ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རེས་སྐོར་གསུམ་པའི་ཁག་དང་པོའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྱོན་ཡོངས་ནས་འགོ་བཙུགས་པ།

2023-11-23 15:24:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རེས་སྐོར་གསུམ་པའི་ཁག་དང་པོའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་དེ་ཟླ་11ཚེས་21ཉིན་ཁྱོན་ཡོངས་ནས་འགོ་ཚུགས་པ་རེད། ལྟ་ཞིབ་ཚོ་ཆུང་ལྔ་ཡིས་ཁག་སོ་སོར་ཧྥུ་ཅན་དང་། ཧོ་ནན། ཧའེ་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་ལྔ་ལ་དུས་ཡུན་ཟླ་བ་གཅིག་རིང་གི་ལྟ་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། ལྟ་ཞིབ་ཚོ་ཆུང་གིས་གཙོ་གནད་ཐོག་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཇུས་ཐག་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་དཀྲི་དོན་འཁྱོལ་དང་འགན་ཁུར་བའི་གནས་ཚུལ། ས་གནས་གྲོང་ཁྱེར་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་འབྱུང་ཁམས་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་དོན་འཁྱོལ་བྱས་ཚུལ་བཅས་ཀྱི་ཐད་ལ་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ལོ་གཅིག་ནང་སིབ་ནད་ཕོག་མཁན་ས་ཡ་9ཐོན་པས་འབོད་སྐུལ་་་་

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྒྱལ་ཁབ་ཁག་ལ་བྱིས་པ་ཚང་མར་སིབ་བུའི་རིམས་འགོག་སྨན་ཁབ་དང་དེ་བཞིན་ནད་རིགས་གཞན་དག་སྔོན་འགོག་ཐུབ་པའི་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་ལྕག་སྐུལ་བྱས་པ་མ་ཟད།

中央广播电视总台 央广网 版权所有

རེས་སྐོར་གསུམ་པའི་ཁག་དང་པོའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྱོན་ཡོངས་ནས་འགོ་བཙུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རེས་སྐོར་གསུམ་པའི་ཁག་དང་པོའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་དེ་ཟླ་11ཚེས་21ཉིན་ཁྱོན་ཡོངས་ནས་འགོ་ཚུགས་པ་རེད། ལྟ་ཞིབ་ཚོ་ཆུང་ལྔ་ཡིས་ཁག་སོ་སོར་ཧྥུ་ཅན་དང་།