་བཙལ་ནས་གཟིགས་པར་ཕེབས་དང་། ངོ་མ་མིག་གི་ལོངས་སྤྱོད་རང་རེད་འདུག 

འཛམ་གླིང་སྐར་ཁུངས།

ཕ་ལམ་གྱི་རིན་གོང་35%ཆག་པས་ལོ་རྒྱུས་ཐོག་བྱ་ཐབས་འདི་འདྲ་བཟུང་བ།

ཏོག་གསར་རིམས་ནད་ཐོན་རིང་། གོ་ལ་ཧྲིལ་པོའི་ཕ་ལམ་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར་ནས་འཛད་སྤྱོད་པ་མི་ཉུང་བ་ཞིག་གིས་དྲ་ཐོག་ནས་རིན་པོ་ཆེའི་རྒྱན་ཆ་དང་རྒྱས་སྤྲོས་དངོས་རྫས་གཞན་དག་ཉོ་གི་ཡོད་མོད།

中央广播电视总台 央广网 版权所有

མགྱོགས་པོ་གཟིགས་པར་ཕེབས་དང་། མིག་གི་ལོངས་སྤྱོད་རང་རེད་འདུག

ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་ 11 ཚེས་ 17 ཉིན་བར་བྱ་རྒྱུ་རེད་འདུག་པས་དེའི་རིང་ལྷན་རྒྱས་ཀྱིས་ཁོམ་པ་བཙལ་ནས་གཟིགས་པར་ཕེབས་དང་། ངོ་མ་མིག་གི་ལོངས་སྤྱོད་རང་རེད་འདུག