ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

བོད་ལྗོངས་ཀྱིས་དཔོན་ཉམས་རིང་ལུཊ་སོཊ་ལ་རྡུང་རྡེག་ནན་པོ་བཏང་།

2023-11-07 15:53:00     责编:娜科

བོད་ལྗོངས་ཀྱིས་ཕྱི་ཚུལ་རིང་ལུཊ་དང་དཔོན་ཉམས་རིང་ལུཊ་ལ་རྡུང་རྡེག་ནན་པོ་བཏང་།

 

བོད་ལྗོངས་གཉའ་ནང་རྫོང་གི་ལས་དོན་སྡེ་ཚན་ཞིག་གི་དེ་སྔའི་འགན་ཁུར་བ་གཙོ་བོ་སྐལ་ཆེ་གེ་མོ་ལ་མཚོན་ན། གོང་རིམ་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་སྐབས་རྣམ་འགྱུར་ཡག་པོ་མེད་པ་དང་། རྫོང་ཨུད་ཀྱི་ལས་འགན་གཙོ་བོར་ཁྲལ་སེལ་སླ་བཅོས་བྱས་པ། འགངས་ཆེན་གསུམ་དང་གལ་ཆེན་གཅིག་གི་ལམ་ལུགས་ལག་བསྟར་ནན་པོ་མ་བྱས་པ།    གཞི་རིམ་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ལས་དོན་གལ་ཆེན་དུས་ལྟར་མི་སྒྲུབ་པས།  གཉའ་ནང་རྫོང་ཨུད་ཀྱིས་ཞིབ་འཇུག་ཐག་གཅོད་བྱས་ཏེ་སྐལ་ཆེ་གེ་མོ་གནས་དབྱུང་བཏང་ཡོད།   

ཉེ་ཆར།  བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ལས་བྱེད་པ་མི་ཉུང་བ་ཞིག་གི་དཔེ་མཚོན་གྱོད་གཞི་རིམ་པ་ལྟར་བརྡ་ཁྱབ་བཏང་བ་དང་།  འདི་ནི་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འབུར་ཐོན་གནད་དོན་གཅིག་སྡུད་ངང་བཅོས་སྐྱོང་བྱས་པ་ཞིག་ཡིན་པས། སྤྱོད་ཚུལ་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཞིག་ཀྱང་རེད།

 

ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པ་མངོན་འགྱུར་ཡོང་བའི་ཏང་གི་འགན་འཁྲིའི་དགྲ་བོ་ཆེན་པོ་ཞིག་ཡིན།  སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་བོར་བཟུང་ནས་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་ནན་བཏོན་བྱས་ཡོད།  བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཅུས་ཀྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་།  ཕྱོགས་གཉིས་པོར་དམ་འཛིན་གྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དཔེ་མཚོན་རང་བཞིན་དང་སྐབས་ཐོག་རང་བཞིན་དམ་འཛིན་བྱས་པ།  བྱས་རྗེས་འཇོག་འདོད་མེད་པ་དང་།  འགན་འཁྲི་འཁུར་འདོད་མེད་པ།  ཡར་བརྩོན་གྱི་བསམ་བློ་མེད་པ།  དམ་པ་དོན་གཉེར་མེད་པ།  འཚེར་སྣང་གི་བསམ་པ་མེད་པ་བཅས་ལ་དམིགས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་21དང་མི་45རྩད་ཞིབ་བྱས་པས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་དེ་ཞིབ་ཕྲའི་ལག་ལེན་དངོས་ལ་བསྒྱུར་ཡོད།  

ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དེ་བསམ་བློའི་ལྟ་ཚུལ་དང་ལམ་ལུགས་ལམ་སྲོལ།  འགོ་ཁྲིད་བྱེད་སྟངས་སོགས་དང་འབྲེལ་བ་དམ་ཟབ་ཡོད་པས་ངེས་པར་དུ་དུས་ཡུན་རིང་པོ་དམ་པོར་འཛིན་དགོས་པ་དང་།  ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ།  བཅོས་སྐྱོང་ལས་དོན་གྱི་ཚན་རིག་རང་བཞིན་དང་མ་ལག་རང་བཞིན།  གསར་སྐྲུན་རང་བཞིན་མཐོར་འདེགས་གཏོང་དགོས།  ཉེ་ལམ།  བོད་རང་སྐྱོང་ལྗོངས་སྒྲིག་བཤེར་དང་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་ཡང་བསྐྱར་ཉིང་ཁྲི་རྫོང་གི་“3.07”ནགས་ཚལ་མེ་སྐྱོན་གྱི་ཡུལ་དངོས་སུ་བརྟག་དཔྱད་བྱེད་པར་བསྐྱོད་དེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་གཏིང་ཟབ་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་གསལ་པོ་བཏོན་ཡོད།  

རང་བྱུང་ཐོན་ཁུངས་ཐིང་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ཆེད་དོན་ལྟ་སྐུལ་ལམ་ལུགས་དང་དོན་འཁྱོལ་རྩིས་ཁྲ་བཟོས་ནས།  ལྟ་སྐུལ་ཞིབ་བཤེར་ཐེངས་15བྱས་པ་དང་།  ལྟ་སྐུལ་བྱ་ཡུལ་ཚན་པའི་ཏང་ཡོན་ལས་བྱེད་པས་འགན་འཁུར་གྱི་སྙིང་སྟོབས་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་རང་སྡེ་ཚན་དང་སྡེ་ཚན་གྱི་ལས་འགན་ལ་བསྒྱུར་བ།  ཚན་རིག་གི་ཆོས་ཉིད་དང་།  དོན་དངོས་གནས་ཚུལ།  མང་ཚོགས་ཀྱི་དགོས་མཁོ་བཅས་ལ་བརྩི་བཀུར་མི་བྱེད་པའི་གནད་དོན་གཙོ་བོར་བཟུང་ནས་བཅོས་སྐྱོང་བྱས་ཡོད། རང་ཤེད་ཀྱིས་ཇུས་ཐག་གཅོད་པ་དང་།  སྲིད་དོན་ལ་བརྟེན་ནས་བཟོ་གྲྭ་གཉེར་བ།   གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱས་པ་དང་།  སྟོང་གཏམ་ཤོད་པ་དང་། དོན་འཁྱོལ་དམ་འཛིན་མི་བྱེད་པ། སྐུལ་འདེད་མི་གཏོང་བ་སོགས་ཀྱི་ཕྱོགས་ལྷུང་ངན་པ་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ཡོང་བར་འགན་ལེན་བྱས་ཡོད།  

བོད་རང་སྐྱོང་ལྗོངས་སྒྲིག་ཞིབ་ལས་ཁུངས་ཀྱིས་འགོ་ཁྲིད་ཨང་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཙོ་བོ་བྱས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་པོ་དང་།  རང་འགན་རང་འཁུར།  དོ་དམ་ནན་པོ་བྱེད་པ་སོགས་ལ་སྐུལ་འདེད་བཏང་སྟེ།  འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དོན་དངོས་བྱ་བ་སྒྲུབ་པ་དང་།  བྱ་ཐབས་དངོས་སྤྱོད་པ།  ཕན་འབྲས་དངོས་གཉེར་བཅས་བྱས་ཏེ་རང་ངོས་དང་ས་གནས་དེའི་སྡེ་ཚན་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཤིང་།  ཁ་གཏད་རང་བཞིན་གྱིས་བཅོས་སྒྲིག་བྱས་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་གཏིང་ཟབ་དང་།  སྤྱོད་ཚུལ་ལེགས་སྒྱུར།  དོན་འཁྱོལ་དམ་འཛིན་བཅས་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་བསྟར་རྒྱུ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས།  འགན་འཁྲི་རྩད་གཅོད་དང་དོན་འཁྱོལ་ཡག་པོ་མ་བྱུང་བའི་ཏང་རྩ་འཛུགས་2དང་།  ཏང་ཡོན་འགོ་ཁྲིད་ལས་བྱེད་པ་300ལྷག་ལ་འགན་འཁྲི་རྩད་གཅོད་བྱས་ཤིང་།  དེའི་ཁྲོད་མི་110ལྷག་ལ་ཆད་པ་བཅད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།  

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

​▶ཨུ་རུ་སུས་གཞི་ཁྱོན་ཆེ་བའི་ཉིང་རྡུལ་ཕར་རྒོལ་ནང་སྦྱོང་བྱས་འདུག

ཁེ་ལི་མུའུ་ལིན་ཕོ་བྲང་ཕྱོགས་ཀྱིས། ད་ཐེངས་ཀྱི་ནང་སྦྱོང་ནང་ཨུ་རུ་སུའི་དམག་དོན་བཀོད་འདོམས་སྒྲིག་གཞིའི་དམག་གྲབས་ཆུ་ཚད་དང་འབྲེལ་ཡོད་དཔུང་སྡེའི་དམག་འཐབ་མི་སྣའི་རྩལ་ནུས་ལ་ཞིབ་དཔྱད་བྱས་ཡོད་པ་དང་། འཐབ་ཇུས་ཀྱི་ཟིལ་ཤུགས་ནང་སྦྱོང་ཁྲོད་འཆར་གཞིའི་ལས་འགན་ཡོངས་སུ་གྲུབ་ཡོད་ཅེས་བསྟན་འདུག

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་དཔོན་ཉམས་རིང་ལུཊ་སོཊ་ལ་རྡུང་རྡེག་ནན་པོ་བཏང་།

བོད་རང་སྐྱོང་ལྗོངས་སྒྲིག་ཞིབ་ལས་ཁུངས་ཀྱིས་འགོ་ཁྲིད་ཨང་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཙོ་བོ་བྱས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་པོ་དང་།