ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁ་ལག་ཚ་དྲགས་ན་ཡང་གནོད་སྐྱོན་ཆེན་པོ་འདི་འདྲ་འདུག

2023-11-18 17:25:00     责编:娜科

 

    ཆུང་དུས་ནས་ཕ་མས་ང་ཚོར“ལྟོ་ཚ་ཐོག་ལ་ཟོ”“ཆུ་ཚ་པོ་མང་ཙམ་འཐུང”ཞེས་ཡང་སེ་བརྗོད་ཀྱི་ཡོད། གནམ་གཤིས་གྲང་དུ་འགྲོ་བ་དང་སྦྲགས། མི་མང་པོས་རླངས་པ་འཚུབ་འཚུབ་ཀྱི་ཟས་ལ་དེ་བས་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་ཞིབ་འཇུག་བྱས་འབྲས་ཞིག་ཏུ། ལྟོ་ཆས་ཚ་དྲགས་ན་མིད་པའི་སྐྲན་ནད་ཕོག་པའི་ཉེན་ཁ་ཡོད་ཚུལ་འཁོད་ཡོད། 

 

 

    ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་དུ་མིད་པའི་སྐྲན་ནད་ཕོག་མཁན་དང་འཆི་མཁན་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། སྐྱེས་པར་མིད་པའི་སྐྲན་ནད་ཕོག་ཚད་དང་འཆི་ཚད་བུད་མེད་ལས་མང་བ་དང་གྲོང་གསེབ་ཏུ་གྲོང་ཁྱེར་ལས་ཕོག་མཁན་མང་བ་ཡོད། སྤྱིར་ན།  ལོ་45ནས་80བར་གྱི་མིར་ཕོག་མང་ཤོས་ཡིན་པ་རེད། དེའི་རྒྱུ་མཚན་ནི་བཟའ་བཏུང་གི་གོམས་གཤིས་ཡག་པོ་མེད་པ། དཔེར་ན། ཚ་དྲགས་པ་དང་། རྩིང་དྲགས་པ། ཧམ་སྤུ་བརྒྱབ་པའི་ཟས་ཟ་བའམ་ཡང་ན། རྒྱུན་རིང་པོ་ཐ་མག་འཐེན་པ་སོགས་བྱས་ན་མིད་པའི་སྐྲན་ནད་ཕོག་ཉེན་ཆེན་པོ་ཡོད།

 

 

    རྒྱུན་རིང་པོ་ཚ་དྲགས་པའི་ཁ་ལག་བཟས་ན། མིད་པའི་སྐྲན་ནད་ཀྱི་རྒྱུར་འགྱུར་གྱི་ཡོད། རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་སྒྲིག་གཞིས(IARC)དཔྱད་ཞིབ་བྱས་པ་བརྒྱུད། ཧྲེ་ཧྲི་ཏུའུ་65ཡན་གྱི་བཏུང་བྱ་ནི་A2རིགས་ཀྱི་སྐྲན་ནད་ཆགས་པའི་རྒྱུ་ཡིན་པས་སྐྲན་ནད་ཕོག་ཉེན་ཆེན་པོ་ཡོད།

 

 

    མིད་པའི་སྐྱི་ལྤགས་ཧ་ཅང་སྲབ་པོ་ཡོད་པས། ཧྲེ་ཧྲི་ཏུའུ་50ཙམ་གྱི་དྲོད་ཚད་ལས་བརྒལ་མི་རུང་། གལ་སྲིད་རྒྱུན་དུ་ཆུ་ཁོལ་མ་ཁོལ་རྐྱང་འཐུང་བ་དང་། ཁ་ཚ་བའི་ཟས་རིགས་བཟའ་བ། ཐ་མག་མང་པོ་འཐེན་པ། ཆང་རག་བག་མེད་དུ་འཐུང་བ་སོགས་བྱས་ན། མིད་པའི་སྐྱི་ལྤགས་ལ་གནོད་ནས་རིམ་བཞིན་མིད་པའི་སྐྲན་ནད་ཕོག་ཉེན་ཡོད། དེར་བརྟེན། གཤམ་གྱི་དོན་ཚན་བཞི་པོར་དོ་སྣང་བྱེད་དགོས་པ་སྟེ།

དང་པོ། ཁ་ལག་ཟ་དུས་མགྱོགས་དྲགས་རྒྱུ་མེད་ལ་ཚའང་དྲགས་རྒྱུ་མེད།

གཉིས་པ། བསྙལ་བའི་ཟས་རིགས་དང་། བསྲེགས་ཟས། དུ་བཀག་བཏང་བའི་ཟས་རིགས། སྣུམ་ཟས་སོགས་ཉུང་ཙམ་ཟ་དགོས།

གསུམ་པ། ཀྭ་རིགས་དང་ཤིང་ཏོག་དང་སྔོ་ཚལ་སོས་པ་མང་ཙམ་བཟས་ནས། ཚད་ཉུང་གཞི་རྒྱུ(微量元素)དོ་སྙོམས་ཡོང་བ་བྱེད་དགོས།

བཞི་པ། གལ་སྲིད་བདེ་པོ་མེད་ཚེ། དུས་ཐོག་ཏུ་མིད་པ་དང་ཕོ་བར་བརྟག་དཔྱད་བྱེད་དགོས།

འཚོ་བའི་རྒྱུན་ཤེས།

ཁ་ལག་ཚ་དྲགས་ན་ཡང་གནོད་སྐྱོན་ཆེན་པོ་འདི་འདྲ་འདུག

央广网

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་བྱང་ཆིངས་མཚོ་དམག་བཀག་འགོག་བྱས།

ཨུ་རུ་སུས་ཕྱི་རྒྱལ་དང་མཉམ་དུ་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་ཀ་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་ལུགས་བསྟན།

中央广播电视总台 央广网 版权所有

ཁ་ལག་ཚ་དྲགས་ན་ཡང་གནོད་སྐྱོན་ཆེན་པོ་འདི་འདྲ་འདུག

རྒྱུན་རིང་པོ་ཚ་དྲགས་པའི་ཁ་ལག་བཟས་ན། མིད་པའི་སྐྲན་ནད་ཀྱི་རྒྱུར་འགྱུར་གྱི་ཡོད། རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་སྒྲིག་གཞིས(IARC)དཔྱད་ཞིབ་བྱས་པ་བརྒྱུད། ཧྲེ་ཧྲི་ཏུའུ་65ཡན་གྱི་བཏུང་བྱ་ནི་A2རིགས་ཀྱི་སྐྲན་ནད་ཆགས་པའི་རྒྱུ་ཡིན་པས་སྐྲན་ནད་ཕོག་ཉེན་ཆེན་པོ་ཡོད།