ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཕ་དབྱིའི་གདོང་ཐུག་ནང་མི6000ལྷག་འཆི་རྨས་བྱུང་ཞིང་པའེ་ཏེང་གིས་་

2023-10-12 15:37:00     责编:娜科

 

ཕ་ལི་སི་ཐན་འཕྲོད་བསྟེན་སྡེ་ཚན་གྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་9ཉིན་གནས་ཚུལ་གསར་ཤོས་སྤེལ་བ་ལྟར་ན། དབྱི་སི་རལ་དམག་དཔུང་གི་མཁའ་རྒོལ་སོགས་བྱ་སྤྱོད་ནང་ཕ་ལི་སི་ཐན་བ་508རྐྱེན་ལམ་དུ་ཤོར་བ་དང་མི་2800ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

 

 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གནས་ཚུལ་སྤེལ་བ་ལྟར་ན། གདོང་ཐུག་ནང་དབྱི་སི་རལ་བ་700ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དབྱི་སི་རལ་འཕྲོད་བསྟེན་སྡེ་ཚན་གྱི་སྤྱི་ཚེས་9ཉིན་གྱི་སྔ་དྲོའི་གཞི་གྲངས་ལྟར་ན་མི་2300ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

སྤྱི་ཚེས་8ཉིན། ཕ་ལི་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་སྔར་བཞིན་མཚམས་བཞག་མེད་པ་དང་། ཉིན་དེར་ཕ་ལི་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ་(ཧ་མ་སི)གྱིས། སྤྱི་ཚེས་7ཉིན་གྱི་དགོང་མོ་དང་སྤྱི་ཚེས་8ཉིན་གྱི་སྔ་དྲོ་དབྱི་སི་རལ་ལ་མེ་ཤུགས་འཕུར་མདེལ་བརྒྱ་ལྷག་ཙམ་འཕེན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

གཞན་ཡང་། ཧ་མ་སིའི་ཁོངས་གཏོགས་ཀྱི་དྲག་ཆས་ཤོག་ཁག་གི་མགྲིན་ཚབ་པ་ཁ་སེང་ལུའི་ཡིས་སྤྱི་ཚེས་8ཉིན། དབྱི་སི་རལ་དམག་དཔུང་གིས་ཀ་ཧྲ་རྒྱུད་ལ་མཁའ་རྒོལ་བྱས་པར་རྒོལ་ལན་སློག་པའི་ཚུལ་དུ་ཉིན་དེའི་དགོང་མོ་ཁ་སང་ལུའེ་ཡིས་ཐེ་ལ་ཝུའེ་ཕུའུ་རུ་གནས་པའི་པན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་ཐང་དང་དབྱི་སི་རལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཨ་ཧྲི་ཁའེ་ལུང་དུ་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་ཡོད་ཅེས་བཤད་པ་རེད། ཉིན་དེར་ཁ་སེང་ལུའེ་ཡིས་ད་དུང་དབྱི་སི་རལ་ལ་ས་ངོས་ནས་འཇབ་རྒོལ་ཡང་བྱས་ཡོད་པ་རེད།

 

 

ཉིན་དེར། དབྱི་སི་རལ་དམག་དཔུང་གིས་ཀ་ཧྲ་རྒྱུད་ལ་ཡོད་པའི་ཧ་མ་སིར་མཁའ་རྒོལ་བྱས་ཤིང་། ཀ་ཧྲ་རུ་ཡོད་པའི་ཧ་མ་སིའི་གཞུང་ལས་ཁང་དང་སྦྱོང་བརྡར་སྒར་ས། ད་དུང་དམངས་སྡོད་ཁང་པ་མང་པོ་གཏོར་ཡོད་ཅིང་མི་མང་པོ་རྐྱེན་ལམ་དུ་བཏང་ཡོད།  གཞན་ཡང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཀ་ཧྲའི་མཐའ་འཁོར་ལ་དམག་མི་ཁ་སྣོན་བྱེད་བཞིན་པ་དང་། དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པས་སྤྱི་ཚེས་8ཉིན་གྱི་ཕྱི་དྲོ། དབྱི་སི་རལ་དམག་དཔུང་གིས་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་ཁ་ཤས་ཀྱིས་འཕྲོག་ལེན་བྱས་ཟིན་པའི་ས་ཁོངས་ཁ་ཤས་སླར་ཡང་ཚོད་འཛིན་བྱས་ཡོད་པ་དང་། སླད་ཕྱིན་ཆུ་ཚོད་24ནང་ཀ་ཧྲ་མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་20ལྷག་ལས་དབྱི་སི་རལ་གྱི་ཡུལ་མི་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བརྗོད།

 

 

པའེ་ཏེང་གིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་པ།

ཨ་རིའི་རྒྱལ་ཚོགས་ཧྲན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕོ་བྲང་དཀར་པོས། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་7ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་སྐད་འབྲེལ་བྱས་ནས་ཨ་རིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་བསྒྲགས་བྱས་ཡོད་ཅེས་བརྗོད་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན། པའེ་ཏེང་གིས་གསལ་བསྒྲགས་ཤིག་གི་ནང་དེ་རིང་ཞོགས་པ་ང་དང་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་གཉིས་ཀྱིས་དབྱི་སི་རལ་ལ་མུ་མཐུད་འཇིགས་སུ་རུང་བའི་འཇབ་རྒོལ་ཕོག་པའི་སྐོར་གླེང་མོལ་བྱས་པ་ཡིན་ཞེས་པ་དང་། ཨ་རིས་ཐེ་ཚོམ་སྤུ་ཙམ་མེད་པར་ཀ་ཧྲའི་ཧ་མ་སིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་ཡོད་ཅེས་བརྗོད་ཡོད། ཁོང་གིས་ད་དུང་དབྱི་སི་རལ་ལ་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་དབང་ཐོབ་ཡོད་ཅེས་བཤད་པ་རེད།

 

 

ང་རང་གིས་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དབྱི་སི་རལ་གྱི་སྲིད་གཞུང་དང་མི་དམངས་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན། ཨ་རིས་དབྱི་སི་རལ་དགྲ་རུ་འཛིན་པའི་ཕྱོགས་ཁག་ཚང་མར་གནས་ཚུལ་དེ་འདྲའི་འོག་ཁེ་ཕན་དོན་གཉེར་བྱེད་མི་རུང་ཞེས་ཐ་ཚིག་བསྒྲགས་པ་རེད། སྐབས་འདིའི་སྲིད་གཞུང་ཀྱིས་དབྱི་སི་རལ་གྱི་བདེ་འཇགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན་ཞེས་པའེ་ཏེང་གིས་དེ་ལྟར་བརྗོད་པ་གསལ་བསྒྲགས་ནང་བཀོད་འདུག  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།  

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

​​▶བྱ་དེ་ས་ཡ་7.5ཙམ་བསད་འདུག

ཟླ་བ་གོང་མར། ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་དང་ས་ཞིང་སྒྱུར་བཅོས་དང་གྲོང་གསེབ་འཕེལ་རྒྱས་པུས། ལྷོ་ཨ་ཧྥེ་རི་ཁ་གླིང་གི་ས་ཆ་མང་པོར་H5 དང་ H7 གྱི་བྱ་རིགས་ཆམ་རིམས་ཐོན་ཡོད་ཅིང་།

中央广播电视总台 央广网 版权所有

▶ཕ་དབྱིའི་གདོང་ཐུག་ནང་མི6000ལྷག་འཆི་རྨས་བྱུང་ཞིང་པའེ་ཏེང་གིས་་

ང་རང་གིས་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དབྱི་སི་རལ་གྱི་སྲིད་གཞུང་དང་མི་དམངས་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན།