ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶གཟིགས་དང་། ལས་ཀ་འདི་རིགས་ཁྲོད་ལས་མི་ཤིན་ཏུ་དཀོན་པོ་འདུག

2023-11-23 15:19:00     责编:娜科

 

ད་ལོ་ནས་བཟུང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་། 5G རྟོག་བཟོའི་དངོས་ཡོད་སོགས་ཀྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན། ཁྱབ་ཁོངས་དེར་མཐུན་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་དགོས་མཁོ་ཡང་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར། ཉེ་ཆར་སྤེལ་བའི་རྒྱལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་ལས། ཆེད་དུ་ཐོན་ལས་ཀྱི་དགོས་མཁོ་དང་ལས་རིགས་གསར་པར་ཁ་གཏད་དེ་དེར་མཚུངས་ཀྱི་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་ནས། རྩལ་ནུས་ཆེ་བའི་ཤེས་ལྡན་པ་གདམ་གསེས་བྱས་ཡོད། 

 

 

དུས་ཐུང་ཆུ་ཚོད་5ཡི་ནང་། འགྲན་ཞུགས་རུ་ཁག་གིས་བླང་བྱ་ལྟར་སྔོན་ལ་རླངས་འཁོར་གྱི་རྩིས་རྒྱག་དང་ཚོར་སྣང་སོགས་ཀྱི་ནུས་པ་བེད་སྤྱོད་ཀྱི་ཉིང་ལྷེབ་ཇུས་འགོད་དང་ཚད་ལེན་ཚོད་ལྟ་བྱེད་དགོས་པ་དང་། དེ་ནས་ཉིང་ལྷེབ་རླངས་འཁོར་ཆུང་ཆུང་ཞིག་ཏུ་སྒྲིག་སྦྱོར་བྱས་ཏེ་འདྲ་བཟོ་བྱས་པའི་ལམ་དུ་རང་འགུལ་ངང་རླངས་འཁོར་གཏོང་དགོས། རྒྱལ་ཡོངས་བཟོ་འཕྲིན་ལག་རྩལ་དང་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས་སུ། རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་1055ཡོད་པ་ཚང་ངེས་པར་དུ་འདི་དང་འདྲ་བའི་དོན་དངོས་རྩལ་འགྲན་གྱི་དཔྱད་ཞིབ་རྣམ་གྲངས་ཁྲོད་ཞུགས་དགོས། ད་ལོའི་འགྲན་བསྡུར་ཆེ་མོའི་ནང་རླངས་འཁོར་གྱི་ཉིང་ལྷེབ་གསར་སྤེལ་བེད་སྤྱོད་དང་། བཟོ་ལས་ཀྱི་གཞི་གྲངས་གཞི་ཆེ་མོའི་རྩི་ཐབས། བཟོ་ལས་དྲ་སྦྲེལ་བདེ་འཇགས། 5Gདང་རྟོག་བཟོའི་དོན་དངོས་གསར་སྤེལ་བེད་སྤྱོད་བཅས་འགྲན་བསྡུར་རྣམ་གྲངས་4བཀོད་སྒྲིག་བྱས་ཡོད་པ་དེ་དག་ཚང་མ་དེང་སྐབས་སྤྱི་ཚོགས་ནང་རྒྱུག་ཆེ་བའི་རིགས་ཡིན་པས། ཤེས་ལྡན་མི་སྣའི་དགོས་མཁོ་ཆེན་པོ་ལྡན། 

 

 

ཀོང་ཏུང་ཞིང་ཆེན་གོང་ཀྲོའུ་གྲོང་ཁྱེར་བཟོ་ཚོང་ལག་རྩལ་པའི་སློབ་གླིང་གི་དགེ་རྒན་དབྱང་ཤུས་ཀྱིས། རླངས་འཁོར་གྱི་ཉིང་ལྷེབ་ཐུམ་རྒྱག་ཚོད་ལྟའི་ཇུས་འགོད་ལས་རིགས་ཐད་ཤེས་ལྡན་མི་སྣའི་དགོས་མཁོ་ཧ་ཅང་ཆེ་ཞིང་གླ་ཕོག་ཀྱང་གྲངས་གནས་ལྔ་ཡན་ཟིན་སྲིད། ད་ལྟ་ང་ཚོའི་སློབ་གླིང་གིས་གློག་འཕྲུལ་གཞི་གཅིག་ཅན་གྱི་ལག་རྩལ་དང་། རིག་ནུས་དྲ་སྦྲེལ་རླངས་འཁོར་བཀོལ་སྤྱོད་ཀྱི་ལག་རྩལ་སོགས་ཆེད་ལས་བཀོད་སྒྲིག་བྱས་ཡོད་པས་ལས་ཞུགས་བྱེད་ཚད་100%ཟིན་ཡོད་ཟེར། 

 

 

ད་ལོར་གསར་དུ་བསྣན་པའི་འགྲན་བསྡུར་རྣམ་གྲངས་གཞན་ཞིག་སྟེ་“5G+རྟོག་བཟོའི་དངོས་ཡོད་གསར་སྤེལ་བེད་སྤྱོད་ཅེས་པའི་འགྲན་བསྡུར་ཡུལ་དངོས་སུ། འགྲན་ཞུགས་པས་རང་རྒྱལ་གྱིས་བཟོས་པའི་མཉམ་བསྲེས་དངོས་ཡོད་མགོ་གོན་འཆར་ཆས་སྤྱད་དེ་བཟོ་ལས་ཐོན་སྐྱེད་དང་། རིག་གནས་རོལ་རྩེད་སོགས་ལས་རྣམ་གསར་པ་མང་པོའི་ཁྲོད་ཀྱི་བཀོལ་སྤྱོད་རྣམ་པ་གསར་སྤེལ་ཇུས་འགོད་བྱས། ཐོན་ལས་ཀྱི་དགོས་མཁོར་ཐད་ཀར་ཕྱོགས་པའི་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་པ་དེས་ཁེ་ལས་མི་ཉུང་བ་ཞིག་ལ་ཡུལ་དངོས་ནས་ཤེས་ལྡན་པ་ཤེས་རྟོགས་བྱེད་དུ་བཅུག

གོང་ཏུང་གི་རྟོག་བཟོའི་དོན་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ཞིག་གི་གསར་གཏོད་པ་ཝུའུ་པེན་ཟེར་བ་ཞིག་གིས། ཐོག་མའི་འགྲན་བསྡུར་དང་རྟིང་རྩོད་འགྲན་བསྡུར་བརྒྱུད་དེ། ཕུལ་བྱུང་འགྲན་ཞུགས་པ་འགའ་རེ་ཤེས་རྟོགས་བྱུང་ཡོད། ཁོང་ཚོས་ལས་འགན་སྒྲུབ་པའི་སྤུས་ཚད་དང་དུས་ཚོད་ཐད་ཧ་ཅང་ཡག་པོ་འདུག ང་ཚོའི་ཁེ་ལས་ལ་མཚོན་ན་རྗེས་གྲབས་ཤེས་ལྡན་པ་ཧ་ཅང་ཡག་པོ་རེད་ཅེས་བརྗོད།

 

 

གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོར་སླེབས་སྐབས་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཅུའི་རྩལ་ནུས་ཤེས་ལྡན་པ་མི་འདང་ཚད་མི་ཁྲི་3000ལ་ཉེ་བ་ཟིན་རྒྱུ་རེད།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་ལ། རྒྱལ་ཡོངས་དམིགས་ཚད་ཀྱི་ནུས་རྩལ་ཤེས་ལྡན་མི་སྣ་ཁྲི་4000ཡན་ཇེ་མང་དུ་གྱུར་ཡོད། 

བཟོ་ལས་དང་ཆ་འཕྲིན་ཅན་པུའི་སློབ་གསོ་དང་ཡིག་རྒྱུགས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་མིན་ལེའང་གིས། ང་ཚོའི་ཐོན་ལས་ཐད་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོའི་གཞི་ཁྱོན་དང་། ཚད་གཞི། བླང་བྱ། ལག་ལེན་གྱི་ཚད་གཞི་བཅས་ཀྱི་ཐོག་ནས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་དང་མཁོ་སྤྲོད་ཕྱོགས་སུ་ནང་འདྲེན་བྱས་ཏེ་ལས་སྟེགས་གཏོད་དགོས་ཞེས་བརྗོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

ཡུག་རེན་ལ་ཁ་བཤད་ཚང་མ་ལག་བསྟར་བྱ་མི་ཐུབ།

2023ལོའི་ཟླ་3པར་ཡོ་རོབ་འགོག་སྲུང་ཅུས་ཀྱིས་ཉུང་མཐར་ཡང་ཡོ་སྒོར་དུང་ཕྱུར་20ཡི་གོ་མཚོན་ཉོ་སྒྲུབ་འཆར་གཞི་ལག་ལེན་བསྟར་ཞིང་། དེའི་ནང་ལོ་གཅིག་ནང་ཡུག་རེན་ལ་ཁ་ཞེང་ཧའོ་སྨི་155ཅན་གྱི་སྒྱོགས་མདེལ་ཁྲི་100མཁོ་འདོན་བྱ་རྒྱུའང་ཚུད་ཡོད་པ་རེད།

中央广播电视总台 央广网 版权所有

▶གཟིགས་དང་། ལས་ཀ་འདི་རིགས་ཁྲོད་ལས་མི་ཤིན་ཏུ་དཀོན་པོ་འདུག

གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོར་སླེབས་སྐབས་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཅུའི་རྩལ་ནུས་ཤེས་ལྡན་པ་མི་འདང་ཚད་མི་ཁྲི་3000ལ་ཉེ་བ་ཟིན་རྒྱུ་རེད།