ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

མཛེས་པའི་ཆང་ཁྱིམ་ན་ཡུལ་སྐོར་གྱི་དུས་བཟང་ཤར།

2021-03-20 10:42:00     责编:sangjzm

མཛེས་སྡུག་ཆང་ཁྱིམ་གྱི་དཔལ་ལ་རོལ་བའི་ཚེ། ཡུལ་སྐོར་འགྲུལ་བསྐྱོད་ཀྱི་དམིགས་ཡུལ་སྟོང་ཟད་དུ་མི་འགྲོ ཅི་ལིན་ནས་ཡོང་བའི་ཡུལ་སྐོར་བ་ཡུས་དབྱང་གིས་ད་ཐེངས་བོད་ལ་ཡུལ་སྐོར་དུ་ཡོང་ནས་བོད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་མཐོང་བྱུང་ལ་བོད་མི་དམངས་ཀྱི་སྤྲོ་སེམས་ཀྱང་ཚོར་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་སླར་ཡང་བོད་ལ་ཡུལ་སྐོར་དུ་ཡོང་རྒྱུའི་གོ་སྐབས་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

ཉེ་ཆར༼ཀྲུང་གོའི་སྤྲོ་གསེང་ཤང་གྲོང་༽ཡིན་པའི་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་གསེབ་ཡུལ་སྐོར་མཉམ་ལས་ཁང་ལ་སྤྱི་ལོ་2021ལོའི་ཐེངས་དང་པོའི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་བ་མི་142འབྱོར་ཡོད་པ་རེད།

ཡུལ་སྐོར་བ་ཚོར་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོའི་གྲོང་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་དཀར་གཙང་ཁ་བཏགས་འཁྱེར་ཏེ་ཞོགས་སྔ་པོ་ནས་གྲོང་ཚོའི་ཡུལ་སྐོར་ལྟེ་གནས་སུ་ཡོང་ནས་ཅི་ལིན་གྱི་ཡུལ་སྐོར་བར་སྣེ་ལེན་ཞུས་པ་རེད། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཆང་ཁྱིམ་གྲོང་ཚོར་འབྱོར་སྐབས་གྲོང་མི་ཚོས་སྤྲོ་སྣང་ལྡན་པའི་སྒོར་གཞས་འཁྲབ་པ་དང་ཆབས་ཅིག་ཡུལ་སྐོར་བ་ཚོར་ཁ་བཏགས་ཕུལ་བ་དང་ཁོང་ཚོར་ས་གནས་དེ་གའི་ཁྱད་ཆོས་ཟབ་མོ་ལྡན་པའི་ཆང་ཞིམ་པོ་ཞིག་བཀྱག་ཡོད།

༼ཆང་ཁྱིམ་གྲོང་ཚོའི་ནས་ཆང་དངོས་གནས་ཞིམ་པོ་འདུག་༽ཅེས་ཅི་ལིན་ཞིང་ཆེན་ནས་ཡོང་བའི་ཡུལ་སྐོར་བ་ཚོས་བསྔགས་བརྗོད་མང་པོ་བྱེད་པ་དང་། ཁོང་ཚོས་ད་དུང་ཆང་ཁྱིམ་་གྲོང་ཚོའི་ཞིང་པའི་སྤྲོ་སྐྱིད་ཁང་ཡང་ཧ་ཅང་ཡག་པོ་འདུག་ལ་གྲོང་ཚོའི་ཁོར་ཡུག་གཙང་ལ་མཛེས་པས་རང་ཉིད་བོད་དུ་འཚོ་བ་ཉམས་ལེན་བྱེད་པར་ཡོང་ཐུབ་པ་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་ཀྱི་ཡོད་པ་རེད།

དེ་ཉིན་ད་དུང་ཆང་ཁྱིམ་གྲོང་ཚོའི་རིག་རྩལ་དྲིལ་བསྒྲགས་རུ་ཁག་གིས་ཡུལ་སྐོར་བ་ཚོར་གྲ་སྒྲིག་ཞིབ་ཚགས་བྱས་པའི་བོད་རིགས་ཀྱི་ཞབས་བྲོ་དང་། སྒོར་གཞས། ཆང་གཞས་སོགས་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད། དགོང་མོར་གྲོང་ཚོས་ད་དུང་མེ་ཕུང་དགོང་ཚོགས་གཉེར་བ་དང་། གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་ཡུལ་སྐོར་བ་དང་མཉམ་འཛོམས་བྱས་ཏེ་སྤྲོ་སྣང་ཆེན་པོས་ནས་ཆང་གི་བྲོ་བ་མྱོང་བ་དང་མཉམ་དུ་སྒོར་གཞས་འཁྲབ་པ་སོགས་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་རྣམས་པ་ཡོངས་སུ་མངོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་རིམ་བྱུང་གི་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྡེ་ཚན་ཁག་གིས་ཡུལ་སྐོར་འཕེལ་རྒྱས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད་ཅིང་། ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཆང་ཁྱིམ་གྲོང་ཚོར་ཁྱོན་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་ལྷག་ཙམ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། གྲོང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ། ཡུལ་སྐོར་བ་ཁ་འགྲེམས་ལྟེ་གནས་དང་། རླངས་འཁོར་འཇོག་ས། སྣེ་ཤན་པར་རིས། མཚོན་རྟགས་བྱང་བུ་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ནས་མང་ཚོགས་ཡུལ་སྐོར་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་པ་དང་། ཡུལ་སྐོར་མཉམ་ལས་ཁང་བཙུགས་པ། ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཕྱོགས་གང་ས་ཅི་ཐད་ནས་མཐུན་རྐྱེན་བཟང་པོ་སྐྲུན་ཡོད་པ་རེད།

འཕྱོངས་རྒྱས་རྫོང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ཚེ་སྐྱིད་ཀྱིས་ན་ནིང་ཟླ་5པར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། ལོ་ཧྲིལ་པོར་ཆང་ཁྱིམ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་3000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་སྣེ་ལེན་ཞུས་པའི་ཡོང་འབབ་སྒོར་ཉིས་འབུམ་དྲུག་ཁྲི་བདུན་སྟོང་ལྷག་ཙམ་བྱུང་བ། དུད་ཚང་36ལ་ཆ་སྙོམས་འབབ་འཕར་སྒོར་7200བྱུང་བ། ནས་ཆང་གིས་གཙོ་བོར་བྱས་པའི་ཡུལ་སྐོར་ཚོང་ཟོག་བཙོངས་པའི་ཡོང་འབབ་སྒོར་ཆིག་འབུམ་དགུ་ཁྲི་ལྷག་ཙམ་ཟིན་པ་བཅས་བྱུང་ཡོད་ཅིང་། གྲོང་གསེབ་ཡུལ་སྐོར་དེ་གྲོང་གསེབ་དར་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

འཕྱོངས་རྒྱས་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཁྲེན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་2021ལོར་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཧྲིལ་པོ་དང་ཉེ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། མང་ཚོགས་ཀྱི་སྡོད་ཁང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། འོས་སྦྱོར་ཚོགས་འདུ་དང་རིག་གནས་དུས་ཆེན་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཡུལ་སྐོར་ཐོན་རྫས་མཉམ་འབྲེལ་བྲིན་ཚོང་བྱ་ཐབས་ཤེས་རྟོགས་ཐུབ་རྒྱ་ཆེ་རུ་བཏང་སྟེ་འགྲུལ་ཁུངས་ཁྲོམ་ར་བརྟན་དུ་གཏོང་རྒྱུ་བཅས་ལ་དམ་འཛིན་བྱེད་རྒྱུ་དང་སྦྲགས་གྲོང་གསེབ་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་བ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་ལས་བརྒལ་བའི་མིགས་ཚད་མངོན་འགྱུར་ཧུར་ཐག་ཐུབ་པ་བྱ་རྒྱུ་མ་ཟད་སྤྱི་ཟླ་5པར་གསར་དུ་སྐྲུན་པའི་གདོང་དཀར་མཛེས་ལྗོངས་ཁུལ་ཁྱོན་ཡོངས་ནས་གཉེར་སྐྱོང་བྱས་ཏེ་མང་ཚོགས་དེ་བས་མང་བས་ཡུལ་སྐོར་འབབ་འཕར་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ལྷག་པ།
གསར་འགོད་པ། སྤེན་པ་རྒྱ་མཚོ། ལྷུན་གྲུབ་ཚེ་རིང་།

中央广播电视总台 央广网 版权所有

མཛེས་པའི་ཆང་ཁྱིམ་ན་ཡུལ་སྐོར་གྱི་དུས་བཟང་ཤར།

མཛེས་སྡུག་ཆང་ཁྱིམ་གྱི་དཔལ་ལ་རོལ་བའི་ཚེ། ཡུལ་སྐོར་འགྲུལ་བསྐྱོད་ཀྱི་དམིགས་ཡུལ་སྟོང་ཟད་དུ་མི་འགྲོ ཅི་ལིན་ནས་ཡོང་བའི་ཡུལ་སྐོར་བ་ཡུས་དབྱང་གིས་ད་ཐེངས་བོད་ལ་ཡུལ་སྐོར་དུ་ཡོང་ནས་བོད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་མཐོང་བྱུང་ལ་བོད་མི་དམངས་ཀྱི་སྤྲོ་སེམས་ཀྱང་ཚོར་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།