ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

▶རང་བྱུང་སྣང་ཚུལ་ངོ་མཚར་བ་འདིས་དབྱིན་ཇིའི་མཁའ་དབྱིངས་་་

2023-03-20 14:19:00     责编:娜科

     སྤྱི་ཟླ་2ཚེས་26ཉིན། དབྱིན་ཇིའི་ས་ཁུལ་ཁག་ཅིག་ཏུ་རབ་ཏུ་མཛེས་པའི་དམར་ལྗང་རིམ་འགྱུར་གྱི་བྱང་སྣེའི་འོད་ཐིག་མཐོང་དཀོན་པ་ཞིག་མངོན་ཡོད་པ་དང་། ལྟ་ན་སྡུག་པའི་མཁའ་དབྱིངས་ཀྱིས་སྐྱེ་བོའི་ཡིད་སེམས་འཕྲོག་པར་བྱས།

 

 

བྱང་སྣེའི་འོད་ཟེར་ཞེས་པ་ཅི་ཞིག་ཡིན། 

     བྱང་སྣེའི་འོད་ཟེར་ནི་དབྱིན་ཇིའི་མཚན་མོའི་མཁའ་དབྱིངས་སུ་སྐབས་རེར་མཐོང་ཐུབ་ཀྱི་ཡོད། དེ་དག་ནི་ལྗང་སྐྱ་ནས་དམར་སྐྱ་དང་། དེ་ནས་དམར་པོ། སེར་པོ། སྔོན་པོ། སྨུག་པོ་སོགས་ཁ་དོག་སྣ་ཚོགས་སུ་མངོན་གྱི་ཡོད།

 

རྒྱུ་ཆའི་པར་རིས། 

 

སྣང་ཚུལ་དེ་འདྲ་ཅི་ལྟར་བྱུང་བ་ཡིན་ནམ།

     བྱང་སྣེའི་འོད་ཟེར་ནི་ཉི་མའི་རླུང་དང་སའི་གོ་ལའི་གོང་རིམ་རླུང་ཁམས་ཆེན་མོའི་ཁྲོད་ཀྱི་འདུས་རྡུལ་རྡེབ་ཐུག་བྱུང་ཏེ་ཐོན་པ་དང་། དེ་ལྟར་བར་སྣང་དུ་ཁ་དོག་སྣ་ཚོགས་ཀྱི་འོད་མངོན་པ་ཡིན། གནམ་གཤིས་རིག་པ་མཁས་ཅན་གྱིས་བརྗོད་པའི་ཉི་འཛིན་འོད་ཀོར་དངོས་རྫས་འཕངས་པ (CME) ཡིས་གླིང་སྣེའི་འོད་ཟེར་འཕྲེད་ཐིག་དམའ་མོའི་ས་ཁུལ་དུ་བསྐྱལ་བ་དང་། དེ་ལྟར་ཁ་དོག་སྣ་ཚོགས་ཀྱི་སྣང་ཚུལ་དེ་དབྱིན་ཇི་ནས་ཀྱང་མཐོང་ཐུབ་པ་བྱུང་བ་རེད། 

 

རྒྱུ་ཆའི་པར་རིས། 

 

       དབྱིན་ཇིའི་གནམ་གཤིས་ཅུས་ཀྱིས་གཟའ་ཉི་མར་སུའུ་ཀེ་ལན་དང་བྱང་བེ་ཨེར་ཧྲི། ཅན་ཆའོ་ཅུན། ཧྲི་རོ་ཕུའུ་ཅུན་སོགས་ས་ཁུལ་མང་པོ་ནས་པར་བླངས་པའི་འདྲ་པར་དྲ་ལམ་དུ་སྤེལ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

▶རང་བྱུང་སྣང་ཚུལ་ངོ་མཚར་བ་འདིས་དབྱིན་ཇིའི་མཁའ་དབྱིངས་་་

དབྱིན་ཇིའི་གནམ་གཤིས་ཅུས་ཀྱིས་གཟའ་ཉི་མར་སུའུ་ཀེ་ལན་དང་བྱང་བེ་ཨེར་ཧྲི། ཅན་ཆའོ་ཅུན། ཧྲི་རོ་ཕུའུ་ཅུན་སོགས་ས་ཁུལ་མང་པོ་ནས་པར་བླངས་པའི་འདྲ་པར་དྲ་ལམ་དུ་སྤེལ་ཡོད།