ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ནད་ཡམས་འདི་རིཊ་ཐོན་པ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་འདུག

2023-12-13 17:24:00     责编:娜科

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་འཛམ་གླིང་འདར་ནད་སྙན་ཞུའི》ནང་།  2022ལོར་གོ་ལ་ཧྲིལ་པོའི་འདར་ནད་ཕོག་མཁན་ཚོད་དཔག་བྱས་ན་དུང་ཕྱུར་2.49ཟིན་པ་དེ་2019ལོ་ལས་ནད་པ་ཁྲི་1600མང་དུ་ཕྱིན་ཡོད། གནམ་གཤིས་འགྱུར་ལྡོག་གིས་འདར་ནད་འགོག་བཅོས་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོས་པས། གོ་ལ་ཧྲིལ་པོས་ཛ་དྲག་གི་བྱ་སྤྱོད་སྤེལ་ནས་གོ་ལ་ཧྲིལ་པོ་ཇེ་དྲོར་འགྲོ་ཚུལ་འགོར་དུ་གཏོང་དགོས་པ་དང་། དེས་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་དགོས་ཞེས་བསྟན་ཡོད།

སྙན་ཞུའི་ནང་། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་དྲོད་ཚད་དང་བརླན་ཚད། ཆར་པ་འབབ་ཚད་བཅས་ཀྱི་འགྱུར་ལྡོག་ལས་འདར་ནད་འགོས་པའི་དུག་སྦྲང་གི་འཚོ་གནས་བྱེད་སྟངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ཚ་རླབས་དང་ཆུ་ལོག་སོགས་དམིགས་བསལ་གནམ་ངན་གྱིས་ཀྱང་ཐད་ཀར་ནད་ཡམས་མཆེད་རྒྱུར་ཤུགས་རྐྱེན་ཐེབས་ནས་རིམས་ནད་ཀྱི་ཁུར་པོ་ལྕི་རུ་འགྲོ་གི་ཡོད་ཅེས་འཁོད་ཡོད། 

སྙན་ཞུའི་ནང་2021ལོ་དང་བསྡུར་ན་2022ལོར་གོ་ལ་ཧྲིལ་པོར་འདར་ནད་ཁྲི་500གསར་དུ་ཐོན་ཡོད་ཅིང་། གེགས་བར་རང་བཞིན་གྱི་ཆུ་ལོག་ཐོན་མང་བའི་ཕ་ཁེ་སི་ཐན་གྱི་འདར་ནད་ཕོག་མཁན་2021ལོའི་ཁྲི་50ནས་2022ལོའི་ཁྲི་260ཙམ་བར་མང་དུ་ཕྱིན་ཡོད་པ་རེད། གཞན་ཡང་ཨེ་ཙེ་ཨོ་ཕི་ཡ་དང་ནི་ཀྲེ་རི་ཡ། ཕ་ཕུ་ཡ་ཀུའེ་ནེ་ཡ། ཝུ་ཀན་ཏའི་ནད་དཔེ་ཡང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། 

 

 

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་གནམ་གཤིས་ཀྱིས་འདར་ནད་འགོག་བཅོས་ཐད་ཉེན་ཁ་ཆེན་པོ་བཟོ་བཞིན་པ་དང་། ལྷག་པར་དུ་ཉམས་ཞན་ས་ཁུལ་དུ་དེ་བས་ཆེ་བ་ཡོད། ད་ཆ་དེ་སྔའི་དུས་སྐབས་གང་ཞིག་ལས་རྒྱུན་མཐུད་དང་ལྡེམ་གཤིས་ལྡན་པའི་འདར་ནད་ལ་ཁ་གཏད་གཅོག་པའི་བྱ་ཐབས་བཟུང་དགོས་པ་དང་། དུས་མཚུངས་ངེས་པར་དུ་འཕྲལ་སྒྲུབ་ཀྱི་བྱ་སྤྱོད་སྤེལ་ནས་གོ་ལ་ཧྲིལ་པོ་ཇེ་དྲོར་འགྲོ་ཚུལ་འགོར་དུ་གཏོང་དགོས་ཞེས་བསྟན་འདུག

སྙན་ཞུའི་ནང་། གནམ་གཤིས་འགྱུར་ལྡོག་ལས་ད་དུང་སྨན་བཅོས་ཞབས་ཞུ་ཉུང་དུ་འགྲོ་བ་དང་འབྲེལ་སྨན་བཅོས་མཁོ་སྤྲོད་སྦྲེལ་ཐག་ཀྱང་ཟང་ཟིང་དུ་གྱུར་ནས། འདར་ནད་མང་དུ་འགྲོ་བའི་རྣམ་པར་བར་བརྒྱུད་ཀྱི་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཀྱི་ཡོད་ཅེས་འཁོད་འདུག

 སྙན་ཞུའི་ནང་། ད་དུང་ཏོག་གསར་རིམས་ནད་ཀྱིས་རྐྱེན་པས་འགོག་བཅོས་བྱེད་མཚམས་ཆད་པ་ཕུད། སྨན་དང་འབུ་གསོད་སྨན་འགོག་རང་བཞིན་དང་། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན། ཐོན་ཁུངས་ཀྱི་ཚོད་འཛིན་སོགས་རྒྱུ་རྐྱེན་གྱིས་ཀྱང་གོ་ལ་ཧྲིལ་པོའི་འདར་ནད་འགོག་བཅོས་ལ་འཇིགས་སྐུལ་བཟོ་ཡི་ཡོད་པའི་ངོས་འཛིན་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། ལྷ་སྟག་མཚོ། 

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

ནད་ཡམས་འདི་རིཊ་ཐོན་པ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་འདུག

སྙན་ཞུའི་ནང་། ད་དུང་ཏོག་གསར་རིམས་ནད་ཀྱིས་རྐྱེན་པས་འགོག་བཅོས་བྱེད་མཚམས་ཆད་པ་ཕུད། སྨན་དང་འབུ་གསོད་སྨན་འགོག་རང་བཞིན་དང་།