ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

▶ཞི་མིའི་ཤ་ཕག་ཤ་དང་ལུག་ཤ་ཡིན་ཁུལ་གྱིས་བཙོངས་འདུག

2023-10-31 16:21:00     责编:娜科

 

ཞི་མིའི་ཤ་ཕག་ཤ་དང་ལུག་ཤ་ཡིན་ཁུལ་བྱས་ནས་རྒྱ་མ་རེར་སྒོར་བཞི་དང་སྒོར་ཟུར་ལྔ་བྱས་ནས་བཙོངས་པ་དང་ཐའེ་ཚང་ཉེན་རྟོག་པས་བློ་ཐག་ཆོད་པོས་ཞི་མི་སྟོང་ལྷག་བཀག་ཐུབ་ཡོད་པ་རེད།

ཐའེ་ཚང་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་སྡོམ་ཞིབ་བཤེར་བྱེད་སྐབས། ལུག་ཤ་ལས་སྣོན་བཟོ་གྲྭ་ཞིག་གིས་ཞི་མིའི་ཤ་ཕག་ཤ་དང་ལུག་ཤ་ཡིན་ཁུལ་བྱས་ནས་བཙོངས་པའི་དོགས་གཞི་ཡོད་པ་མ་ཟད། ཤ་དེ་རིགས་བཟའ་བཏུང་ཁེ་ལས་ལ་བཙོངས་པ་ཤེས་རྟོགས་བྱུང་ཡོད། ཉེན་རྟོག་ཕྱོགས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བྱས་པ་དང་འབྲེལ་ཞི་མི་ཆིག་སྟོང་ལྷག་ཙམ་བཀག་འགོག་ཐུབ་ཡོད་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་ལས་སྣོན་བཟོ་གྲྭ་དེར་ཞིབ་བཤེར་བྱེད་སྐབས་ལུགས་མཐུན་མིན་པའི་གནས་ཚུལ་འགའ་ཤེས་རྟོགས་བྱུང་བ་དཔེར་ན། ལས་སྣོན་བཟོ་གྲྭའི་ནང་དུ་ཞི་མི་མཐོང་རྒྱུ་ཡོད་མོད། འོན་ཀྱང་ཕག་པ་དང་ལུག་མཐོང་རྒྱུ་མེད་པ་རེད། ཞིབ་ཏུ་བརྟག་དཔྱད་བྱེད་སྐབས། ཉེན་རྟོག་ཕྱོགས་ཀྱིས་ལས་སྣོན་བཟོ་གྲྭ་དེས་ཞི་མིའི་ཤ་དེ་ཕག་ཤ་དང་ལུག་ཤ་ཡིན་ཁུལ་བྱེད་པ་མ་ཟད། ད་དུང་ཤ་དེ་རིགས་བཟའ་བཏུང་ཁེ་ལས་ལ་བཙོངས་པ་ཤེས་རྟོགས་བྱུང་ཡོད།

ཉེན་རྟོག་ཕྱོགས་ཀྱིས། བྱེད་སྤྱོད་འདི་རིགས་བཟའ་བཅའི་བདེ་འཇགས་ཁྲིམས་སྲོལ་ལས་འགལ་བ་མ་ཟད། འཛད་སྤྱོད་པའི་ཁེ་དབང་ལའང་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅེས་བརྗོད་ཡོད། ཁོང་ཚོས་དོན་དེར་མུ་མཐུད་བརྟག་དཔྱད་གཏིང་ཟབ་བྱ་རྒྱུ་མ་ཟད། རྒྱ་ཆེའི་གྲོང་མི་ཚོས་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ཞིབ་བཤེར་མ་བྱས་པའི་ཤ་རིགས་ཟས་སུ་སྤྱོད་མི་རུང་ཞེས་འབོད་སྐུལ་ཡང་བྱས་ཡོད་པ་རེད།

ཉེ་ཆར། མི་རྣམས་བློ་ཕམ་སྐྱེ་འོས་པའི་དོན་རྐྱེན་ཞིག་ལ་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་དང་ལབ་གླེང་ཆེན་པོ་བྱུང་ཡོད། ཁྲིམས་འགལ་ཚོང་པ་ཁག་ཅིག་གིས་ཤི་ཟིན་པའི་ཞི་མིའི་ཤ་དེ་ཕག་ཤ་དང་ལུག་ཤ་ཡིན་ཁུལ་གྱིས་འཚོང་གི་ཡོད་པ་རེད། བྱ་སྤྱོད་དེ་རིགས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དང་བཟའ་བཅའི་བདེ་འཇགས་ཁྲིམས་སྲོལ་ལས་ཚབས་ཆེན་འགལ་བ་མ་ཟད། རྒྱ་ཆེའི་འཛད་སྤྱོད་པའི་གཟུགས་གཞིའི་བདེ་ཐང་ལའང་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ། ཚེ་ཕུན།

ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

​▶ཨུ་རུ་སུས་གཞི་ཁྱོན་ཆེ་བའི་ཉིང་རྡུལ་ཕར་རྒོལ་ནང་སྦྱོང་བྱས་འདུག

ཁེ་ལི་མུའུ་ལིན་ཕོ་བྲང་ཕྱོགས་ཀྱིས། ད་ཐེངས་ཀྱི་ནང་སྦྱོང་ནང་ཨུ་རུ་སུའི་དམག་དོན་བཀོད་འདོམས་སྒྲིག་གཞིའི་དམག་གྲབས་ཆུ་ཚད་དང་འབྲེལ་ཡོད་དཔུང་སྡེའི་དམག་འཐབ་མི་སྣའི་རྩལ་ནུས་ལ་ཞིབ་དཔྱད་བྱས་ཡོད་པ་དང་། འཐབ་ཇུས་ཀྱི་ཟིལ་ཤུགས་ནང་སྦྱོང་ཁྲོད་འཆར་གཞིའི་ལས་འགན་ཡོངས་སུ་གྲུབ་ཡོད་ཅེས་བསྟན་འདུག

中央广播电视总台 央广网 版权所有

▶ཞི་མིའི་ཤ་ཕག་ཤ་དང་ལུག་ཤ་ཡིན་ཁུལ་གྱིས་བཙོངས་འདུག

ཉེ་ཆར། མི་རྣམས་བློ་ཕམ་སྐྱེ་འོས་པའི་དོན་རྐྱེན་ཞིག་ལ་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་དང་ལབ་གླེང་ཆེན་པོ་བྱུང་ཡོད། ཁྲིམས་འགལ་ཚོང་པ་ཁག་ཅིག་གིས་ཤི་ཟིན་པའི་ཞི་མིའི་ཤ་དེ་ཕག་ཤ་དང་ལུག་ཤ་ཡིན་ཁུལ་གྱིས་འཚོང་གི་ཡོད་པ་རེད།