ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཡུག་རེན་ལ་ཁ་བཤད་ཚང་མ་ལག་བསྟར་བྱ་མི་ཐུབ།

2023-11-23 15:25:00     责编:娜科

   ཚེས་14ཉིན་འཇར་མན་གྱི་རྒྱལ་སྲུང་པུའི་པུའུ་ཀྲང་ཕི་སི་ཐུའོ་ལིའུ་སིས་མིག་སྔའི་གནས་ཚུལ་ལ་བལྟས་ན་ཡོ་རོབ་མནའ་འབྲེལ་གྱིས་ཟླ་བ་12ནང་ཚུན་དུ་ཡུག་རེན་ལ་ཁ་ཞེང་ཧའོ་སྨི་155ཅན་གྱི་སྒྱོགས་མདེལ་ཁྲི་100སྤྲོད་པ་ཁས་བླངས་པ་དེ་མངོན་འགྱུར་བྱེད་ཐབས་མེད་ཚུལ་བཤད་པ་རེད།

   གཞན་ཡང་། ཚེས་14ཉིན་ཡུག་རེན་རྒྱལ་སྤྱིའི་རིག་སྤེལ་གློག་འཕྲིན་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལེ་པས་བཅར་འདྲི་དང་ལེན་བྱེད་སྐབས། ཤོད་སྟངས་དེ་ར་སྤྲོད་བྱས་པ་དང་འབྲེལ་གནད་དོན་དེ་ཐོན་པའི་རྒྱུ་མཚན་ནི་ཡོ་རོབ་མནའ་འབྲེལ་ལ་གནད་དོན་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་བསམ་འདུན་མེད་པ་ཞིག་མིན་ལ། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གཅིག་ལ་སྒྱོགས་མདེལ་འདང་ངེས་ཐོན་སྐྱེད་བྱེད་པའི་ནུས་པ་མི་འདང་བའི་རྐྱེན་གྱིས་རེད་ཅེས་བརྗོད་པ་རེད།

   2023ལོའི་ཟླ་3པར་ཡོ་རོབ་འགོག་སྲུང་ཅུས་ཀྱིས་ཉུང་མཐར་ཡང་ཡོ་སྒོར་དུང་ཕྱུར་20ཡི་གོ་མཚོན་ཉོ་སྒྲུབ་འཆར་གཞི་ལག་ལེན་བསྟར་ཞིང་། དེའི་ནང་ལོ་གཅིག་ནང་ཡུག་རེན་ལ་ཁ་ཞེང་ཧའོ་སྨི་155ཅན་གྱི་སྒྱོགས་མདེལ་ཁྲི་100མཁོ་འདོན་བྱ་རྒྱུའང་ཚུད་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཀྲུང་གོས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན།

ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་ལ་ཡིད་རྣལ་དུ་ཕབ་པ་དང་བཟོད་སྒོམ་གང་ཐུབ་བྱས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཟླ་

中央广播电视总台 央广网 版权所有

ཡུག་རེན་ལ་ཁ་བཤད་ཚང་མ་ལག་བསྟར་བྱ་མི་ཐུབ།

2023ལོའི་ཟླ་3པར་ཡོ་རོབ་འགོག་སྲུང་ཅུས་ཀྱིས་ཉུང་མཐར་ཡང་ཡོ་སྒོར་དུང་ཕྱུར་20ཡི་གོ་མཚོན་ཉོ་སྒྲུབ་འཆར་གཞི་ལག་ལེན་བསྟར་ཞིང་། དེའི་ནང་ལོ་གཅིག་ནང་ཡུག་རེན་ལ་ཁ་ཞེང་ཧའོ་སྨི་155ཅན་གྱི་སྒྱོགས་མདེལ་ཁྲི་100མཁོ་འདོན་བྱ་རྒྱུའང་ཚུད་ཡོད་པ་རེད།