ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

དྲ་ཐོག་ཉོ་ཚོང་ཐད་འདི་ལྟར་དྲན་སྐུལ་བྱས་ཡོད།

2023-11-08 16:25:00     责编:娜科

 

 

ནམ་རྒྱུན་ལོ་རེའི་ཟླ11པའི་ཚེས11ཉིན་ཏེ"ཆ11"(གཤམ་དུ"ཆ11"ཞེས་བསྡུ་རྒྱུ)གི་སྐབས་སུ་འཛད་སྤྱོད་པར་དངོས་ཟོག་གི་རིན་གོང་མར་གཅོག་པ་དང་འཛིན་ཤོག་ཕྱིར་སློག་པ། དངོས་ཟོག་ཉོ་འཚོང་གི་རྒྱན་ལེན་པ་སོགས་ཀྱི་བརྡ་ཁྱབ་གང་སར་སྤེལ་བཞིན་ཡོད་ཅིང་། ཚོང་བ་སྐོར་ཞིག་གིས་གོ་སྐབས་འདི་དང་བསྟུན་ནས་འཛད་སྤྱོད་པར་མགོ་སྐོར་ཡང་གཏོང་བཞིན་ཡོད་དེ། ཁ་ནས་བཤད་པ་ལག་བསྟར་བྱེད་དཀའ་བ་དང་། ཚོང་ཟོག་ལ་གནད་དོན་ཡོད་པ། ཚོང་ཟོག་བཙོངས་རྗེས་རང་འགན་གཞན་དཀྲི་བྱེད་པ། ཚོང་ཟོག་བསྐུར་བར་འགོར་འགྱངས་བྱེད་པ་སོགས་ཞུ་གཏུག་བྱ་ཡུལ་དུ་གྱུར་བཞིན་ཡོད་སྟབས། ཟླ11པའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ཟི་ལིང་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་བྱས་ཏེ། "ཆ11"གི་སྐབས་སུ་དངོས་ཟོག་ཉོ་སྐབས་ཚུལ་མཐུན་འཛད་སྤྱོད་དང་། ཚན་རིག་དང་མཐུན་པའི་འཛད་སྤྱོད་བྱ་དགོས་པའི་དྲན་སྐུལ་བྱས་ཡོད། 

ནན་ཏན་གྱིས་གདམ་གསེས་བྱས་ནས་ཚོང་ཁང་མང་པོའི་དངོས་ཟོག་ལ་བསྡུར་བ་བྱ་དགོས་ཏེ། དྲ་ཐོག་ནས་ཉོ་འཚོང་བྱེད་སྐབས་ངེས་པར་དུ་ཕ་རོལ་བའི་ཚོང་ཁང་གི་ཐོབ་ཐང་ཆ་ཚང་བ་དང་། མཚན་སྙན་ཅུང་ལེགས་པའི་ཉོ་འཚོང་སྟེགས་བུ་དང་དྲ་ཐོག་ཚོང་ཁང་གདམ་དགོས་པ་ལས། ལག་འཁྱེར་མེད་པའི་ཐད་གཏོང་ཉོ་འཚོང་ལ་ཡིད་ཆེས་བྱེད་མི་རུང་། སྒོར་མོ་སྤྲོད་སྐབས་ཕྱོགས་གསུམ་པར་སྒོར་མོ་སྤྲོད་པའི་བྱེད་སྟངས་གདམ་རྒྱུའམ། ཡང་ན་དངོས་ཟོག་འབྱོར་རྗེས་སྒོར་མོ་སྤྲོད་པའི་བྱེད་སྟངས་སྤྱད་དེ་ཐད་ཀར་མི་སྒེར་ལ་སྒོར་མོ་མི་བསྐུར་བར་གྲོས་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པར་བྱ་དགོས།

འཆར་གཞི་ཡག་པོ་བཟོས་ནས་ཧོལ་རྒྱུག་བྱེད་མི་རུང་སྟེ། གློག་རྡུལ་ཚོང་ལས་ཀྱི་བརྡ་ཁྱབ་སྣ་ཚོགས་ཀྱི་མདུན་དུ། ཧོལ་རྒྱུག་བྱས་ནས་འཛད་སྤྱོད་མི་བྱེད་པ་དང་། གཞན་ལ་ལད་ཟློས་བྱས་ནས་འཛད་སྤྱོད་མི་བྱེད་པར་རང་ཉིད་ཀྱི་དགོས་མཁོ་གཙོ་བོར་གཞིགས་ནས་ཉོ་འཚོང་གི་འཆར་གཞི་བཟོས་དགོས་ཏེ། བེད་མེད་དུ་ལུས་པའམ་རིན་གོང་དམའ་བའི་དངོས་ཟོག་མང་པོ་ཉོས་ནས་རང་ཉིད་ཀྱི་སྒོར་མོ་གང་འདོད་དུ་བརླག་མི་རུང་། 

གཏའ་དངུལ་སྔོན་ལ་སྤྲད་ནས་མགོ་སྐོར་ཐེབས་པར་དོགས་ཟོན་བྱ་དགོས་ཏེ། གཏའ་དངུལ་མ་སྤྲད་སྔོན་དུ་ཚོང་ཟོག་གང་དེ་སྔོན་ལ་རིན་གོང་སྤར་བ་དང་རྗེས་སུ་རིན་གོང་མར་གཅོག་པའི་གནས་ཚུལ་ཡོད་མེད་ལ་ལྟ་ཞིབ་བྱས་ཏེ། ཚོང་བདག་གི"སྔོན་ལ་འཕར་བ་དང་རྗེས་སུ་གཅོག་པའི"གཡོ་འོག་ཏུ་མི་ཚུད་པ་བྱ་དགོས། ཚོང་ཟོག་ཉོ་སྒྲུབ་མ་བྱས་སྔོན་ལ་ཚོང་ཁང་གི་སྐུལ་མ་གཏོང་བའི་སྒྲིག་སྲོལ་ཤེས་རྟོགས་བྱས་ཏེ། དངུལ་སྤྲད་རྗེས་ཕན་ཆ་ལོངས་སྤྱོད་བྱེད་ཐབས་མེད་པ་དང་། གཏའ་དངུལ་ཕྱིར་མི་སློག་པ་སོགས་ཀྱི་གནད་དོན་མི་འབྱུང་བར་བྱ་དགོས། གཞན་ཡང་གཏའ་དངུལ་སྤྲོད་རྒྱུ་དེ་ཚོང་ཟོག་གང་དེའི་སྤྱིའི་རིན་གོང་གི20%ལས་མི་བརྒལ་བའི་གྲོས་བྱ་དགོས།

ནན་ཏན་གྱིས་ཞིབ་བཤེར་བྱས་ནས་བདེན་དཔང་འཇོག་དགོས་ཏེ། “ཆ11”གི་བྱ་འགུལ་སྐབས་སུ་ཚོང་ཟོག་ཉོ་འཚོང་མང་པོ་བྱེད་ཅིང་། ཚོང་ཟོག་སྐྱེལ་འདྲེན་གྱི་དུས་ཚོད་ཅུང་རིང་བས་རེ་བ་ཡིན་ན་འཛད་སྤྱོད་པས་དངོས་ཟོག་ལེན་སྐབས། དངོས་ཟོག་ལ་ཆག་སྐྱོན་བྱུང་ཡོད་མེད་དང་། རང་གིས་ཉོས་པའི་ཚོང་ཟོག་གི་རིགས་དང་ཚད་གཞི། ཁ་གྲངས་སོགས་མཐུན་མིན་ལ་བལྟ་དགོས་ཤིང་། གལ་ཏེ་གནད་དོན་རེ་བྱུང་ཡོད་ཚེ་དུས་ཐོག་ཏུ་དངོས་ཟོག་ཕྱིར་སློག་དགོས་པར་མ་ཟད། པར་བླངས་ནས་བདེན་དཔང་འཇོག་དགོས། དངོས་ཟོག་ཐད་ཀར་བླངས་ནས་ཉིན་འགའི་རྗེས་སུ་ཕྱིར་སློག་པ་ཡིན་ན་དོན་མེད་དུ་དངོས་ཟོག་ཕྱིར་སློག་པར་གཏོགས་པས། དུས་ཐོག་ཏུ་ཚོང་ཁང་དང་འབྲེལ་བ་བྱས་ནས་ཕྱིར་སློག་དགོས།

དྲ་ལམ་དུ་ཚོང་ཟོག་ཉོ་སྐབས་ཚོང་ཁང་ལ་རང་འགུལ་གྱིས་སྤ་སེ་སློང་དགོས་ཏེ། ཚང་ཁང་གི་ཆ་འཕྲིན་དང་ཁ་བརྡའི་ཟིན་ཐོ། ཚོང་ཟོག་མངག་ཐོའི་ཞིབ་ཕྲའི་གནས་ཚུལ་པར་བླངས་ནས་ཉར་ཚགས་བྱས་ཏེ་བདེན་དཔང་དུ་འཇོག་དགོས། འཛད་སྤྱོད་རྩོད་གཞི་བྱུང་ཚེ་དུས་ཐོག་ཏུ་སྟེགས་བུ་གང་དང་དེ་འཚོང་མཁན་ལ་འབྲེལ་བ་བྱས་ནས་གྲོས་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། ཡང་ན12315ལ་ཁ་པར་བཏང་ནས་ཞུ་གཏུག་བྱས་ཀྱང་ཆོག

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་བྱང་ཆིངས་མཚོ་དམག་བཀག་འགོག་བྱས།

ཨུ་རུ་སུས་ཕྱི་རྒྱལ་དང་མཉམ་དུ་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་ཀ་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་ལུགས་བསྟན།

中央广播电视总台 央广网 版权所有

དྲ་ཐོག་ཉོ་ཚོང་ཐད་འདི་ལྟར་དྲན་སྐུལ་བྱས་ཡོད།

དྲ་ལམ་དུ་ཚོང་ཟོག་ཉོ་སྐབས་ཚོང་ཁང་ལ་རང་འགུལ་གྱིས་སྤ་སེ་སློང་དགོས་ཏེ། ཚང་ཁང་གི་ཆ་འཕྲིན་དང་ཁ་བརྡའི་ཟིན་ཐོ། ཚོང་ཟོག་མངག་ཐོའི་ཞིབ་ཕྲའི་གནས་ཚུལ་པར་བླངས་ནས་ཉར་ཚགས་བྱས་ཏེ་བདེན་དཔང་དུ་འཇོག་དགོས། འཛད་སྤྱོད་རྩོད་གཞི་བྱུང་ཚེ་དུས་ཐོག་ཏུ་སྟེགས་བུ་གང་དང་དེ་འཚོང་མཁན་ལ་འབྲེལ་བ་བྱས་ནས་གྲོས་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། ཡང་ན12315ལ་ཁ་པར་བཏང་ནས་ཞུ་གཏུག་བྱས་ཀྱང་ཆོག