ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

​▶ཨུ་རུ་སུས་གཞི་ཁྱོན་ཆེ་བའི་ཉིང་རྡུལ་ཕར་རྒོལ་ནང་སྦྱོང་བྱས་འདུག

2023-10-31 16:32:00     责编:娜科

སྤྱི་ཚེས་25ཉིན། ཨུ་རུ་སུའི་ཁེ་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པ་ཕུའུ་ཅིང་གི་བཀོད་འདོམས་འོག་ཉིན་དེར་ཨུ་རུ་སུའི་སྐམ་མཚོ་མཁའ་གསུམ་གྱི་ཉིང་རྡུལ་སྟོབས་ཤུགས་ཀྱི་ནང་སྦྱོང་བྱས་ཡོད། ནང་སྦྱོང་ནང་མདེལ་ལམ་འཕུར་མདེལ་དང་སྐོར་ཞིབ་འཕུར་མདེལ་དངོས་སུ་འཕེན་གཏོང་བྱས་འདུག

ཨུ་རུ་སུའི་རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། འཐབ་ཇུས་ཀྱི་ཟིལ་ཤུགས་ནང་སྦྱོང་ནང་ཨུ་རུ་སུའི་ནུབ་བྱང་རྒྱུད་ཀྱི་ཨའར་ཧན་ཀེར་སི་ཁེ་མངའ་སྡེ་རུ་གནས་པའི་ཕུའུ་ལེ་ཞེ་ཚེ་ཁེའི་རྒྱལ་ཁབ་ཚོད་ལྟའི་འཕེན་གཏོང་ས་ཚིགས་ནས་ཁན་ཁྲ་ཅ་ཕྱེད་གླིང་གི་ཁུའུ་ལ་འཕེན་གཏོང་ས་ཚིགས་ནས་ཨར་སི་ཞེས་པའི་གླིང་ཆེན་ནས་གླིང་ཆེན་བར་གྱི་མདེལ་ལམ་འཕུར་མདེལ་བཏང་ཡོད་པ་དང་། བྱང་ཕྱོགས་དམག་གྲུ་རུ་ཁག་ཐུའུ་ལ་རྟགས་ཅན་གྱི་འཐབ་ཇུས་ཉིང་རྡུལ་ཆུར་འཛུལ་དམག་གྲུས་པ་ལུན་ཀྲི་ཧའེ་ཆུ་ཁོངས་ནས་ཧྲིན་ལེན་ཞེས་པའི་ཆུར་འཛུལ་མདེལ་ལམ་འཕུར་མདེལ་འཕེན་གཏོང་བྱས་ཡོད། གཞན་ཡང་ཐུའུ་-95MSའཐབ་ཇུས་འབར་གཏོར་གནམ་གྲུ་ཡང་ནང་སྦྱོང་ནང་ཞུགས་པ་མ་ཟད། མཁའ་སྐྱོད་སྐོར་ཞིབ་འཕུར་མདེལ་ཡང་འཕེན་གཏོང་བྱས་ཡོད་པ་རེད།

ཁེ་ལི་མུའུ་ལིན་ཕོ་བྲང་ཕྱོགས་ཀྱིས།  ད་ཐེངས་ཀྱི་ནང་སྦྱོང་ནང་ཨུ་རུ་སུའི་དམག་དོན་བཀོད་འདོམས་སྒྲིག་གཞིའི་དམག་གྲབས་ཆུ་ཚད་དང་འབྲེལ་ཡོད་དཔུང་སྡེའི་དམག་འཐབ་མི་སྣའི་རྩལ་ནུས་ལ་ཞིབ་དཔྱད་བྱས་ཡོད་པ་དང་། འཐབ་ཇུས་ཀྱི་ཟིལ་ཤུགས་ནང་སྦྱོང་ཁྲོད་འཆར་གཞིའི་ལས་འགན་ཡོངས་སུ་གྲུབ་ཡོད་ཅེས་བསྟན་འདུག

ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཨུ་རུ་སུའི་འཐབ་ཇུས་ཉིང་རྡུལ་སྟོབས་ཤུགས་ཀྱི་ནང་སྦྱོང་ཁྲོད་གཞི་ཁྱོན་ཆེ་བའི་ཉིང་རྡུལ་རྡུང་རྡེག་ནང་སྦྱོང་བྱས་ནས་དགྲ་བོས་ཉིང་རྡུལ་མཚོན་ཆའི་རྡུང་རྡེག་གཏོང་བར་ཁ་གཏད་གཅོག་པའི་ལས་འགན་བསྒྲུབས་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有