ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

སྐད་འཕྲིན་གྱིས་འདི་དག་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་སྤྱི་བསྒྲཊ་སྤེལ།

2023-12-13 17:22:00     责编:娜科

       ཉེ་ཆར། སྐད་འཕྲིན་བྱུ་རུའི་བདེ་འཇགས་ཞེས་པའི་སྤྱི་སྟེགས་ཐོག་སྤྱི་བསྒྲགས་སྤེལ་ནས། སྒྲིག་འགལ་གྱི་བརྙན་ཟློས་ཐུང་གྲས་ཁག་གཅིག་དྲ་ཐོག་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་མ་ཟད་འབྲེལ་ཡོད་སྒྲིག་འགལ་གྱི་བྱ་རིམ་ཆུང་གྲས་ཐག་གཅོད་ཀྱང་བྱ་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ནང་དོན་ཆ་ཚང་གཤམ་གསལ།

       སྐད་འཕྲིན་གྱིས་བདེ་འཇགས་དང་། བདེ་ཐང་། ལྗང་མདོག་བཅས་ཀྱི་ལས་སྟེགས་ཁོར་ཡུག་གཏོད་ཐབས་ལ་གཞོལ་གྱིན་ཡོད་ལ། ལས་སྟེགས་ཀྱི་བརྙན་ཟློས་ཐུང་གྲས་ཀྱི་བྱ་རིམ་ཆུང་གྲས་འཕྲིན་སྟེགས་ཚད་ལྡན་ངང་གཉེར་སྐྱོང་བྱེད་པར་འགན་ལེན་བྱས་ནས་གོ་རིམ་ལྡན་པའི་ངང་གོང་སྤེལ་གཏོང་ཆེད། ལས་སྟེགས་ཀྱིས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཡོད། དེ་གོང་ང་ཚོས་《བྱ་རིམ་ཆུང་གྲས་ཀྱི་བརྙན་ཟློས་ཐུང་གྲས་རིགས་ཀྱི་ནང་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་བསྒྲགས་》དང་《བྱ་རིམ་ཆུང་གྲས་ཀྱི་བརྙན་ཟློས་ཐུང་གྲས་རིགས་ཀྱི་ནང་དོན་དུས་མཚམས་རང་བཞིན་གྱི་ལེགས་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས་》སྤེལ་བ་མ་ཟད། བརྙན་ཟློས་ཐུང་གྲས་ཀྱི་བྱ་རིམ་ཆུང་ངུའི་གཉེར་སྐྱོང་དང་དོ་དམ་གྱི་ཚད་གཞི་བཟོས་ཡོད།

       ཉེ་ལམ། ལས་སྟེགས་ཀྱིས་སྐོར་ཞིབ་ཞིབ་དཔྱད་བྱས་པ་བརྒྱུད། བརྙན་ཟློས་ཐུང་གྲས་རིགས་ཀྱི་བྱ་རིམ་ཆུང་གྲས་ཁག་གཅིག་ལ་འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་མ་བྱས་པའམ་ཡང་ན་རིན་ཐང་ལྟ་བ་མི་ལེགས་པའི་ནང་དོན་ཅན་གྱིས་བརྙན་ཟློས་སྤེལ་བ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་དང་། དེ་བཞིན་《ཐེང་ཞུན་སྐད་འཕྲིན་གྱི་མཉེན་ཆས་ཆོག་འཐུས་ཞབས་ཞུའི་གྲོས་མཐུན་》དང་《སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་གཉེར་སྐྱོང་ཚད་གཞི་》ཡི་འབྲེལ་ཡོད་གཏན་འབེབས་ལྟར། སྟེགས་བུའི་ཕྱོགས་ཀྱིས་སྒྲིག་འགལ་བརྙན་ཟློས་ཐུང་གྲས་ཁག་གཅིག་ཕྱིར་འཐེན་བྱས་པ་མ་ཟད། འབྲེལ་ཡོད་སྒྲིག་འགལ་གྱི་བྱ་རིམ་ཆུང་གྲས་ཐག་གཅོད་ཀྱང་བྱས་ཡོད་པ་རེད།

 

 

       བརྙན་ཟློས་ཐུང་གྲས་རིགས་ཚད་ལྡན་ངང་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་མུ་མཐུད་ཁྲིད་སྟོན་བྱས་ནས། གཉེར་སྐྱོང་མཁན་གྱི་དྲ་རྒྱའི་སྒྲ་བརྙན་བརྩམས་ཆོས་གསར་རྩོམ་ལ་དེ་བས་ལེགས་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། དྲ་རྒྱའི་བརྙན་ལམ་གྱི་སྒྲ་བརྙན་བརྩམས་ཆོས་ཀྱི་བར་མཐོངས་དེ་བས་ལེགས་པ་གཏོད་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

སྐད་འཕྲིན་གྱིས་འདི་དག་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་སྤྱི་བསྒྲཊ་སྤེལ།

བརྙན་ཟློས་ཐུང་གྲས་རིགས་ཚད་ལྡན་ངང་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་མུ་མཐུད་ཁྲིད་སྟོན་བྱས་ནས། གཉེར་སྐྱོང་མཁན་གྱི་དྲ་རྒྱའི་སྒྲ་བརྙན་བརྩམས་ཆོས་གསར་རྩོམ་ལ་དེ་