ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶མི་ཞིག་སྙིང་གཡུག་མཚམས་བཞག་ནས་ཆུ་ཚོད4ཡི་རྗེས་སླར་ཡང་གསོན་འདུག

2023-11-30 09:11:00     责编:娜科

 

མི་རྣམས་ཀྱི་བག་ཆགས་ཁྲོད་སྙིང་ནི་ནམ་ཡང་ལྡིང་བཞིན་ཡོད་པ་རེད། སྙིང་ལྡིང་མཚམས་བཞག་རྗེས་མིའི་ཚེ་སྲོག་ཀྱང་མཇུག་རྫོགས་སོང་བ་མཚོན། སྤྱི་ཟླ་11ཚེས་23ཉིན་གསར་འགོད་པས་ལན་ཡུན་ཀང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་ཞིག་གི་སྙིང་ལྡིང་མཚམས་བཞག་ནས་ཆུ་ཚོད་4ཡི་རྗེས་སླར་ཡང་གསོན་ཡོད་པ་རེད།

སྤྱི་ཟླ་10ཚེས་29ཉིན་གྱི་སྔ་དྲོར། ལོ་53ལ་སླེབས་པའི་ཀན་ནན་རྫོང་གི་སྐྱེས་པ་ཞིག་ལ་གློ་བུར་དུ་བྲང་ཁར་ན་ཟུག་ཚབས་ཆེན་ལངས་ནས། ཀན་ནན་རྫོང་མི་དམངས་སྨན་ཁང་ནས་ལན་ཡུན་ཀང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོར་སྐྱེལ་ནས་མྱུར་སྐྱོབ་བྱས། བརྟག་དཔྱད་བརྒྱུད་རིམ་ཁྲོད་ནད་པ་དེར་ཚེ་སྲོག་ཆད་པའི་རྟགས་རིམ་བཞིན་མངོན།

སྙིང་གཡུག་མཚམས་དང་དབུགས་རྔུབ་ལེན་བྱེད་མཚམས་བཞག་པ་དེ་སྨན་ཁང་མང་ཆེ་བར་མཚོན་ན་ནད་པ་དེ་ནད་ཐོག་ཏུ་ཤི་སོང་བར་མཚོན། འོན་ཀྱང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་ལྕིའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཤེ་ཡུང་ཕུང་གིས་ནད་པ་དེ་བློས་བཏང་མེད།

 

 

ཉིན་དེའི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་55ཐོག ཁོང་གིས་ནད་པ་EICUནང་བསྒྱུར་ནསECMOའཕྲུལ་ཆས་ཀྱིས་སྙིང་དང་གློ་བའི་ནུས་པའི་ཚབ་བྱས་ཏེ་ཁྲག་རྒྱུན་འཁོར་སྐྱོད་དང་གསོ་རླུང་མཁོ་འདོན་རྒྱུན་གཏན་དུ་བཏང་སྟེ། ནད་པའི་ཚེ་སྲོག་གི་རྒྱུན་སྐྱོང་ནས་སྨན་བཅོས་དུས་ཚོད་བརྩོན་ལེན་བྱས། དུས་ཚོད་ཚུ་ཚོདབཞི་འགོར་རྗེས། ཚང་མས་བློས་གཏོང་ལ་ཉེ་བའི་སྐབས་སུ། སྙིང་གི་གློག་རིས་གློ་བུར་དུ་འཁྱུག་ཙམ་བྱས་ཏེ། ནད་པའི་སྙིང་གི་འཕར་སྟངས་སླར་གསོ་བྱུང་།

ECMOཡི་རྒྱུན་ཆད་མེད་པའི་ནུས་པས་ནད་པའི་ལུས་པོའི་ནང་ཁུལ་གྱི་འཁོར་སྐྱོད་ཇེ་ལེགས་སུ་གྱུར། ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་40ཡི་ཐོག ECMOཡི་རྒྱབ་སྐྱོར་འོག་གི་ཏོག་དབྱིབས་སྙིང་ནད་ཀྱི་གཤགས་བཅོས་དངོས་སུ་འགོ་བརྩམས། གཤགས་བཅོས་བྱས་རྗེས། སྨན་དོན་མི་སྣས་ནད་པ་དེར་སྙིང་དང་ཀླད་པར་སྨན་བཅོས་བྱས་པས་ནད་པའི་གནས་ཚུལ་རིམ་གྱིས་ཇེ་བཟང་དུ་གྱུར།

ཉིན་ཤས་གོང་། ནད་པ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་དང་། འགྲོ་ཁར་ཁོང་གིས་སྨན་དོན་མི་སྣར་གོས་དར་ཆ་ཞིག་ཕུལ་ནས་རང་ཉིད་ཤིན་རྗེའི་ཁ་ནས་སྐྱབས་པའི་བཀའ་དྲིན་མཚོན་པར་བྱས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན་དབང་ཕྱུག

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

▶མི་ཞིག་སྙིང་གཡུག་མཚམས་བཞག་ནས་ཆུ་ཚོད4ཡི་རྗེས་སླར་ཡང་གསོན་འདུག

ཉིན་ཤས་གོང་། ནད་པ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་དང་། འགྲོ་ཁར་ཁོང་གིས་སྨན་དོན་མི་སྣར་གོས་དར་ཆ་ཞིག་ཕུལ་ནས་རང་ཉིད་ཤིན་རྗེའི་ཁ་ནས་སྐྱབས་པའི་བཀའ་དྲིན་མཚོན་པར་བྱས།