ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

རེ་བའི་ས་བོན་འདེབས་པ།

2021-03-17 17:35:00     责编:卓玛才让

     སྤྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་བོད་ལྗོངས་ཀྱི་ས་ཁུལ་གང་སར་དཔྱིད་འདེབས་ཀྱི་འགོ་འཛུགས་མཛད་སྒོ་གཟབ་རྒྱས་གཉེར་ཡོད།

     དེ་ནི་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་ཆེད་དང་ཆར་ཆུ་དུས་སུ་བབ་པའི་སྨོན་ལམ་འདེབས་པའི་སོ་ནམ་རིག་གནས་བྱེད་སྒོ་ཞིག་ཡིན།

     ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སོ་ནམ་རིག་གནས་དེ་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་སྔར་ནས་ད་བར་རྒྱུད་འཛིན་གང་ལེགས་བྱུང་ཡོད་ལ། མིག་སྔར་དར་སྲོལ་རྣམ་གསར་གྱི་ཁྱད་ཆོས་མང་པོ་གཏོད་ནས་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

     ཁ་སང་བོད་ལྗོངས་ཀྱི་ཞིང་ཁུལ་ཡོངས་སུ་ཞིང་འདེབས་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་། ཕོ་གཞོན་མོ་གཞོན་གྱི་གླུ་སྒྲ། རྒན་རྒོན་དང་བྱིས་པའི་སྤྲོ་སེམས་ཀྱི་འབོད་སྒྲའི་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་ཞིང་ནང་དུ་ལོ་གསར་པར་བཅངས་པའི་རེ་བའི་ས་བོན་འདེབས་བཞིན་འདུག

     བཀྲ་ཤིས་པའི་ཉིན་མོ་དེའི་གངས་ལྗོངས་ས་མཐོའི་ཡིད་དུ་འོང་བའི་མཛེས་ཉམས་དང་། སོ་ནམ་རིག་གནས་ཀྱི་རྣམ་གསར་ལ་གཟིགས་དང་།

ཡོང་ཁུངས། ལྷ་ས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།

ཞུ་དག ལྷག་པ།

སྒྲིག་སྒྱུར། བཀྲ་ཤིས་བཟང་པོ།

中央广播电视总台 央广网 版权所有

རེ་བའི་ས་བོན་འདེབས་པ།