ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

2023-11-30 09:14:00     责编:娜科

 

ས་གནས་དེ་གའི་དུས་ཚོད་2023ལོའི་ཟླ་11པའི་ཚེས་26ཉིན། ཀ་ཧྲ་གྲོང་ཁྱེར་དང་། ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི་གྲོས་ཆོད་ལག་བསྟར་བྱས་པའི་ཉིན་གསུམ་པར་ཕ་ལེ་སི་ཐན་གྱི་མང་ཚོགས་དབྱི་སི་རལ་གྱིས་མཁའ་ཐོག་འཇབ་རྒོལ་བྱས་པའི་སྲང་ཤུར་དང་གཞུང་ལམ་དུ་སྐྱོད་བཞིན་ཡོད་ལ། ཉམས་ཆག་ཆེན་པོ་བྱུང་འདུག 

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་27ཉིན། ཁ་ཐར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་ས་ལིས། ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)དང་དབྱི་སི་རལ་གྱིས་དེ་སྔོན་བཞག་པའི་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་དེ་ཉིན་གཉིས་ནར་འགྱངས་གཏོང་རྒྱུར་མོས་མཐུན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། 

གཞན་ཡང་ཕྱེད་གླིང་ཕྲན་བརྙན་འཕྲིན་ལས་ཁུངས་ཀྱིས་ཧ་མ་སིའི་ཕྱོགས་ཀྱི་སྐད་ཆ་ལུང་དུ་དྲངས་ཏེ། ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་དེ་ཉིན་གཉིས་ནར་འགྱངས་གཏོང་རྒྱུའི་གཏན་འཁེལ་བྱས་པ་དང་། དམག་མཚམས་འཇོག་རྒྱུའི་ཆ་རྐྱེན་ནི་དེ་སྔོན་དང་གཅིག་མཚུངས་རེད་ཅེས་བསྟན་འདུག 

 

 

དབྱི་སི་རལ་གྱི《རྒྱལ་ཁབ་མངའ་ཁོངས་ཚགས་པར》དང་ཕྱེད་གླིང་ཕྲན་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ཕྱོགས་བསྡོམས་བྱས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱི་དཔོན་རིགས་ཀྱིས། ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ཉིན་གཉིས་ནར་འགྱངས་གཏོང་རྒྱུ་དང་། འབྱུང་འགྱུར་ཉིན་རེར་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་10རེ་གློད་འགྲོལ་གཏོང་རྒྱུ་དང་། ཉིན་གཉིས་ནང་ཁྱོན་བསྡོམས་མི་20གློད་འགྲོལ་གཏོང་རྒྱུ་ཡིན་པ་བདེན་པ་ར་སྤྲོད་བྱས་འདུག 

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི་གྲོས་ཆོད་དངོས་སུ་ལག་བསྟར་བྱས་པ་དང་། དམག་མཚམས་བཞག་པའི་དུས་ཡུན་ཉིན་4ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། ཚེ་རྡོར། 

中央广播电视总台 央广网 版权所有

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི