ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

བྱང་བུ་འདིའི་རིགས་རྙེད་ཚེ་མྱུར་དུ་མེད་པ་བཟོ་དགོས།

2023-11-25 16:05:00     责编:娜科

ཉིན་འདི་དག་རིང་།  ས་གནས་ཁག་ནས་བྱང་བུ་འདི་འདྲ་ཞིག་རྙེད་ཀྱི་ཡོད།  པར་ལེན་དང་མཛེས་བཟོ་གང་གི་ཆ་ནས་བལྟས་རུང་མཛེས་ཤིང་སྤུས་དག་པ་ཞིག་རེད། 

 

 

མིའི་ཡིད་དབང་འཕྲོག་ཤོས་ནི། བྱང་བུའི་སྟེང་ལག་ཐོགས་ཆུ་ཚོད་ཁ་པར་བརྗེ་བའི་བྱང་བུ་ཞེས་བྲིས་འདུག་པ་དང་། མདུན་ངོས་སུ་ད་དུང་ལག་ཐོགས་ཆུ་ཚོད་ཁ་པར་གྱི་པར་རིས་བཀོད་པ་མ་ཟད། བདེ་འཇགས་སྲུང་སྐྱོང་དང་། སྒོར་300ཞེས་པ་སོགས་ཀྱི་ཡི་གེ་བྲིས་ཡོད་པ་དེ་རེད། དེ་སློབ་གྲོགས་ཆུང་ཆུང་ཚོར་མཚོན་ན། སླུ་བྲིད་ཀྱི་ནུས་པ་ཆེན་པོ་ལྡན། 

དེ་ནས། བྱང་བུའི་རྒྱབ་ངོས་སུ་བལྟས་ཚེ། 

 

 

བྱང་བུའི་རྒྱབ་ངོས་སུ་བཀོལ་སྤྱོད་བྱེད་སྟངས་དང་གོ་ཆོད་དུས་བཀག་ཡོད་པ་མ་ཟད། ད་དུང་ཆེད་མངགས་གསལ་བཤད་བྱས་ཡོད་པ་ཞིག་ནི་ཀྲུང་གོའི་སྒུལ་བདེའི་བྱིས་པའི་ལག་ཐོགས་ཆུ་ཚོད་ཀྱི་ཁ་པར་བྱང་བུ་ཞེས་བྲིས་ཏེ། ཀྲུང་གོའི་སྒུལ་བདེའི་མིང་ཐོག་ནས། བྱང་བུ་དེའི་ཡིད་རྟོན་ཇེ་ཆེར་བཏང་ཡོད། ཕྱི་ཚུལ་ནས་བལྟས་ན་ཧ་ཅང་ཡིད་ཆེས་བྱ་ཆོག་པ་ཞིག་རེད།

གནད་འགག་ཆེ་ཤོས་ནི་དེའི་སྟེང་ད་དུང་རྩ་གཉིས་ཨང་རྟགས་ཡོད་པ་མ་ཟད། སྐད་འཕྲིན་གྱིས་རྩ་གཉིས་ཨང་རྟགས་བཤེར་ནས་བརྗེ་དགོས་ཞེས་འཁོད་འདུག གལ་ཏེ་ཨང་རྟགས་བཤེར་ནས་བརྗེ་འགྲུལ་གྱི་འབྲེལ་ཡོད་ཆ་འཕྲིན་བྲིས་ཚེ། གོ་རིམ་རེ་རེ་བཞིན་མགོ་སྐོར་གཏོང་མཁན་གྱི་གཡོ་འོག་ཏུ་ཚུད་འགྲོ དཔེར་ན། ཆུ་ཚོད་དགོས་འདོད་ན་ཚོགས་པ་དེའི་ནང་ཞུགས་དགོས་པ་དང་། དངོས་པོ་ཉོ་བ། ལས་འགན་སྒྲུབ་པ་སོགས་བྱེད་དགོས་པ་དེ་རེད།  

མཇུག་མཐར། རང་གི་རྒྱུ་ནོར་གཡོ་ལེན་བྱེད་འགྲོ་གི་ཡོད།  འདི་ནི་གནམ་ནས་ཟགས་པའི་བྱང་བུ་ཞིག་མ་ཡིན་པར་མགོ་སྐོར་གཏོང་བའི་བྱང་བུ་འབའ་ཞིག་རེད། 

 

 

ཉིན་ཤས་གོང་། ས་ཆ་མང་པོའི་ཉེན་རྟོག་པས་ཀྱང་ཀྲུང་གོའི་སྒུལ་བདེའི་ཀུང་སིར་སོང་ནས་བདེན་མིན་ཞིབ་དཔྱད་བྱས་པ་ན། ཉེ་ལམ་ཀྲུང་གོ་སྒུལ་བདེ་ཀུང་སིས་བྱེད་སྒོ་དེའི་རིགས་སྤེལ་མྱོང་མེད། དུས་མཚུངས་སུ། དགེ་རྒན་ཁ་ཤས་ཀྱིས་སློབ་མའི་ཁྱིམ་བདག་ཚོགས་པའི་ནང་བྱང་བུ་དེའི་རིགས་རྙེད་ན་གཏན་ནས་བཤེར་མི་རུང་བར་ཐད་ཀར་མེད་པར་བཟོ་དགོས་ཞེས་དྲན་སྐུལ་བྱས་ཡོད། 

 

 

ད་ལྟ་མི་ཚང་མས་མགྱོགས་མྱུར་མགོ་སྐོར་གཏོང་སྟངས་སྣ་ཚོགས་དབྱེ་འབྱེད་ཐུབ་པ་ནི་ཁེ་ཕན་ཆུང་ངུ་ལ་རྔམ་ནས་གྱོང་གུན་ཆེན་པོ་བཟོ་བའི་གནས་ལུགས་རྟོགས་ཡོད་པས་རེད།  དོན་དངོས་ཐོག་མགོ་སྐོར་གཏོང་མཁན་ཚོའི་ཐབས་ལམ་ཡང་ཁྱད་མཚར་པོ་ཞིག་མིན་ཏེ། རིན་མེད་ཕན་བདེ་སྣ་ཚོགས་སྤྱད་དེ་མགོ་སྐོར་གཏོང་བཞིན་ཡོད་པ་རེད། དེ་བས་ནམ་ཡང་གནམ་ནས་ཤ་བག་ལེབ་ལྷུང་མི་སྲིད་ཅེས་པའི་རྩ་དོན་ཡིད་ལ་དམ་པོར་བཟུང་ཚེ་གཞན་གྱི་གཡོ་འོག་ཏུ་ཚུད་མི་སྲིད་ལ། རང་ཉིད་ཀྱི་སྒོར་མོའང་གཞན་གྱིས་གཡོ་ལེན་བྱེད་མི་ཐུབ། 

 

 

ཁྱོད་ཀྱིས་རྩོམ་འདི་གཤམ་གྱི་ཚོགས་པའི་ནང་བསྐུར་རྒྱུ་མ་བརྗེད་རོགས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་བྱང་ཆིངས་མཚོ་དམག་བཀག་འགོག་བྱས།

ཨུ་རུ་སུས་ཕྱི་རྒྱལ་དང་མཉམ་དུ་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་ཀ་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་ལུགས་བསྟན།

中央广播电视总台 央广网 版权所有

བྱང་བུ་འདིའི་རིགས་རྙེད་ཚེ་མྱུར་དུ་མེད་པ་བཟོ་དགོས།

ཉིན་འདི་དག་རིང་། ས་གནས་ཁག་ནས་བྱང་བུ་འདི་འདྲ་ཞིག་རྙེད་ཀྱི་ཡོད། པར་ལེན་དང་མཛེས་བཟོ་གང་གི་ཆ་ནས་བལྟས་རུང་མཛེས་ཤིང་སྤུས་དག་པ་ཞིག་རེད།