ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཏོག་གསར་གློ་ཚད་ཕོག་མྱོང་མཁན་ལ་ནད་རིགས་འདི་དག་ཐོན་བཞིན་འདུག

2021-04-09 15:43:00     责编:nake

  སྤྱི་ཟླ་4ཚེས་6ཉིན་《ལིའུ་ཡེ་ཏའོ·སེམས་ཁམས་ནད་གཞི་རིག་པ་》ཞེས་པའི་དུས་དེབ་ཐོག་ཨ་རིའི་ཁའི་ཏོག་གསར་གློ་ཚད་ཕོག་མཁན་ནད་པར་ཞིབ་འཇུག་བྱས་པའི་རྩོམ་ཡིག་སྤེལ་བར་གཞིགས་ན། ཏོག་གསར་གློ་ཚད་ཕོག་པའི་ནད་པའི་1/3ལ་ནད་གཞི་དྲག་སྐྱེད་བྱུང་རྗེས་ཀྱི་ཟླ་བ་དྲུག་གི་ནང་ཚུན་དུ་དབང་རྩའམ་ཡང་ན་སེམས་ཁམས་ཐད་ཀྱི་ནད་རྟགས་ཐོན་ཡོད་པ་རེད།

  ཞིབ་འཇུག་མི་སྣས་ཏོག་གསར་གློ་ཚད་ཕོག་མཁན་ཁྲི་23.6ལྷག་ཙམ་གྱི་སྨན་བཅོས་ཟིན་ཐོར་དབྱེ་ཞིབ་བྱས་ཡོད་ཅིང་། དེ་དག་མང་ཆེ་བ་ཨ་རི་ནས་ཡིན་པ་རེད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཏོག་གསར་གློ་ཚད་ཕོག་མཁན་34%ལ་ནད་གཞི་དྲག་སྐྱེད་བྱུང་ཚུན་གྱི་ཟླ་བ་དྲུག་ནང་དབང་རྩའམ་ཡང་ན་སེམས་ཁམས་ཀྱི་ནད་གཞི་ཕོག་ཡོད་པ་རེད། དེའི་ནང་དངངས་འཚབ་ལངས་སླ་བ་དང་སེམས་ཁམས་བརྟན་པོ་མེད་པའི་ནད་རྟགས་ཐོན་མང་ཤོས་ཡིན། ཏོག་གསར་གློ་ཚད་ཕོག་མྱོང་མཁན་17%ལ་དངངས་འཚབ་ལངས་སླ་བའི་ནད་རྟགས་བྱུང་བ་དང་14%ལ་སེམས་ཁམས་བརྟན་པོ་མེད་པའི་ནད་རྟགས་ཐོན་ཡོད། ཏོག་གསར་གློ་ཚད་ཀྱི་ནད་གཞི་ཕོག་པ་ཇི་ལྟར་ཚབས་ཆེ་ན་དབང་རྩ་དང་སེམས་ཁམས་ནད་གཞི་ཕོག་སླ་བ་ཡོད་པ་རེད། སྨན་ཁང་དུ་ནད་སྡོད་བྱེད་མྱོང་མཁན་ལ་ཟླ་བ་དྲུག་གི་ནང་དབང་རྩའམ་སེམས་ཁམས་ཀྱི་ནད་ཕོག་ཚད་39%ཡིན། ཡིན་ནའང་། ཞིབ་འཇུག་མི་སྣས་ནད་རྟགས་འདི་དག་ཏོག་གསར་གློ་ཚད་ནད་དུག་དང་འབྲེལ་བ་ཡོད་པའི་ཁ་ཚོན་གནས་སྐབས་གཅོད་ཐུབ་མེད།

  ཞིབ་འཇུག་དེར་གཙོ་ཁྲིད་བྱེད་མཁན་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་སེམས་ཁམས་ནད་གཞི་རིག་པ་མཁས་ཅན་མ་ཁེ་སི·ཐ་ཁའེ་ཡིས་“ང་ཚོའི་ཞིབ་འཇུག་གི་འབྲས་བུ་ལྟར་ན། ཏོག་གསར་གློ་ཚད་ཕོག་མཁན་གྱི་ཀླད་ནད་དང་སེམས་ཁམས་ཟང་ཟིང་དུ་འགྱུར་བའི་གནས་ཚུལ་ཐོན་ཚད་དེ་ཆམ་རིམས་སམ་ཡང་ན་དབུགས་ལམ་འགོས་ནད་གཞན་པ་ཕོག་མཁན་ལས་མང་བ་འདུག་”ཅེས་བཤད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག བསྟན་འཛིན།

  ཡིག་སྒྱུར། བསྟན་རྒྱམ།

འཛམ་གླིང་སྐར་ཁུངས།

ཏོག་གསར་གློ་ཚད་ཕོག་མྱོང་མཁན་ལ་ནད་རིགས་འདི་དག་ཐོན་བཞིན་འདུག

སྤྱི་ཟླ་4ཚེས་6ཉིན་《ལིའུ་ཡེ་ཏའོ·སེམས་ཁམས་ནད་གཞི་རིགཞིབ་འཇུག་མི་སྣས་ཏོག་གསར་གློ་ཚད་ཕོག་མཁན་ཁྲི་23.6ལྷག

中央广播电视总台 央广网 版权所有

ཏོག་གསར་གློ་ཚད་ཕོག་མྱོང་མཁན་ལ་ནད་རིགས་འདི་དག་ཐོན་བཞིན་འདུག

སྤྱི་ཟླ་4ཚེས་6ཉིན་《ལིའུ་ཡེ་ཏའོ·སེམས་ཁམས་ནད་གཞི་རིགཞིབ་འཇུག་མི་སྣས་ཏོག་གསར་གློ་ཚད་ཕོག་མཁན་ཁྲི་23.6ལྷག