ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

2021ལོའི་ཧྲང་ཧའེ་བོད་ལྗོངས་རིག་གནས་སྒྱུ་རྩལ་འགྲན་ཚོགས།

2021-04-13 10:13:00     责编:nake

  སྤྱི་ཟླ་བཞི་པའི་ཟླ་དཀྱིལ་ནས་སྤྱི་ཟླ་ལྔ་པའི་ཟླ་འགོ་བར། ཧྲང་ཧའེ་གྲོང་ཁྱེར་དུ་བོད་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་ཚོགས་ཤིག་གཉེར་རྒྱུ་རེད་འདུག རིག་གནས་མི་འདྲ་བའི་རྒྱབ་ལྗོངས་འོག་སྒྱུ་རྩལ་དང་། ཚན་རྩལ། དར་སྲོལ་རྣམས་གསར་ནི་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་སྤེལ་གཏོང་ཐུབ་པ་ཞིག་ཡིན། དེང་རབས་ཀྱི་དར་སྲོལ་རྣམ་གསར་དང་བོད་ལྗོངས་ཀྱི་སྲོལ་རྒྱུན་བློ་གྲོས་འཕྲད་པའི་སྐབས་སུ་སྲོལ་རྒྱུན་བློ་གྲོས་ཁྲོད་ནས་གསར་གཏོད་ཀྱི་སྙིང་སྟོབས་གསར་པ་ཞིག་རྙེད་སྲིད། བོད་ལྗོངས་ཀྱི་གཞོན་ནུ་སྒྱུ་རྩལ་མཁས་པ་རྣམས་ཀྱིས་བོད་ཡིག་ཡིག་གཟུགས་དང་། རི་མོ། དར་སྲོལ་ཇུས་འགོད། རོལ་དབྱངས་ཞབས་བྲོ་སོགས་སྒྱུ་རྩལ་རྣམ་པའི་ཐོག་ནས་དེང་རབས་གྲོང་ཁྱེར་ནང་འཚོ་སྡོད་བྱེད་མཁན་རྣམས་ལ་ལུས་སེམས་ཁྱོན་ཡོངས་ཀྱི་སྤྲོ་སྣང་དང་རིག་གནས་ཀྱི་སྙིང་བཅུད་ཅིག་སྦྱིན་ཡོད།

  

  ཡིག་གཟུགས་མཁས་པ་རྣམས་ཀྱིས་བོད་ཡིག་ཡིག་གཟུགས་ཐོག་ནས་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་འཕོ་འགྱུར་མངོན་པར་བྱས་འདུག

  

  བོད་ལྗོངས་ཀྱི་དེང་རབས་སྒྱུ་རྩལ་ནི་སྤྱི་ལོ་ཉིས་སྟོང་ལོ་ནས་བཟུང་རིམ་བཞིན་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་ཐུབ་ཡོད། བོད་ལྗོངས་ཀྱི་གཞོན་ནུ་སྒྱུ་རྩལ་མཁས་པ་རྣམས་ཀྱིས་དེང་རབས་སྒྱུ་རྩལ་ཇུས་འགོད་ལ་བརྟེན་ནས་བོད་ལྗོངས་ཀྱི་སྒྱུ་རྩལ་ནི་ཐང་ག་དང་ཆོས་ལུགས་སྒྱུ་རྩལ་ཙམ་མ་ཡིན་པར་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་མཚོན་པར་བྱས་འདུག

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག ལྷག་པ།

  གསར་འགོད་པ། བཀྲ་ཤིས་བཟང་པོ།

འཛམ་གླིང་སྐར་ཁུངས།

ཏོག་གསར་གློ་ཚད་ཕོག་མྱོང་མཁན་ལ་ནད་རིགས་འདི་དག་ཐོན་བཞིན་འདུག

སྤྱི་ཟླ་4ཚེས་6ཉིན་《ལིའུ་ཡེ་ཏའོ·སེམས་ཁམས་ནད་གཞི་རིགཞིབ་འཇུག་མི་སྣས་ཏོག་གསར་གློ་ཚད་ཕོག་མཁན་ཁྲི་23.6ལྷག

中央广播电视总台 央广网 版权所有

2021ལོའི་ཧྲང་ཧའེ་བོད་ལྗོངས་རིག་གནས་སྒྱུ་རྩལ་འགྲན་ཚོགས།

སྤྱི་ཟླ་བཞི་པའི་ཟླ་དཀྱིལ་ནས་སྤྱི་ཟླ་ལྔ་པའི་ཟླ་འགོ་ཡིག་གཟུགས་མཁས་པ་རྣམས་ཀྱིས་བོད་ཡིག་ཡིག་གཟུགས་ཐོག་ནས