ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བདེ་ཐང་ཀྲུང་གོའི་བུད་མེད་བདེ་ཐང་ལ་གཅེས་སྐྱོང་གི་ལས་སྒོ།

2023-11-30 09:05:00     责编:娜科

 

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ནས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བདེ་ཐང་ཀྲུང་གོར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་བྱ་ཡུལ་རྫོང་དང་བུད་མེད་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད། ཟླ་11པའི་ཚེས་23ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བུད་མེད་འཕེལ་རྒྱས་པུའུ་ཡིས་གཙོ་གཉེར་བྱས་ཤིང་། ཀྲུང་གོ་བུད་མེད་དུས་དེབ་ཁང་དང་སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར། ཀྲུང་གོ་བུད་མེད་མཐོ་རིམ་སྨན་པའི་མཐུན་ཚོགས། ཀྲུང་ཧྭ་ནད་སྐྱོང་ལྷན་ཚོགས། ཀྲུང་གོ་གཞིས་ཁུལ་རྙིང་པའི་འཛུགས་སྐྲུན་ཡར་སྐུལ་ལྷན་ཚོགས་བུད་མེད་ལས་དོན་ཨུ་ལྷན། རྔ་བ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཞོགས་འདེགས་བྱས་ཏེ། བདེ་ཐང་ཀྲུང་གོའི་བུད་མེད་བདེ་ཐང་ལ་གཅེས་སྐྱོང་གི་ལས་སྒོ་མཛོད་དགེ་རྫོང་དུ་སྤེལ།  བུད་མེད་མང་ཚོགས་150ལས་སྒོར་ཞུགས་ཡོད།

སློབ་ཁྲིད་ཞིབ་བཤེར་གྱི་ཡུལ་དངོས་སུ་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཀོང་ཨན་མོན་སྨན་ཁང་གི་བཤང་རྒྱུ་ཚན་ཁག་གི་ཀྲུའུ་རེན་མཐོ་རིམ་སྨན་པ་ལི་ཨོའུ་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་ས་གནས་ནད་སྐྱོང་འགོ་འཛིན། ཀྲུའུ་རེན་ནང་སྐྱོང་། དགེ་རྒན་ཆེན་མོ་མིན་ལི་ཧྭ་བཅས་ཀྱིས་རྫོང་མི་དམངས་སྨན་ཁང་གི་མ་བུ་ཚན་ཁག་དང་ཕྱི་བཅོས་ཚན་ཁག་ཏུ་སྨན་བཅོས་མི་སྣར་མཛུབ་ཁྲིད་བྱེད་བཞིན་ཡོད། རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་ཐབས་རྩལ་ལོངས་སྤྱོད་ཀྱིས་སྨན་བཅོས་ཀྱི་ཇུས་གཞིར་གྲོས་བསྡུར་བྱས་ཏེ་ནད་ཐོག་སྨན་བཅོས་ཀྱི་ལས་ཀའི་ནུས་པ་ཆེ་རུ་གཏོང་རོགས་བྱས། རྫོང་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་ས་གནས་དེ་གའི་བུད་མེད་མང་ཚོགས་ལ་སྨན་བཅོས་ཀྱི་ཞབས་ཞུ་གང་ལེགས་བཏོན།

བདེ་ཐང་འཆད་ཁྲིད་ཀྱི་ཡུལ་དངོས་སུ་དགེ་རྒན་ལི་ཨོའུ་ལགས་ཀྱིས《བུད་མེད་ཡག་པའི་རྒྱུ་ནི་རྒྱུ་ལམ་གཙང་ན་རྒས་དཀའ་》ཞེས་པ་བརྗོད་དོན་དུ་བཟུང་སྟེ། ལོ་གང་མང་རིང་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་བུད་མེད་མང་ཚོགས་ལ་བདེ་ཐང་སྐོར་ནས་འཆད་ཁྲིད་བྱས། རྒྱ་ཆེའི་བུད་མེད་མང་ཚོགས་དང་ཁྱིམ་ཚང་ལ་བཟའ་བཏུང་ལུགས་མཐུན་དང་ལུས་སྦྱོང་འོས་འཚམ། འཚོ་བའི་གོམས་གཤིས་བཟང་པོ་ཆགས་པ་བཅས་ཀྱི་ཐད་འབོད་སྐུལ་བྱས།  བུད་མེད་མང་ཚོགས་རྣམས་ཀྱིས་རྒྱུན་ཤེས་འཆད་པར་ནན་ཏན་སྒོས་མཉན། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་ནས་ཐེངས་འདིའི་བྱེད་སྒོར་དགའ་བསུ་བྱས།

འོས་འགན་སྨན་བཅོས་བློ་འདྲིའི་བྱེད་སྒོའི་ཡུལ་དངོས་སུ་ཆེད་མཁས་རྣམ་གཉིས་ཀྱིས་བུད་མེད་མང་ཚོགས་ཀྱི་དོགས་གནད་སེལ་བཞིན། ཡུལ་དངོས་ནས་སྨན་བཅོས་བྱས་ཏེ་བུད་མེད་ཚོར་བདེ་ཐང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས།  འོས་འགན་སྨན་བཅོས་བློ་འདྲིས་བདེ་ཐང་ཤེས་བྱ་བུད་མེད་མང་ཚོགས་ཀྱི་གམ་དུ་བསྐྱལ་བ་མ་ཟད། ཏང་དང་སྲིད་གཞུང་གི་གཅེས་སེམས་ཀྱང་མི་སེར་གྱི་སེམས་ལ་ངེས་པར་བྱས། བདེ་ཐང་ཀྲུང་གོའི་བུད་མེད་བདེ་ཐང་གཅེས་སྐྱོང་གི་ལས་སྒོ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དང་། ནད་ཡམས་སྔོན་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་སྨན་བཅོས་བྱ་སྤྱོད་སྤེལ་བ་བརྒྱུད་བུད་མེད་དེ་བས་མང་པོར་རང་ངོས་ཀྱི་བདེ་ཐང་ལ་དོ་ཁུར་བྱ་རྒྱུར་སྐུལ་ཁྲིད་དང་། བདེ་ཐང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། བདེ་ཐང་གི་ཤེས་བྱ་འཕེལ་བ་བཅས་བྱས་ནས། རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་ནས་བདེ་ཐང་ཀྲུང་གོ་བསྐྲུན་པར་རམ་འདེགས་བྱས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བཏོན།

མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་བཞག་ལྡོམ་ཕྱུགས་རའི་བུད་མེད་ཀྱི་ཀྲུའུ་ཞི་དགེ་འདུན་མཚོས་བཤད་རྒྱུར། དེ་རིང་དགེ་རྒན་ལི་ཨོའུ་ལགས་ཀྱི་འཆད་ཁྲིད་ཉན་རྗེས་ང་ཚོས་གསོ་རིག་གི་རྒྱུན་ཤེས་གང་མང་གསར་རྟོགས་བྱུང་ལ།  ཇི་ལྟར་བྱས་ནས་བདེ་ཐང་གི་འཚོ་བ་སྐྱེལ་པར་མཛུབ་ཁྲིད་བྱས།  རང་ཉིད་ཀྱི་བདེ་ཐང་ལ་དོ་ཁུར་དང་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་སྲུང་ནས་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། སྤྲོ་སྣང་དང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སྤྱོད་ཐུབ་པར་བྱས།

 

中央广播电视总台 央广网 版权所有

བདེ་ཐང་ཀྲུང་གོའི་བུད་མེད་བདེ་ཐང་ལ་གཅེས་སྐྱོང་གི་ལས་སྒོ།

འོས་འགན་སྨན་བཅོས་བློ་འདྲིའི་བྱེད་སྒོའི་ཡུལ་དངོས་སུ་ཆེད་མཁས་རྣམ་གཉིས་ཀྱིས་བུད་མེད་མང་ཚོགས་ཀྱི་དོགས་གནད་སེལ་བཞིན། ཡུལ་དངོས་ནས་སྨན་བཅོས་བྱས་ཏེ་བུད་མེད་ཚོར་བདེ་ཐང