ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཉིན་གཅིག་ནང་རྒྱགས་པ་ཆགས་སླ་ཤོས་ཀྱི་དུས་མཚམས་འདི་གཉིས་རེད་འདུག

2025-05-22 09:41:00     责编:娜科

  ལུས་པོའི་ལྗིད་ཚད་ལ་དོ་དམ་བྱེད་འདོད་མཁན་ཞིག་ཡིན་ན། རྒྱུན་དུ་འདི་ཟ་མི་ཆོག་པ་དང་དེ་ཟ་མི་རུང་བ། ཟས་ཐུན་གཅིག་གི་ཚ་ནུས་ཚད་གཞི་ལས་བརྒལ་ཡོད་མེད་སོགས་ལ་སེམས་ཁྲལ་དང་དོ་སྣང་བྱེད་ཀྱི་ཡོད། དོན་དངོས་ཐོག ཉིན་གཅིག་གི་ཆུ་ཚོད་24ཡི་ནང་དུ་ཤ་རྒྱགས་པ་ཆགས་སླ་ཤོས་ཀྱི་དུས་མཚམས་གཉིས་ཡོད། གལ་ཏེ་དུས་མཚམས་འདི་གཉིས་དམ་འཛིན་ཡག་པོ་བྱེད་ཐུབ་ན། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པར་ཕན་འབྲས་ཐོན་སླ་པོ་ཡོད།

 

 

དགུང་ཟས་མ་ཟ་གོང་། 

སྔ་དྲོའི་ཆུ་ཚོད་10:00ནས་ཆུ་ཚོད་11:00བར་ཡིན་ཏེ། སྐབས་དེར་ཞོགས་ཟས་བཟས་ནས་དུས་ཡུན་ངེས་ཅན་ཞིག་འགོར་ཡོད་པས། མིའི་ལུས་ཕུང་ལ་བཀྲེས་ལྟོགས་ཀྱི་ཚོར་སྣང་འབྱུང་སླ་པོ་ཡོད། གལ་ཏེ་སྐབས་དེར་བཟོད་མ་ཐུབ་པར་ཟས་རིགས་མང་པོ་བཟས་ན། ཡུད་ཙམ་ནས་སླར་ཡང་དགུང་ཟས་ཟ་དགོས་པས། ལུས་པོའི་ནང་གི་ཚ་ནུས་ཚད་ལས་བརྒལ་ཏེ་ལུས་པོའི་ལྗིད་ཚད་ལྕི་རུ་འགྲོ་སླ་པོ་ཡོད།

 

 

གཉིད་མ་ཉལ་གོང་། 

གཉིད་མ་ཉལ་གོང་། དགོང་ཟས་སྐབས་བཟས་པའི་ཟས་རིགས་ཕལ་ཆེར་འཇུ་ཚར་གྱི་ཡོད་པས། མིའི་ལུས་ཕུང་ལ་བཀྲེས་ལྟོགས་ཀྱི་ཚོར་བ་འབྱུང་སླ་པོ་ཡོད། གལ་ཏེ་སྐབས་དེར་བཟོད་མ་ཐུབ་པར་ཟས་རིགས་མང་པོ་བཟས་ཚེ། ཅུང་ཙམ་འགོར་རྗེས་ཉལ་དགོས་པས། འཇུ་མ་ཐུབ་པའི་ཚ་ནུས་དག་ལུས་པོའི་ནང་དུ་གསོག་བརྒྱབ་ནས་རྒྱགས་སུ་འགྲོ་གི་ཡོད། དེས་ན། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་སྙམ་ན། གཉིད་མ་ཉལ་གོང་གི་ཆུ་ཚོད་བཞི་ཡི་རིང་ཟས་རིགས་ཟ་མི་འོས། 

 

 

དུས་ཡུན་རིང་པོར་ཟས་ཟ་དྲགས་ན། ཤ་རྒྱགས་པ་ཆགས་སྲིད་པ་མ་ཟད། ད་དུང་འཇུ་ལམ་དང་མཁལ་མའི་ཁུར་པོ་ལྕི་རུ་འགྲོ་བ་དང་། ཐ་ན་ཀླད་ཆེན་གྱི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། འབྲེལ་ཡོད་ཞིབ་འཇུག་གིས་ར་སྤྲོད་བྱས་པ་ལྟར་ན། ལྟོགས་པའི་ཚོར་བ་འོས་འཚམ་གྱིས་ལུས་ཕུང་བདེ་ཐང་ལ་ཕན་པ་ཡོད་པས། བཟའ་བཏུང་ལ་དུས་བཀག་བཟོས་ན། རྒྱགས་པ་ཚོའི་ལུས་པོའི་ལྗིད་ཚད་ཡང་དུ་གཏོང་ཐུབ་པ་དང་བརྗེ་ཚབ་ཀྱི་དམིགས་ཚད་ལེགས་སུ་གཏོང་ཐུབ་ཅིང་། མཆིན་པ་ཚིལ་འགྱུར་གྱི་ཚད་གཞི་དམའ་རུ་གཏོང་ཐུབ་ཀྱི་ཡོད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།

འཛམ་གླིང་སྐར་ཁུངས།

རྒྱ་གར་ནས་ཕ་ཁི་སི་ཐན་དམག་དང་མེ་མདའ་རྒྱག་རེས་བྱས་ཡོད་ཅེས་བཤད་པ།

དེ་ཡང་། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཚེས་22ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་སྟེ། དྲག་ཆས་མི་སྣ་3གྱིས་ཡུལ་སྐོར་བར་ཕྱོགས་ནས་མེ་མདའ་བརྒྱབ་པས།

中央广播电视总台 央广网 版权所有

ཉིན་གཅིག་ནང་རྒྱགས་པ་ཆགས་སླ་ཤོས་ཀྱི་དུས་མཚམས་འདི་གཉིས་རེད་འདུག