ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཚང་མས་གཟིཊ། ཚེ་ཐར་གཏོང་བའི་ཐད་གཏན་འབེབས་གསར་པ་བཟོས་འདུག

2023-10-24 15:59:00     责编:娜科

སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཆུ་སྐྱེས་སྐྱེ་དངོས་ཀྱི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བདག་སྐྱོང་བྱེད་པ་དང་། ཆུ་ཁོངས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། འབྱུང་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། ཉ་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་། བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས། བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་སོགས་ཚན་པ་11གིས《བོད་རང་སྐྱོང་ལྗོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཚེ་ཐར་གཏོང་བའི་བྱེད་སྒོ་ཚན་རིག་དང་མཐུན་ཞིང་ཚད་ལྡན་དུ་གཏོང་རྒྱུའི་སྒོར་གྱི་དོ་དམ་བྱ་ཐབས(གནས་སྐབས་ལག་བསྟར)》གྱི་བརྡ་ཐོ་པར་འགྲེམས་བྱས་པ་དང་། བྱ་ཐབས་འདི་བོད་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་སྤྱི་པའི་ཆུ་ཁོངས་དང་། ཆུ་མཛོད། འདམ་ར་བཅས་ཀྱི་ནང་ཚེ་ཐར་གཏོང་བའི་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་སྤྱད་འཐུས་ཆོག་པ་དང་། 2023ལོའི་ཟླ་11པའི་ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་གོ་ཆོད་དུས་ཡུན་ནི་ལོ་གཉིས་ཡིན་པ་རེད།

 

དཔྱད་གཞིའི་པར་རིས།

 

བྱ་ཐབས་འདིའི་གཏན་འབེབས་ལྟར་ན། ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་སྐབས་རང་བྱུང་ལ་བརྩི་འཇོག་དང་སྲུང་སྐྱོང་སྔོན་འགྲོར་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་འབྱུང་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་འཁྱོངས་ཀྱིས་སྤྱི་པའི་ཆུ་ཁོངས་དང་། ཆུ་མཛོད། ཆུ་རྫིང་། འདམ་ར་བཅས་ཀྱི་སྣོད་བཅུད་གྲུབ་ཆ་དང་འབྱུང་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། ལྗོངས་ཡོངས་ཀྱི་སྤྱི་པའི་ཆུ་ཁོངས་དང་ཆུ་མཛོད། རྫིང་བུ། འདམ་ར་བཅས་ལ་སྦལ་ཆེན་དང་། རུས་སྦལ། མཆིག་སོགས་ས་ཕྱོགས་གཞན་གྱི་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་དང་། ལྟོ་འགྲོའི་སྲོག་ཆགས། གཏིང་འཚོ་སྲོག་ཆགས་བཅས་ཀྱི་རིགས་ཡོད་ཚད་ཚེ་ཐར་གཏོང་མི་ཆོག་པ་དང་། སྤྱི་པའི་ཆུ་ཁོངས་དང་། ཆུ་མཛོད། རྫིང་བུ། འདམ་ར་བཅས་སུ་སོན་རྒྱུད་དང་རྒྱུད་འདྲེས་སོན་རྒྱུད། གཞི་རྒྱུ་སྒྱུར་བའི་སོན་རྒྱུད། དེ་བཞིན་འབྱུང་ཁམས་ཀྱི་བླང་བྱ་དང་མི་མཐུན་པའི་ཆུ་སྐྱེས་སྐྱེ་དངོས་གཞན་དག་བཅས་ཚེ་ཐར་གཏན་ནས་གཏོང་ཆོག་གི་མེད་པ་རེད། 

ཚེ་ཐར་གཏོང་སའི་ས་ཁུལ་དེ་གའི་སྤྱི་པའི་ཆུ་ཁོངས་དང་། ཆུ་མཛོད། རྫིང་བུ། འདམ་ར་བཅས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཁྱབ་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱ་དགོས་ཤིང་། ས་ཆ་དེ་གའི་ཉ་རིགས་སོགས་ཆུ་སྐྱེས་སྐྱེ་དངོས་ཡུན་རིང་འཚོ་གནས་དང་། གསོ་སྤེལ། སྐྱེ་འཚར་དང་འཚམ་མཐུན་བཅས་ཡིན་པའི་ཆུ་ཁོངས་བདམས་ཏེ་ངེས་པར་དུ་སྔོན་ལ་ཉ་ལས་ཐོན་ཁུངས་ཉམས་ཞན་དུ་འགྲོ་བཞིན་པའི་ཆུ་བོ་དང་ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཁུལ་སོགས་ས་ཁོངས་འདེམས་དགོས། ཚེ་ཐར་གཏོང་བའི་བྱེད་སྒོ་ནི་གཙང་པོ་དང་མཚོ། མཚེའུ་སོགས་སྤྱི་པའི་ཆུ་ཁོངས་དང་ཆུ་མཛོད། རྫིང་བུ། འདམ་ར་བཅས་སུ་སྤེལ་འོས་པ་དང་། གཟུགས་ཅུང་ཆེ་བའི་ཆུ་སྐྱེས་སྲོག་ཆགས་ནི་ཆུ་གཏིང་ཟབ་སར་ཚེ་ཐར་བཏང་ན་ལེགས། གཙང་ཆུའི་འགྲམ་དང་ཆུ་མཛོད་ཀྱི་ཆུའི་སྤུས་ཚད་ཅུང་བཟང་ས། ཆུ་སྒོ་དང་རྒྱང་ཐག་རིང་ཞིང་ཆུ་ཤུགས་ཆེ་བ། དེ་བཞིན་ཆུ་ཁོངས་ཡངས་བའི་ཆུ་འགྲམ་དུ་ཚེ་ཐར་བཏང་ན་འཚམ་པོ་ཡོད་པ་མ་ཟད་ཆུ་ཁོངས་ཀྱི་རླུང་ཤུགས་ཆེ་ཤོས་ནི་རིམ་པ་ལྔ་མན་ཡིན་དགོས། ཆུ་འགྲམ་དུ་ཚེ་ཐར་གཏོང་སྐབས་སུ་ཚེ་ཐར་གཏོང་མཁན་གྱིས་ཆུ་ངོས་ཀྱི་རགས་དང་ཉེ་སའི་ཆུ་ངོས་ནས་ཉ་རིགས་དེ་ཆུའི་ནང་དུ་དལ་པོར་འཇོག་དགོས། ཆ་རྐྱེན་ཡོད་ཚེ་འདྲེད་ལམ་སོགས་ཀྱི་སྒྲིག་ཆས་སྤྱོད་དགོས་པ་ལས། མཐོ་ས་ནས་གཡུག་པའམ་ཡང་ན་བར་སྣང་ནས་ཆུའི་ནང་བསྐྱུར་བའི་ཚེ་ཐར་གཏོང་ཐབས་སྤྱོད་མི་རུང་།

ཚེ་ཐར་གཏོང་བའི་དུས་ཚོད་ནི་ཉ་རིགས་སོགས་ཆུ་སྐྱེས་སྐྱེས་དངོས་ཀྱི་སྐྱེ་དངོས་རིག་པའི་ཁྱད་ཆོས་ལ་གཞིགས་ནས་བཀོད་སྒྲིག་བྱ་དགོས་ཤིང་། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ན་ཟླ་4ནས་ཟླ་9པའི་བར་གྱི་དུས་ཚོད་བདམས་ན་མཚམས་ཤོས་ཡིན། 

 གཏན་འབེབས་འདི་ལས་འགལ་རིགས་ལ་རིམ་ཁག་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་གི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས》 《ཕྱི་ནས་བཙན་འཛུལ་བྱས་པའི་སྲོག་ཆགས་དོ་དམ་བྱ་ཐབས》《ཆུ་སྐྱེས་སྐྱེ་དངོས་སྐྱེ་འཕེལ་དང་གློད་པའི་དོ་དམ་གཏན་འབེབས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ། ཆུ་ཁོངས་ཀྱི་འབྱུང་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་རིགས་ལ། སྐྱེ་ཁམས་ཁ་གསབ་ཕུད(ཞིབ་ཕྲའི་གནས་ཚུལ་ཕྱོགས་གསུམ་པའམ་ཆེད་ལས་མཁས་པས་རིགས་པས་ཁུངས་སྐྱེལ་གྱིས་གུན་གསབ་འཇལ་་ཐབས་འདོན་རྒྱུར་མངག་བཅོལ་བྱ་དགོས།)སྤྱི་བདེ་ལས་ཁུངས་ལ་སྤྲད་ནས་དེར་བསྟུན་གྱི་བཅའ་ཁྲིམས་འགན་འཁྲི་བདའ་འདེད་གཏོང་རྒྱུ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཆུ་སྐྱེས་སྐྱེ་དངོས་ཚེ་ཐར་གཏོང་བའི་དོ་དམ་ལས་དོན་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་མ་ཟད་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། བཀྲ་ཤིས་རྡོ་རྗེ།

འཛམ་གླིང་སྐར་ཁུངས།

▶ཕ་དབྱིའི་གདོང་ཐུག་ནང་མི6000ལྷག་འཆི་རྨས་བྱུང་ཞིང་པའེ་ཏེང་གིས་་

ང་རང་གིས་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དབྱི་སི་རལ་གྱི་སྲིད་གཞུང་དང་མི་དམངས་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན།

中央广播电视总台 央广网 版权所有

ཚང་མས་གཟིཊ། ཚེ་ཐར་གཏོང་བའི་ཐད་གཏན་འབེབས་གསར་པ་བཟོས་འདུག

ཚེ་ཐར་གཏོང་བའི་དུས་ཚོད་ནི་ཉ་རིགས་སོགས་ཆུ་སྐྱེས་སྐྱེས་དངོས་ཀྱི་སྐྱེ་དངོས་རིག་པའི་ཁྱད་ཆོས་ལ་གཞིགས་ནས་བཀོད་སྒྲིག་བྱ་དགོས་ཤིང་། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ན་ཟླ་4ནས་ཟླ་9པའི་བར་གྱི་དུས་ཚོད་བདམས་ན་མཚམས་ཤོས་ཡིན།