ཨུ་རུ་སུའི་ཐན་ཁེའི་བཟོ་གྲྭ་ཞིག་འབར་གས་བྱས་འདུག
ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་དབུས་རྒྱུད་ཀྱི་ཝུའུ་ལར་ས་ཁུལ་གྱི་ཁྲེ་ལི་ཡ་པིན་སི་ཁེ་མངའ་སྡེའི་ཐན་ཁེ་བཟོ་གྲྭ་ཞིག་ཏུ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་26ཉིན་འབར་གས་བྱུང་ཡོད་པ་རེད། ཨུ་རུ་སུའི་ཛ་དྲག་གནས་ཚུལ་སྡེ་ཚན་གྱིས་འབར་གས་ནི་གློག་གནོན་སྒྱུར་ཆས་ལ་མེ་ཤོར་བ་ལས་བྱུང་བའི་མེ་ཆེན་རྒྱ་བསྐྱེད་ཕྱིན་པ་ཞིག་རེད་ཅེས་བཤད་ཡོད། མིག་སྔར་མེ་ཆེན་བསད་ཟིན་པ་དང་། ཉེ་འགྲམ་གྱི་གྲོང་མིའི་སྡོད་ཁུལ་དུ་གནས་སྐབས་གློག་ཆད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར། སྒྲོལ་མ་མཚོ།