ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་ཚུལ་འཆོས་མེད་པར་དོན་འདི་དྲང་པོར་བཤད་པ་ཡིན་ནམ།

2021-04-09 15:34:00     责编:nake

   ཨ་མེ་རི་ཁས་འདས་པའི་ལོ་མང་པོའི་རིང་རྡོ་སྣུམ་གྱི་ཆེད་དུ་འཐབ་འཛིང་བྱས་པ་ཡིན་ཞེས་པའི་ཚིག་དེ་ཨ་རིའི་ཙུང་ཐུང་གཞོན་པས་གཟབ་གཟབ་མ་བྱས་པར་ཁ་ནས་ཤོར་བ་ཡིན་ནམ།

  གཟའ་འཁོར་འདིར། ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་ཡིས་ཀྲི་ཅ་ཀོ་རུ་པའེ་ཏེང་སྲིད་གཞུང་གི་ལས་ཞུགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྲིད་ཇུས་ཁྱབ་གདལ་གནང་སྐབས། ཨ་རིའི་ཆུ་བེད་སྒྲིག་བཀོད་གསར་བཟོ་བྱ་རྒྱུའི་སྐོར་གྱི་གཏམ་བཤད་ཅིག་བྱས་ཡོད། གཏམ་བཤད་དེའི་ནང་གཟབ་གཟབ་མ་བྱས་པར་འདས་ཟིན་པའི་ལོ་བཅུ་གྲངས་ནང་ཨ་རི་སྲིད་གཞུང་གིས་ཕྱི་ཕྱོགས་སུ་དམག་འཁྲུག་མུ་མཐུད་བསླངས་པའི་རྒྱུ་རྐྱེན་ངོ་མ་ཅི་ཡིན་ཁ་ནས་ཤོར་ཡོད།

  ཁོ་མོས་བཤད་པའི་གཏམ་ནི་འདི་ལྟར། ང་རང་ཕྱི་འབྲེལ་སྲིད་ཇུས་སྐོར་གྱི་ཚོགས་འདུ་མང་པོར་ཞུགས་མྱོང་། ལོ་ཤས་རིང་དང་མི་རབས་འགའི་རིང་གི་དམག་འཁྲུག་ནི་རྡོ་སྣུམ་བརྩོན་ལེན་བྱ་ཆེད་བརྒྱབ་པ་ཞིག་ཡིན། དེ་ལྟར་ཡིན་མོད་མི་འགྱངས་བར་ཆུའི་ཐོན་ཁུངས་འཕྲོག་རྩོད་བྱེད་པའི་དམག་འཁྲུག་ལངས་རྒྱུ་རེད།

  

  

  

  

  ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སིས་སྔོན་ཆད་རྡོ་སྣུམ་གྱི་ཆེད་དུ་འཐབ་རྩོད་བྱས་ཚུལ་ཁས་བླངས་པར་ཕྱི་རྒྱལ་གྱི་དྲ་དམངས་ཀྱིས་ལས་སླ་པོ་དེ་འདྲར་ཁས་བླངས་པ་རེད་དམ་ཞེས་བརྗོད་འདུག

  གོ་ལའི་སྐབས་དོན་ཚགས་པར་ཐོག་དེའི་སྐོར་གྱི་དཔྱད་གཏམ་ཞིག་སྤེལ་བའི་ནང་བསྟན་པར། འཛམ་གླིང་ཡོངས་ཀྱི་མི་མང་པོས་ཨ་རིས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་དབུས་ཤར་སོགས་པའི་རྡོ་སྣུམ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ལ་དམག་འཁྲུག་བསླངས་དོན་ནི་“དམངས་གཙོ་དང་རང་དབང་”སྲུང་སྐྱོང་བྱེད་ཆེད་མ་ཡིན་པར། དར་ཆ་དེ་བསྒྲེངས་ནས་རྡོ་སྣུམ་ཐོན་ཁུངས་འཕྲོག་ལེན་བྱེད་ཆེད་ཡིན་པ་ཤེས་ཀྱི་ཡོད་མོད། འོན་ཀྱང་ཨ་རིའི་ད་ལྟའི་ཙུང་ཐུང་གཞོན་པ་ཧ་ལི་སི་ཡིས་སྐད་ཆ་དེ་བཤད་པ་ནི་སྔར་བཞིན་དོན་སྙིང་ཆེན་པོ་ལྡན་ཡོད། གང་ལགས་ཤེ་ན། དེས་ཨ་རི་སྲིད་གཞུང་གིས་གནས་ཚུལ་དེ་དངོས་སུ་ར་སྤྲོད་བྱས་པ་མཚོན་གྱི་ཡོད།

  ཕྱི་རྒྱལ་གྱི་དྲ་དམངས་འགའ་ཞིག་གིས་ལས་སླ་པོ་དེ་འདྲར་ཁས་བླངས་པ་ཡིན་ནམ་ཞེས་བརྗོད་ཡོད།

  དྲ་དམངས་ཤིག་གིས། ངས་རྟག་པར་ཨ་རིས་དམག་འཁྲུག་བསླངས་དོན་ནི་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་ཀྱི་ཆེད་དུ་ཡིན་ཞིང་། ཨ་རིས་དཔུང་འཇུག་བྱས་པའི་ས་ཆ་དེ་དག་ཏུ་རྡོ་སྣུམ་ཡོད་པ་ནི་སྟེས་དབང་ཡིན་པ་སྙམ་གྱི་ཡོད་ཅེས་བརྗོད།

  

  མི་ཁ་ཤས་ཀྱིས་ཧ་ལི་སིས་ཨ་རིས་རྡོ་སྣུམ་གྱི་ཆེད་དུ་དམག་འཁྲུག་བསླངས་པའི་དོན་དག་དེ་ཐད་ཀར་ཁས་བླངས་པར་ཧ་ལས་ཡོད།

  

  ད་དུང་དྲ་དམངས་རེ་འགས་འདས་ཟིན་པའི་ལོ་བཅུ་གྲངས་ནང་ཨ་རིས་རྡོ་སྣུམ་སོགས་ཐོན་ཁུངས་འཕྲོག་ལེན་བྱ་ཆེད་བསླངས་པའི་དམག་འཁྲུག་གི་གསལ་ཐོ་སྤེལ།

  

  

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག བསྟན་འཛིན།

  ཡིག་སྒྱུར། རིག་འཛིན་སྐྱིད།

中央广播电视总台 央广网 版权所有

ཨ་རིས་ཚུལ་འཆོས་མེད་པར་དོན་འདི་དྲང་པོར་བཤད་པ་ཡིན་ནམ།

ཨ་མེ་རི་ཁས་འདས་པའི་ལོ་མང་པོའི་རིང་རྡོ་སྣུམ་གྱི་ཆེགཟའ་འཁོར་འདིར། ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་ཡིས་ཀ