ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ལོ་གཅིག་ནང་སིབ་ནད་ཕོག་མཁན་ས་ཡ་9ཐོན་པས་འབོད་སྐུལ་་་་

2023-11-21 16:46:00     责编:娜科

ལོ་གཅིག་ནང་སིབ་ནད་ཕོག་མཁན་ས་ཡ་9ཐོན་པས་འབོད་སྐུལ་འདི་ལྟར་བྱས་འདུག

 

 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་སྤྱི་ཟླ་11ཚེས་16ཉིན་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་བརྗོད་དོན། ཚོད་དཔག་བྱས་ན་2022ལོར་གོ་ལ་ཧྲིལ་པོར་སིབ་ནད་ཕོག་པའི་ནད་དཔེ་ས་ཡ་9ཙམ་ཟིན་པ་དང་། ཚེ་ལས་འདས་པ་མི་ཁྲི་13.6ཙམ་ཟིན་པ་དེ་2021ལོ་དང་བསྡུར་ན་ཁག་སོ་སོར་18%དང་43%ཇེའཕར་ཡོད། དེའི་ནང་མང་ཆེ་བ་ནི་བྱིས་པ་ཡིན་པ་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རིའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་ཁ་བྱང་ལ《2000ལོ་ནས་2022ལོ་བར་གྱི་གོ་ལ་ཧྲིལ་པོའི་སིབ་ནད་སེལ་བའི་འཕེལ་རིམ》ཞེས་པའི་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་དུ་སིབ་ནད་ཀྱིས་བྱིས་པའི་བདེ་ཐང་ལ་མུ་མཐུད་འཇིགས་སྐུལ་བཟོ་བཞིན་ཡོད་དེ། 2022ལོར་གོ་ལ་ཧྲིལ་པོར་རྒྱལ་ཁབ་37ལ་གཞི་ཁྱོན་ཆེ་བའམ་ཡང་ན་གཏོར་སྐྱོན་རང་བཞིན་གྱི་སིབ་བུའི་རིམས་ནད་ཐོན་པ་དང་། 2021ལོའི་རྒྱལ་ཁབ་22དང་བསྡུར་ན་གྲངས་གཞི་ནིདེ་ཧ་ཅང་མཐོ་པོ་ཡོད་པ་བརྗོད་ཡོད།

 

 

ལོ་གཅིག་ནང་སིབ་ནད་ཕོག་མཁན་ས་ཡ་9ཐོན་པས་འབོད་སྐུལ་འདི་ལྟར་བྱས་འདུག་སྔོན་འགོག་བྱེད་པར་བྱིས་པ་ལ་སིབ་ནད་ཀྱི་རིམས་འགོག་སྨན་ཁབ་སྨན་གཉིས་རྒྱག་དགོས་ཀྱི་ཡོད། སྙན་ཞུའི་ནང་དུ་བསྟན་དོན། 2022ལོར་གོ་ལ་ཧྲིལ་པོའི་སིབ་བུའི་རིམས་འགོག་སྨན་ཁབ་རྒྱག་ཚད་ཅུང་མཐོ་རུ་ཕྱིན་ཡོད་མོད། འོན་ཀྱང་གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོར་བྱིས་པ་ཡ་ས་22ཙམ་ལ་སིབ་ནད་ཀྱི་རིམས་འགོག་སྨན་ཁབ་དང་པོ་བརྒྱབ་མེད་པ་དང་། བྱིས་པ་ས་ཡ་11ལ་རིམས་འགོག་སྨན་ཁབ་གཉིས་པ་བརྒྱབ་མེད་པ་རེད། གོ་ལ་ཧྲིལ་པོར་སིབ་བུའི་རིམས་འགོག་སྨན་ཁབ་དང་པོ་རྒྱག་ཚད་83%དང་གཉིས་པ་རྒྱག་ཚད་74%ཡིན་པ་དེ་ནི་སིབ་བུའི་རིམས་ནད་སྡེ་ཁུལ་དུ་ཐོན་རྒྱུ་སྔོན་འགོག་བྱེད་པར་མཁོ་བའི་རིམས་འགོག་སྨན་ཁབ་གཉིས་པོའི་རྒྱག་ཚད་95%ལོན་དགོས་པའི་ཚད་གཞི་ལས་ཧ་ཅང་དམའ་པོ་ཡོད་པ་རེད། 

སྙན་ཞུའི་ནང་སིབ་ནད་ཕོག་ཏེ་འཆི་བའི་ཉེན་ཁ་ཆེན་པོ་ཡོད་པའི་ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་66%ལས་ཟིན་གྱི་མེད། 2022ལོར་སིབ་ནད་ཀྱི་རིམས་འགོག་སྨན་ཁབ་ཐོག་མ་དེ་བརྒྱབ་མེད་པའི་བྱིས་པ་ས་ཡ་22ཁྲོད་ནས་ཕྱེད་ཀ་ཡན། ཨན་ཀོ་ལའོ་དང་།ཁོང་ཀོ(ཅིན)ཨེ་ཙེ་ཨོ་ཕི་ཡ།རྒྱ་གར་སོགས་ཀྱི་རྒྱལ་ཁབ་ཏུ་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད།

 

 

ཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྒྱལ་ཁབ་ཁག་ལ་བྱིས་པ་ཚང་མར་སིབ་བུའི་རིམས་འགོག་སྨན་ཁབ་དང་དེ་བཞིན་ནད་རིགས་གཞན་དག་སྔོན་འགོག་ཐུབ་པའི་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་ལྕག་སྐུལ་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་ཁེ་ཕན་དང་འབྲེལ་ཡོད་ཀྱི་སྡེ་ཚན་གྱིས་ཉམས་ཞན་གྱི་སྡེ་ཁུལ་ལ་རིམས་འགོག་སྨན་ཁབ་རྒྱག་པར་རོགས་རམ་བྱ་རྒྱུའི་རེ་འབོད་ཀྱང་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རིམས་ཐར་རིམས་དང་། སྐྱེ་དངོས་སྨན་རྫས་སིའི་ཀྲུའུ་རེན་ཁེ་ཐི·ཨའོ་པུའུ་ལའེ་ཨེན་གྱིས། འཛམ་གླིང་ས་གནས་ཁག་གི་བྱིས་པ་ཚོ་ས་གནས་གང་ཞིག་ཏུ་འཚོ་སྡོད་བྱེད་ཀྱིན་ཡོད་རུང་ཚང་མར་ཚེ་སྲོག་སྐྱོབ་པའི་སིབ་བུའི་རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོབ་ཐོབ་པའི་ཁེ་དབང་ཡོད་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན།

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶ས་འདིར་ཆུ་ཚོད་ཁ་ཤས་ནང་ས་ཡོམ་ཐེངས་800བརྒྱབ་འདུག

པིང་ཏའོ་གནམ་གཤིས་ཞིབ་འཇུག་ལས་ཁུངས་ཀྱིས་སྤྱི་ཚེས་15ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཐོ་རེངས་ནས་ཉིན་གུང་བར། ལུའེ་ཁེ་ཡ་ནེ་སི་ཕྱེད་གླིང་དུ་ས་ཡོམ་ཐེངས་800ལྟ་ཞིབ་ཚད་ལེན་བྱུང་བ་དེ་དེའི་གོང་ལས་ཅུང་ལེགས་སུ་ཕྱིན་ཡོད་མོད།

中央广播电视总台 央广网 版权所有

▶ལོ་གཅིག་ནང་སིབ་ནད་ཕོག་མཁན་ས་ཡ་9ཐོན་པས་འབོད་སྐུལ་་་་

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྒྱལ་ཁབ་ཁག་ལ་བྱིས་པ་ཚང་མར་སིབ་བུའི་རིམས་འགོག་སྨན་ཁབ་དང་དེ་བཞིན་ནད་རིགས་གཞན་དག་སྔོན་འགོག་ཐུབ་པའི་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་ལྕག་སྐུལ་བྱས་པ་མ་ཟད།