འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་མདུན་གྱི་ཟླ་བ་ལྔའི་ནང་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་པའི་སྤྱི་འབོར་སྒོར་དུང་ཕྱུར་ཆིག་འབུམ་བདུན་ཁྲི་དགུ་སྟོང་བཞི་བརྒྱ་ཟིན་པ་དང་། དུས་མཚུངས་ལས་༢.༥%འཕར་ཡོད་ཅིང་། དངོས་ཟོག་ཉོ་ཚོང་གི་མཉེན་ཤུགས་ཆེ་ཙམ་རྒྱུན་འཁྱོངས་ཐུབ་ཡོད།
ད་ལོའི་མདུན་གྱི་ཟླ་བ་ལྔའི་ནང་། རང་རྒྱལ་གྱི་ཕྱིར་གཏོང་བྱས་པའི་དངུལ་གྲངས་སྒོར་དུང་ཕྱུར་ཆིག་འབུམ་དྲུག་སྟོང་བདུན་བརྒྱ་ཟིན་པ་དང་༧.༢%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱས་པའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་དྲུག་ཁྲི་ཉིས་སྟོང་ཉིས་བརྒྱ་ཟིན་པ་དང་༩.༢%འཕར་ཡོད། དེས་རང་རྒྱལ་ཕྱིར་གཏོང་སྤྱི་འབོར་གྱི་༥༨.༣%ཟིན་ཡོད། ཕྱིར་གཏོང་བྱས་པའི་གློག་འགུལ་རླངས་འཁོར་གྱི་འཕར་ཚད་༡༩%ཟིན་པ་དང་། བཟོ་སྐྲུན་འཕྲུལ་འཁོར་གྱི་འཕར་ཚད་༡༠.༧%ཟིན་པ། གྲུ་གཟིངས་འཕར་ཚད་༡༨.༩%ཟིན་པ། བཟོ་ལས་འཕྲུལ་མིའི་འཕར་ཚད་༥༥.༤%ཟིན་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བསྡོམས་རྩིས་དབྱེ་ཞིབ་སེའི་སེ་ཀྲང་ལུས་ཏ་ལེའང་གིས། ད་ལོ་ཤར་ཚུན། རང་རྒྱལ་བཟོ་སྐྲུན་ལས་རིགས་ཀྱི་བརྟེན་ས་ཡིན་པའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད་ཅིང་། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་སྣོན་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། མདུན་གྱི་ཟླ་བ་ལྔའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་ཀྱིས་རང་རྒྱལ་གྱི་ཕྱིར་གཏོང་ཧྲིལ་པོའི་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་༧༣%ཟིན་པ་དང་། དེའི་ནང་སྤྱི་ཟླ་ལྔ་པར་༧༦.༩%ཟིན་ཡོད་ཅེས་གསུངས་ཡོད།
མདུན་གྱི་ཟླ་བ་ལྔའི་ནང་། རང་རྒྱལ་དབུས་རྒྱུད་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཆིག་ཁྲི་ལྔ་སྟོང་ཟིན་པ་དང་༡༡.༡%འཕར་ཡོད་ཅིང་། འཕར་བའི་མྱུར་ཚད་དེ་རྒྱལ་ཡོངས་ཀྱི་མགྱོགས་ཤོས་ཡིན་པ་རེད། དབུས་རྒྱུས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་སྐུལ་འདེད་འོག དབུས་རྒྱུད་ཞིང་ཆེན་༦གིས་ནང་ལོག་སྐམ་སའི་ས་ཁུལ་གྱི་བསྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་ཧུར་ཐག་བསྐྲུན་པ་དང་། ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་གཏོང་གཞི་ཆེན་པོ་ཡོད་པ་དེ་གང་ལེགས་མངོན་བཞིན་ཡོད། དུས་ཚོད་གཅིག་ལ་རང་རྒྱལ་གྱི་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ལྔ་ཁྲི་ཉིས་སྟོང་བརྒྱ་ཟིན་པ་དང་༢.༣%འཕར་ནས། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་གྱི་༢༩%ཟིན་པ་དང་། དུས་ཚོད་གཅིག་རིང་གི་རང་རྒྱལ་ཕྱིར་གཏོང་ནང་འདྲེན་ཧྲིལ་པོ་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་བདུན་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
ལུས་ཏ་ལེའང་གིས། མདུན་གྱི་ཟླ་བ་ལྔའི་ནང་རང་རྒྱལ་ལ་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ཡོད་པའི་ཕྱི་རྒྱལ་ཁེ་ལས་བདུན་ཁྲི་སུམ་སྟོང་ལས་བརྒལ་བ་དང་། དེ་ལོ་༥རིང་གི་དུས་མཚུངས་ཀྱི་མཐོ་ཤོས་ཡིན་པ་རེད། དེའི་ཐོག་ནས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བློ་བརྟན་འགྱུར་མེད་ངང་རྒྱ་ཆེར་གཏོང་བ་དེ་ནི་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་ཚོང་པའི་ཕུགས་བསམ་དང་། བདེ་འཇགས། དགེ་མཚན་ལྡན་པ་བཅས་ཀྱི་མ་འཇོག་དམིགས་ཡུལ་ཡིན་པ་གསལ་བཤད་བྱས་ཡོད་ཅེས་གསུངས་ཡོད།