ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

མི་དམངས་ཤོག་སྒོར་ནི་སྲིང་བལ་གྱིས་བཟོས་པ་ཡིན་འདུག

2021-03-27 15:34:00     责编:nake

  H&Mཀུང་སིའི་མགོ་རྨོངས་སུ་འཇུག་པའི་གསལ་བསྒྲགས་དེས།

  “ཤིན་ཅང་གི་སྲིང་བལ”དེ་དྲ་བའི་འཚོལ་བཤེར་ཐ་སྙད་ཚ་ཤོས་དེར་གྱུར་ཡོད།

  

  ཚེས་25ཉིན།

  མི་དམངས་ཤོག་སྒོར་གྱི་ཤོག་བུའི་གྲུབ་ཆ་གཙོ་བོ་སྲིང་བལ་ཡིན་ཞེས་པའི་

  བརྗོད་གཞི་འདིར་དོ་སྣང་ཆེན་པོ་ཐེབས་ཤིང་།

  མི་མང་པོ་ཞིག་དེར་ཧ་ལས་པ་དང་།

  མི་དམངས་ཤོག་སྒོར་གྱི་ཤོག་བུའི་གྲུབ་ཆ་གཙོ་བོ་ནི་སྲིང་བལ་ཡིན་པ་ཡིད་ལའང་ཤར་མྱོང་མེད།

  

  

  

  

  

  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་མཚོན་གློག་བརྙན་

  《མཁའ་དབྱིངས་ནས་ཀྲུང་གོར་བལྟ། ཤིན་ཅང་གི་ཞིང་ལས》ཞེས་པའི་ནང་།

  ཤིན་ཅང་ཧྲི་ཧོ་ཙི་གྲོང་ཁྱེར་གྱི་སྲིང་བལ་ངོ་སྤྲོད་བྱས་ཡོད།

  དེའི་ནང་།

  སྲིང་བལ་གྱིས་ཤོག་སྒོར་བཟོས་ཆོག་པ་སྟེ།

  དཔེར་ན། མི་དམངས་ཤོག་སྒོར་གྱི་གྲུབ་ཆ་གཙོ་བོ་ནི་སྲིང་བལ་ཡིན་ཞེས་གླེང་ཡོད།

  

  ↓↓↓↓

  

  བརྙན་ལ་གཟིགས་རོགས།

  

  མི་དམངས་ཤོག་སྒོར་བཟོ་བའི་བརྒྱུད་རིམ་ཧྲིལ་པོ།

  དོན་དངོས་ཐོག་སྤྱི་ལོ་2016ལོར་ཧྭ་ཤིས་གྲོང་ཁྱེར་ཚགས་པར་གྱིས་མི་དམངས་ཤོག་སྒོར་བཟོ་བའི་བརྒྱུད་རིམ་སྤེལ་མྱོང་།

  ཤོག་ལོར་འཁོར་ཁང་དུ་ལས་མི་ཞིག་གིས་ཤོག་ལོར་ཆེན་པོ་ཞིག་བཏོན་ནས་ག་ལེར་གཡུག་ཙམ་བྱས་པས་ན། དེ་ལས་ཐོན་པའི་སྒྲ་ནི་སྤྱིར་བཏང་གི་ཤོག་བུ་དཀར་པོ་གཡུག་སྐབས་ཐོན་པའི་སྒྲ་དང་འདྲ་གི་མེད།

  ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་མི་དམངས་ཤོག་སྒོར་གྱི་དམིགས་བསལ་རང་བཞིན་གྱིས་ཡིན་ཞིང་། ཤོག་ལོར་དུ་སྤྱོད་པའི་ཤོག་བུའི་འབྱུང་རྩ་ནས་ཤོག་བུ་དཀྱུས་མ་དང་གཏན་ནས་མི་འདྲ་བའི་དབང་གིས་རེད།

  ཤོག་བུ་དཀྱུས་མའི་གྲུབ་ཆ་གཙོ་བོ་ཤིང་རྒྱུ་དང་རྩྭའི་ཚི་སྣ་ཡིན་མོད། ཤོག་ལོར་དུ་སྤྱོད་བྱའི་ཤོག་བུའི་གྲུབ་ཆ་གཙོ་བོ་ནི་སྲིང་བལ་གྱི་ཚི་སྣའམ་ཡ་མའི་ཚི་སྣ་ཡིན།

  ལས་དོན་མི་སྣ་དེས་གསར་འགོད་པར་སྲིང་བལ་ནས་ཤོག་སྒོར་གྱི་དཔར་ཤོག་ཏུ་འགྱུར་བར་ཕལ་ཆེར་ཤོག་སྐྱོ་དཀྲུག་པ་དང་ཤོག་བུ་བཟོ་བའི་བརྒྱུད་རིམ་གཉིས་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་གནང་ཡོད།

  

  

  

  སྲིང་བལ་ནས་ཤོག་སྒོར་གྱི་དཔར་ཤོག་བར་ཤོག་སྐྱོ་དཀྲུག་པ་དང་ཤོག་བུ་བཟོ་བའི་གོ་རིམ་གཉིས་བརྒྱུད་དགོས།

  ལས་དོན་མི་སྣས། ཤོག་སྒོར་རེ་རེའི་ཐོག་ཆུ་པར་གྱི་རི་མོ་རེ་ཡོད། འོད་ཀྱི་འོག་ནས་བལྟས་ན། རི་མོའམ་མིའི་བརྙན་རིས། ཡི་གེ་བཅས་གསལ་པོ་མཐོང་རྒྱུ་ཡོད་ཅེས་དང་། ཆུ་དཔར་ནི་དུས་མཇུག་ཏུ་ཁ་སྣོན་བྱས་པ་ཞིག་མིན་པར། ཤོག་བུ་བཟོ་བའི་གོ་རིམ་ཁྲོད་གྲུབ་པ་ཞིག་ཡིན་པ་དང་། ཤོག་བུའི་ངོས་སུ་པར་བ་མིན་པར། ཤོག་བུའི་ནང་དུ་ཐིམ་ཡོད་ཅེས་བརྗོད་པ་རེད།

  

  

  

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག ཟླ་བ་ཚེ་རིང་།

  ཡིག་སྒྱུར། རིག་འཛིན་སྐྱིད།

  

中央广播电视总台 央广网 版权所有

མི་དམངས་ཤོག་སྒོར་ནི་སྲིང་བལ་གྱིས་བཟོས་པ་ཡིན་འདུག

H&Mཀུང་སིའི་མགོ་རྨོངས་སུ་འཇུག་པའི་གསལ་བསྒྲགས་དེས།“ཤིན་ཅང་གི་སྲིང་བལ”དེ་དྲ་བའི་འཚོལ་བཤེར་ཐ་སྙད་ཚ་ཤོས་དེར་གྱུར་ཡོད།