ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཚེ་ཐག་ཐུང་བའི་མི་ལ་ཁྱད་ཆོས་འདི་བཅུ་ཡོད།

2023-03-20 14:18:00     责编:娜科

     ང་ཚོས་ཉིན་རྒྱུན་ཅི་འདྲ་ཞིག་ནི་ད་གཟོད་ཆེས་ལེགས་པའི་ལུས་ཁམས་གསོ་སྟངས་ཡིན་པར་སེམས་ཁུར་བྱེད་པའི་སྐབས་སུ་ཟ་མ་ཅི་འདྲ་ལེགས་པོ་ཟས་རུང་། བདག་སྐྱོང་ཅི་འདྲ་ལེགས་པོ་བྱས་རུང་། སེམས་ཁམས་ཀྱིས་བསྐྱེད་པའི་གནོད་འཚེ་ལ་འགྲན་མི་ཐུབ་པ་དེ་བརྗེད་ཡོད། 

     ཁོང་ཁྲོ་དང་སྡུག་བསྔལ། སོམ་ཉི་ལ་སོགས་པའི་ལྡོག་ཕྱོགས་ཀྱི་སེམས་ཁམས་ནི་དུས་གཏན་འབར་རྫས་ཞིག་དང་འདྲ་བར་ནམ་དུས་ཆ་མེད་ལ་ཁྱོད་ཀྱི་ལུས་པོ་འཇོམས་སྲིད། 

1.སེམས་ཁམས་སྡུག་པོ།   

     སྤྱི་ལོ2021ལོའི་ཟླ་7པར་《ཡོ་རོབ་ཀྱི་སྙིང་ཁམས་དུས་དེབ་》སྟེང་སྤེལ་བའི་ཞིབ་འཇུག་ཅིག་ལས་ཁང་ཁྲོ་ལངས་པ་ནི་སྙིང་རྩ་འགགས་པ་དང་སྙིང་གཟེར་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་པར་བདེན་དཔང་བྱས་ཡོད། ཐ་ན་ཞིབ་འཇུག་ལས་ཕོ་བའི་སྐྲན་ནད་ཀྱི་འབྱུང་རྐྱེན་དེ་སེམས་ཁམས་སྡུག་པོ་དང་འབྲེལ་བ་ངེས་ཅན་ཡོད་པ་ཤེས་རྟོགས་བྱུང་། 

2.སྐེད་པ་སྦོམ་པོ་དང་སྐེ་ཚིགས་སྦོམ་པོ། 

     ཁ་རྒྱུན་ལ་སྐེད་པ་ཇི་ལྟར་སྦོམ་ན་ཚེ་ཐག་དེ་ལྟར་ཐུང་ཟེར་བ་དང་། སྐེད་པ་ནི་མི་ཞིག་གི་བདེ་ཐང་ཆུ་ཚད་འཇལ་བྱེད་དམིགས་ཚད་གཙོ་བོ་ཞིག་ཡིན་པ་དང་། རྒྱུ་མཚན་ནི་སྐེད་པའི་སྦོམ་ཕྲ་དེ་དོན་ལྔ་སྣོད་དྲུག་གི་ཚིལ་གྱི་འདུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། 

     དོན་ལྔ་སྣོད་དྲུག་གི་ཚིལ་འདུས་ཚད་མང་པས་ཁྲག་ཤེད་མཐོན་པོ་དང་གཅིན་པ་མངར་སྐྱུར། བརྗེ་ཚབ་ཕྱོགས་བསྡུས་ནད། རུས་ཚིགས་ཀྱི་གཉན་ཚད་སོགས་འབྱུང་བའི་ཉེན་ཁ་ཆེ་རུ་བཏང་ཡོད།   དེ་ལས་གཞན་ཕོ་བར་ཚིལ་མང་པོས་རྒྱུ་མའི་འཁོར་སྐྱོད་ཇེ་དལ་དུ་བཏང་ནས་སྐྲན་ནད་བསྐྱེད་པའི་དངོས་རྫས་དང་རྒྱུ་མའི་འབྲེལ་འདྲིས་ཀྱི་དུས་ཡུན་རིང་དུ་བཏང་བས་རྒྱུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེ་རུ་སོང་ཡོད། སྐེ་ཚིགས་སྦོམ་པོ་ལས་སྐེ་ཚིགས་ཀྱི་ཚིལ་འདུས་ཚད་དང་དབུགས་ལམ་ཉེ་འཁོར་གྱི་ཚིལ་འདུས་ཚད་མང་པའི་མཚོན་ཚུལ་ཞིག་ཡིན།  ཞིབ་འཇུག་མང་པོ་ཞིག་ལས་སྐེ་ཚིགས་སྦོམ་པོའི་མིའི་ཁྲག་ཞག་རྒྱུན་ལྡན་མིན་པ་ཤས་ཆེ་ལ། སྙིང་ནད་དང་ཀླད་ཁྲག་ཤོར་བའི་ནད་སོགས་འབྱུང་སླ་བོ་ཡིན། 

 

3.མི་མང་པོས་མཉམ་མི་འཇོག་པའི་མགྱོགས་པ་རིགས་གསུམ་སྟེ།  གཅིག་ནི་སྙིང་ལྡིང་ཚད་མགྱོགས་པ། སྙིང་ལྡིང་ཚད་ཀྱི་མགྱོགས་དལ་དེ་ཚེ་ཚད་དང་ཐད་ཀར་འབྲེལ་བ་ཡོད། གཉིས་ནི་ཟ་མ་མགྱོགས་པོར་ཟ་བ། རྨང་གཞིའི་སྙིང་ནད་(དཔེར་ན་སྙིང་གཟེར་ནད་)ཡོད་པའི་མི་ཚོགས་ལ་སེམས་འཚབ་པ་དང་མི་བདེ་བའི་ཚོར་བ་ཡོད་ལ། ཐ་ན་སྙིང་ལ་ཟུག་གཟེར་ལངས་པ་སོགས་ཀྱི་ནད་རྟགས་ཐོན་སྲིད། གསུམ་ནི་ཆུ་འཐུང་བ་མགྱོགས་པ། 

4.ཚོད་འཛིན་བྱེད་དཀའ་བའི་མཐོན་པོ་རིགས་བཞི། 

གཅིག ཚོད་འཛིན་བྱེད་དཀའ་བའི་ཁྲད་ཤེད་མཐོ་བ། 

གཉིས། ཚོད་འཛིན་བྱེད་དཀད་བའི་ཁྲག་ཞག་མཐོ་བ། 

གསུམ།  ཚོད་འཛིན་བྱེད་དཀའ་བའི་ཁྲག་མངར་མཐོ་བ། 

བཞི། ཚོད་འཛིན་བྱེད་དཀའ་བའི་གཅིན་རྒྱུ་མཐོ་བ། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རྡོ་རྗེ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཚེ་ཐག་ཐུང་བའི་མི་ལ་ཁྱད་ཆོས་འདི་བཅུ་ཡོད།

ཁ་རྒྱུན་ལ་སྐེད་པ་ཇི་ལྟར་སྦོམ་ན་ཚེ་ཐག་དེ་ལྟར་ཐུང་ཟེར་བ་དང་། སྐེད་པ་ནི་མི་ཞིག་གི་བདེ་ཐང་ཆུ་ཚད་འཇལ་བྱེད་དམིགས་ཚད་གཙོ་བོ་ཞིག་ཡིན་པ་དང་། རྒྱུ་མཚན་ནི་སྐེད་པའི་སྦོམ་ཕྲ་དེ་དོན་ལྔ་སྣོད་དྲུག་གི་ཚིལ་གྱི་འདུས་ཚད་དང་ཐད་ཀར་འབྲེལ་བ་ཡོད།