ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶མངའ་ཁོངས་གནད་དོན་ཐད་འོས་མེད་འགྲིག་ཐབས་བྱེད་མི་སྲིད་ཅེས་ཟེར།

2025-05-22 09:37:00     责编:娜科

  ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཚེས་19ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཁ་པར་གླེང་མོལ་མཇུག་བསྒྲིལ་རྗེས། ཡུག་རེན་ཕྱོགས་ནས་ཨུ་རུ་སུའི་ཕྱོགས་དང“འབྲས་བུ་ཐོན་ཐུབ་པའི་རྣམ་པ་གང་རུང”གི་ལམ་ནས་ཐད་ཀར་གྲོས་མོལ་བྱེད་འདོད་ཡོད་མོད། འོན་ཀྱང་མངའ་ཁོངས་གནད་དོན་ཐད་འོས་མེད་འགྲིག་ཐབས་བྱེད་མི་སྲིད་ཅེས་བརྗོད་འདུག

ཙེ་ལན་སི་ཅིས་ཚེས་19ཉིན་གྱི་མཚན་གུང་དུ་སྤྱི་འབྲེལ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ཏེ། ཉིན་དེར་ཁོང་དང་ཐེ་རོན་ཕུའུ་དབར་ཁ་པར་ཐེངས་གཉིས་བརྒྱབ་ཡོད།  དེའི་ཁྲོད་ཀྱི་ གཅིག་ནི་ཐེ་རོན་ཕུའུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དབར་ཁ་པར་མ་བརྒྱབ་གོང་ཡིན་ལ། ཁོང་གིས་ཐེ་རོན་ཕུའུ་ལ་ཡུག་རེན་ཕྱོགས་ཀྱིས་ཕྱོགས་ཡོངས་དང་ཆ་རྐྱེན་མེད་པར་དམག་མཚམས་འཇོག་འདོད་ཡོད་པའི་ལངས་ཕྱོགས་ནན་བཤད་བྱས་པ་དང་འབྲེལ། ཨ་རི་དང་ཡོ་རོབ་ཀྱིས་མུ་མཐུད་ཨུ་རུ་སུའི་ཕྱོགས་ལ་གནོན་ཤུགས་སྤྲད་དེ“ཞི་བདེ་ངོ་མ”ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་ཡོད་ཅེས་བརྗོད་པ་རེད། 

ཙེ་ལན་སི་ཅི་ཡིས་ཡུག་རེན་ཕྱོགས་ཀྱིས“འབྲས་བུ་ཐོན་ཐུབ་པའི་རྣམ་པ་གང་རུང”གི་ལམ་ནས་ཨུ་རུ་སུ་དང་ཐད་ཀར་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་པ་དང་། ཡུག་རེན་ཕྱོགས་ཀྱིས་ཐུར་ཁེ་དང་། ཝ་ཐི་ཁན། སུའེ་ཙེར་སོགས་ཚུད་པའི་གྲོས་མོལ་བྱེད་སར་རུང་བའི་གནས་ཚང་མར་བསམ་གཞིག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

ཙེ་ལན་སི་ཅི་ཡིས། ཡུག་རེན་ཕྱོགས་ཀྱིས་ད་དུང་ཡོ་རོབ་གླིང་གི་འགོ་ཁྲིད་པ་དང་མཉམ་དུ་ཕྱོགས་སོ་སོའི་གྲོས་གཞིར་དོན་དངོས་དང་མཐུན་པའི་དཔྱད་འཇོག་བྱ་རྒྱུ་ཚུད་པའི་འབྱུང་འགྱུར་སྤྱོད་སྲིད་པའི་བྱེད་ཐབས་སྐོར་གྲོས་བསྡུར་བྱས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཨ་རི་དང་ཡོ་རོབ་ཀྱི་འཐུས་མི“ཚད་གཞི་ངེས་ཅན་ཞིག”གི་ལམ་ནས་གྲོས་མོལ་གྱི་བརྒྱུད་རིམ་ནང་ཞུགས་འོས་པ་དང་། ཨ་རིས་གྲོས་མོལ་མི་སྐྱུར་རྒྱུ་དང་ཞི་བདེ་མངོན་འགྱུར་ཡོང་ཆེད་ཀྱི་གང་དེའི་འབད་བརྩོན་ནི་དེ་བས་གལ་འགངས་ཆེ་བ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

གཞན་ཡང་ཡུག་རེན་གྱི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྒྲོག་གློག་འཕྲིན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཙེ་ལན་སི་ཅི་ཡིས་ཚེས་19ཉིན་གྱི་དགོང་མོར་ཐེ་རོན་ཕུའུ་དང་ཕུའུ་ཅིང་དབར་གྱི་ཁ་པར་མཇུག་བསྒྲིལ་རྗེས་ཅི་ཧྥུའུ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  ཡུག་རེན་ཕྱོགས་ཀྱིས་མངའ་ཁོངས་ཀྱི་གནད་དོན་ཐད་འོས་མེད་འགྲིག་ཐབས་བྱེད་མི་སྲིད་པ་དང་། དེའི་མངའ་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་ཅེས་ནན་བཤད་བྱས་པ་རེད། དམག་འཁྲུག་མཇུག་སྒྲིལ་རྒྱུའི་ཐད་བཏོན་པའི་ཡུག་རེན་ཕྱོགས་ཀྱི་རྩ་བའི་ཆ་རྐྱེན་ནང་དམག་མཚམས་འཇོག་པ་དང་། བཟུང་དམག་བརྗེ་རྒྱུ་དང་། ཡུག་རེན་གྱི་བྱིས་པ་ཕྱིར་སྐྱེལ་རྒྱུ་སོགས་ཚུད་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། ཚེ་རྡོར། 

འཛམ་གླིང་སྐར་ཁུངས།

རྒྱ་གར་ནས་ཕ་ཁི་སི་ཐན་དམག་དང་མེ་མདའ་རྒྱག་རེས་བྱས་ཡོད་ཅེས་བཤད་པ།

དེ་ཡང་། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཚེས་22ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་སྟེ། དྲག་ཆས་མི་སྣ་3གྱིས་ཡུལ་སྐོར་བར་ཕྱོགས་ནས་མེ་མདའ་བརྒྱབ་པས།

中央广播电视总台 央广网 版权所有

▶མངའ་ཁོངས་གནད་དོན་ཐད་འོས་མེད་འགྲིག་ཐབས་བྱེད་མི་སྲིད་ཅེས་ཟེར།

ཙེ་ལན་སི་ཅིས་ཚེས་19ཉིན་གྱི་མཚན་གུང་དུ་སྤྱི་འབྲེལ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ཏེ། ཉིན་དེར་ཁོང་དང་ཐེ་རོན་ཕུའུ་དབར་ཁ་པར་ཐེངས་གཉིས་བརྒྱབ་ཡོད། དེའི་ཁྲོད་ཀྱི་ གཅིག་ནི་ཐེ་རོན་ཕུའུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དབར་ཁ་པར་མ་བརྒྱབ་གོང་ཡིན་ལ།