ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྐྱེས་པ་ཞིག་གིས་ལྕགས་རི་རིང་པོའི་གྱང་ངོས་སུ་ཡི་གེ་བརྐོས་པས......

2023-03-25 17:17:00     责编:桑吉卓玛

སྐྱེས་པ་ཞིག་གིས་ལྕགས་རི་རིང་པོའི་གྱང་ངོས་སུ་ཡི་གེ་བརྐོས་པས......

 


       པེ་ཅིང་ཡན་ཆིང་ཉེན་རྟོག་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་ཐོག་ཆ་འཕྲིན་བརྡ་ཁྱབ་བཏང་བར་གཞིགས་ན། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཡུལ་སྐོར་བས་ལྕགས་རི་རིང་པོའི་གྱང་ངོས་ལ་ཡི་གེ་བརྐོས་པའི་གནས་ཚུལ་དེར་དམིགས་ཏེ་ཡན་ཆིང་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད་ཁྲིམས་འགལ་པ་མོང་ཆེ་གེ་མོར་(ཕོ། ལོ35)ཞིབ་བཤེར་རྩད་གཅོད་བྱས། མི་དེས་སྤྱི་ཟླ་3ཚེས་21ཉིན་པ་ཏ་ལིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་སྐབས་ལྕགས་རི་རིང་པོའི་གྱང་ངོས་སུ་ཡི་གེ་བརྐོས་པའི་ཁྲིམས་འགལ་བྱ་སྤྱོད་དེ་དོན་དངོས་ཡིན་པས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཡན་ཆིང་ཉེན་རྟོག་པས་མོང་ཆེ་གེ་མོར་སྲིད་འཛིན་བཀག་ཉར་བྱས་པ་མ་ཟད་དངུལ་ཆད་ཀྱང་བཅད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
སྒྲིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

སྐྱེས་པ་ཞིག་གིས་ལྕགས་རི་རིང་པོའི་གྱང་ངོས་སུ་ཡི་གེ་བརྐོས་པས......

པེ་ཅིང་ཡན་ཆིང་ཉེན་རྟོག་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་ཐོག་ཆ་འཕྲིན་བརྡ་ཁྱབ་བཏང་བར་གཞིགས་ན།