ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁོག་སྟོང་ཚོད་མ་སྔོ་སིལ་སིལ། དབྱར་ཁ་ཟོས་ན་ལུས་ལ་ཕན།

2025-06-04 14:45:00     责编:娜科

  ཚལ་ཁོག་སྟོང་(空心菜) ལ་ཚ་འཇོམས་བདུད་རྩི་དང་རྒྱུ་ལམ་གཙང་སེལ་བ་ཞེས་པའི་སྙན་པའི་མིང་ནས་འབོད་པར་བྱེད་ཅིང་། ཁྲག་གཙང་སེལ་དང་ཚ་སེལ་དུག་སེལ་གྱི་ནུས་པ་ལྡན་པ་མ་ཟད།  འཚོ་རྒྱུ་ཀལ་དང་ཅཱ། བཟའ་བཅའི་ཚི་སྣའི་འདུས་ཚད་བཅས་མཐོ་བ་དང་། ད་དུང་འཚོ་རྒྱུ་Cསོགས་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་ཡོད་པས། ནམ་ཟླ་དབྱར་ཁར་ཟོས་ན་འབྱུང་བ་ལུས་ལ་འཕྲོད།

 

 

 ཚལ་ཁོག་སྟོང་ལ་ལྡན་པའི་ཕན་ནུས་ཆེན་པོ་བདུན།

 1. ཁྲག་བཀག་ཐུབ་པ།

  ནད་ཐོག་སྨན་བཅོས་བྱེད་སྐབས།  ཚལ་ཁོག་སྟོང་ནི་རྒྱུན་དུ་བཤང་གཅིན་མཉམ་དུ་ཁྲག་དོན་པ་དང་།  སྣ་ཁྲག་དོན་པ་སོགས་ལུས་ཁམས་མི་བདེ་བའི་ནད་རྟགས་གསོ་བཅོས་བྱེད་པར་བཀོལ་བཞིན་ཡོད། ཚལ་ཁོག་སྟོང་ཁེ་60ནས་120བར་བརྔོས་ནས་སྦྲང་རྩིའམ་བྱེ་མ་ཀ་ར་མཉམ་བསྲེས་བྱས་ནས་ཟོས་ན། ཁྲག་དོན་པའི་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ། 

 2. ཆུ་ཐོར་སེལ་ཐུབ་པ། 

དབྱར་ཁ་བཞའ་ཚན་ཆེ་ཞིང་ཚ་བ་ཆེ་བས། ལུས་པོར་ཆུ་ཐོར་ཐོན་སླ་པོ་ཡོད། སྐབས་དེར་ཚལ་ཁོག་སྟོང་ཞིབ་ཞིབ་ཏུ་རྫོགས་ནས་པགས་པའི་སྟེང་ལ་བྱུག་ན་ཆུ་ཐོར་སྐྱེ་བ་སྔོན་འགོག་བྱེད་ཐུབ།

3.བཤང་འགག་འགོག་བཅོས་དང་ཁྲག་མངར་དང་ཁྲག་ཚིལ་ཉུང་དུ་གཏོང་ཐུབ་པ།

ཚལ་ཁོག་སྟོང་ལ་ལྡན་པའི་ཕུན་སུམ་ཚོགས་པའི་བཟའ་བཅའི་ཚི་སྣ་ཡིས་རྒྱུ་མའི་འགུལ་ཤུགས་ཆེ་རུ་གཏོང་ཐུབ་ལ། ལུས་པོའི་ལྗིད་ཚད་ཚོད་འཛིན་དང་ཁྲག་མངར་བརྟན་པོ་ཡོང་བ། ཁྲག་ཚིལ་ཉུང་དུ་གཏོང་བ། བཤང་འགག་སེལ་བ། རྒྱུ་མའི་འབུ་ཕྲའི་ཁྱུ་ཚོགས་སྙོམས་སྒྲིག་བཅས་ལ་ཕན་པ་ངེས་ཅན་ཞིག་ཡོད་པ་མ་ཟད། རྒྱུ་མའི་འབྲས་སྐྲན་ཇེ་ཉུང་དུ་གཏོང་བར་ཡང་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད།

 4. རྒྱུ་མའི་རིམས་འགོག་ནུས་པ་ཡག་ཏུ་གཏོང་ཐུབ་པ།

ཚལ་ཁོག་སྟོང་ལ་འཚོ་བཅུད་Cདང་། འཚོ་བཅུད་B12  ཅཱ། ཀལ་སོགས་འཚོ་བཅུད་གྲུབ་ཆ་ཕུན་སུམ་ཚོགས་པོ་འདུས་ཡོད་པ་དེ་དག་དབར་ཕན་ཚུན་མཐུན་སྦྱོར་ནུས་པ་ཐོན་ནས་རྒྱུ་མའི་རིམས་འགོག་ནུས་པ་ཇེ་ཆེར་འགྲོ་བར་ཕན་ཐོགས་ཡོད།

5.མིག་ལ་སྲུང་སྐྱོབ་ཐུབ་པ། 

ཚལ་ཁོག་སྟོང་གི་ནང་དུ་གུང་ལ་ཕུག་གི་ཉིང་རྩི་འདུས་ཚད་ཧ་ཅང་མཐོ་བ་སྟེ། ཧའོ་ཁེ་1250/ཁེ་100ཟིན་གྱི་ཡོད་པས། འཚོ་རྒྱུ་Aའདྲེས་གྲུབ་བྱེད་པར་རོགས་རམ་ཐུབ་ནས་མིག་དང་སྐྱི་པགས་ལ་སྲུང་སྐྱོབ་བྱེད་ཐུབ།

 6.འཚོ་རྒྱུ་Cཁ་གསབ་ཐུབ་པ། 

ཚལ་ཁོག་སྟོང་ནང་འཚོ་རྒྱུ་Cའདུས་ཚད་ཧའོ་ཁེ་25/ཁེ་100ཡིན་པ་དང་། ཀྲོ་མ་ཀྲུ་ལས་འཚོ་རྒྱུ་Cའདུས་ཚད་མཐོ་བ་ཡོད་པས།  འཚོ་རྒྱུ་Cབསྡུ་ལེན་བྱེད་པའི་འབྱུང་ཁུངས་བཟང་པོ་ཞིག་ཡིན།

 7.འཚོ་རྒྱུ་ཀལ་ཁ་གསབ་ཐུབ་པ། 

ཚལ་ཁོག་སྟོང་ནང་ལ་འཚོ་རྒྱུ་ཀལ་འདུས་ཚད་ཅུང་ཕུན་སུམ་ཚོགས་པོ་ཡོད། འོ་མའི་ཀལ་གྱི་འདུས་ཚད་ནི་ཧའོ་ཁེ་107/ཁེ་100ཡིན་པ་དང་། ཚལ་ཁོག་སྟོང་ལ་ཀལ་གྱི་འདུས་ཚད་ནི་ཧའོ་ཁེ་115/ཁེ་100ཡིན་པས། འཚོ་བཅུད་ཀལ་འདུས་ཚད་འོ་མ་ལས་ཅུང་མཐོ་བ་ཡོད་པ་རེད།  

 

  

མཇུག་མཐར་མི་འགའ་རེས་ཚལ་ཁོག་སྟོང་ལ་ལོ་མ་དུག་གི་སྔོ་ཚལ་དང་། ཉྭ་ལོག་སྔོ་ཚལ་ཞེས་པ། གཞན་ད་དུང་ཚལ་དེ་ཟོས་ན་གྲུམ་ནད་ན་ལུགས་སྐོར་སོགས་གཏམ་འཆལ་གླེང་བ་དེ་དག་ཞིབ་འཇུག་བྱས་འབྲས་ལས་ཡང་མི་དག་པའི་ནོར་འཁྲུལ་གྱི་ལྟ་བ་ཡིན་པ་ར་སྤྲོད་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། གངས་ཕྲུག་བློ་རྒྱ། 

འཛམ་གླིང་སྐར་ཁུངས།

▶མངའ་ཁོངས་གནད་དོན་ཐད་འོས་མེད་འགྲིག་ཐབས་བྱེད་མི་སྲིད་ཅེས་ཟེར།

ཙེ་ལན་སི་ཅིས་ཚེས་19ཉིན་གྱི་མཚན་གུང་དུ་སྤྱི་འབྲེལ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ཏེ། ཉིན་དེར་ཁོང་དང་ཐེ་རོན་ཕུའུ་དབར་ཁ་པར་ཐེངས་གཉིས་བརྒྱབ་ཡོད། དེའི་ཁྲོད་ཀྱི་ གཅིག་ནི་ཐེ་རོན་ཕུའུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དབར་ཁ་པར་མ་བརྒྱབ་གོང་ཡིན་ལ།

中央广播电视总台 央广网 版权所有

ཁོག་སྟོང་ཚོད་མ་སྔོ་སིལ་སིལ། དབྱར་ཁ་ཟོས་ན་ལུས་ལ་ཕན།

མཇུག་མཐར་མི་འགའ་རེས་ཚལ་ཁོག་སྟོང་ལ་“ལོ་མ་དུག་གི་སྔོ་ཚལ་”དང་། “ཉྭ་ལོག་སྔོ་ཚལ་”ཞེས་པ། གཞན་ད་དུང་ཚལ་དེ་ཟོས་ན་གྲུམ་ནད་ན་ལུགས་སྐོར་སོགས་གཏམ་འཆལ་གླེང་བ་དེ་དག་ཞིབ་འཇུག་བྱས་འབྲས་ལས་ཡང་མི་དག་པའི་ནོར་འཁྲུལ་གྱི་ལྟ་བ་ཡིན་པ་ར་སྤྲོད་བྱས་འདུག