ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

“ལུག་ནག”ཕྱུག་འགྱུར་བང་མཛོད་ཡིན། མང་ཚོགས་དངུལ་ཁུག་ལྗིད་ཏིག་ཏིག

2022-01-18 10:11:00     责编:sangjzm

འདི་ནི་གུར་མེ་ཤང་གི་ལུག་ནག་ཞིང་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཆེད་ལས་གསོ་ཚགས་པས་གཟན་ཆག་གསབ་ནས་རྒྱགས་གསོ་བྱེད་བཞིན་པ།

འབྲོག་ལས་འཕེལ་རྒྱས་བཏང་བར་རྒྱུད་བཟང་ལ་བརྟེན་དགོས། ཀྲུང་གོ་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་གམ་པའི་ལུག་གི་ཡ་གྱལ་ཞིག་ཡིན་པའི་གམ་པ་རྫོང་གུར་མེ་ཤང་གི་ལུག་ནག་གི་བལ་འཇམ་ལ་སྤུ་མདོག་ཡག་པ་དང་། ཤའི་བྲོ་བ་ཆེ་ལ་ཞིམ་པ། དྲི་ངན་མེད་པ། སྤྲི་དཀར་མང་བ། ཚི་ལུ་ཉུང་བ་བཅས་བལ་དང་ཤ་གཉིས་ཀ་སྤྱོད་ཆོག་ལ་ལུག་གི་གཟུགས་པོ་ཡོངས་ཀྱིས་ཕན་ཐོགས་པས་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི“ཕྱུག་འགྱུར་ལུག”ཏུ་གྱུར་ཡོད།
གུར་མེ་ཤང་ལུག་ནག་ཞིང་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་རྣམ་རྒོད་ཀྱིས“2019ལོའི་ཟླ་གསུམ་པར་གུར་མེ་ཤང་ལུག་ནག་ཞིང་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། ལོ་དེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་52.6ལས་མེད་པ་དང་ལོ་མཇུག་ཏུ་ཁོངས་མི་དུད་ཚང་46ལ་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི་12ཙམ་ལས་བགོ་ཐུབ་མེད” ཅེས་བཤད།

འདི་ནི་གུར་མེ་ཤང་གི་ལུག་ནག་ཡིན་པ།

2020ལོར་མཉམ་ལས་ཁང་གིས་དུས་ཐུང་རྒྱགས་གསོ་དང་རྒྱུད་བཟང་ཁྱབ་གདལ་བཏང་བ་བརྒྱུད་ལོ་རེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་106ཟིན་པ་དང་ལོ་མཇུག་ཏུ་ཁེ་སྤོགས་སྒོར་ཁྲི་26.6བགོས་པས་ལོ་དང་པོ་ལས་ལྡབ་གཅིག་ཏག་ཏག་འཕར་བ་རེད།
རྣམ་རྒོད་ཀྱིས་གདན་དྲངས་པའི་ཆེད་ལས་གསོ་ཚགས་ལག་རྩལ་མི་སྣས་གསོ་ཚགས་ལག་རྩལ་ཐད་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་པ་བརྒྱུད། ད་ཆ་མཉམ་ལས་ཁང་གི་མ་མོས་ལོ་གཉིས་ལ་ལུག་ཕྲུག་ཐེངས་གསུམ་སྐྱེ་གི་ཡོད། ལུག་རྒྱུན་གཏན་བཞིན་བཤས་གཏོང་བ་དང་ལུག་ཕྲུག་གསོན་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ལོ་ལྟར་10%ཡི་འཕར་ཚད་གཞིར་བཟུང་མཉམ་ལས་ཁང་གི་ལུག་གི་གྲངས་འབོར་མུ་མཐུད་མང་དུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

འདི་ནི་གཟན་ཆག་ཟ་བཞིན་པའི་གུར་མེ་ཤང་གི་ལུག་ནག་ཡིན་པ།

2021ལོའི་ཟླ་11པའི་བར་མཉམ་ལས་ཁང་གི་ལོ་འཁོར་དེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་129ཙམ་ཟིན་ཡོད་པ་རེད།
བལ་ནག་པོའི་སྤུས་ཀ་ལེགས་ལ་སྤུ་མདོག་ལེགས་པས་ཚོང་རའི་རིན་གོང་ཡང་མཐོ་པོ་ཡོད། གུར་མེ་ཤང་གིས་ད་དུང་བབ་མཚུངས་ཀྱི་ལག་ཤེས་འཁེལ་འཐག་བཟོ་གྲྭ་ཡང་བཙུགས་ནས་མལ་ཆས་དང་། ཁ་དཀྲིས། གདན་སོགས་ཀྱི་ཐོན་རྫས་ལས་སྣོན་བྱེད་ཀྱི་ཡོད་པས་ས་གནས་དེ་གའི་མང་ཚོགས་ཁག་གཅིག་ལས་ཞུགས་འབབ་འཕར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
“ལུག་ནག་པོ་གཅིག་གི་རིན་གོང་སྤྱིར་བཏང་གི་གམ་པའི་ལུག་དཀར་པོ་ལས་སྒོར་300ཡས་མས་ཀྱིས་མཐོ་བ་ཡོད། དེར་བརྟེན། ད་ལྟ་ང་ཚོས་ད་ཡོད་ཀྱི་ལུག་ནག་པོའི་རྒྱུད་བཟང་སྤེལ་ནས་མུ་མཐུད་མང་དུ་གཏོང་གི་ཡོད། སྔོན་དཔག་བྱས་ན་ལོ་5ཡི་ནང་མཉམ་ལས་ཁང་གི་ར་དང་ལུག་དཀར་པོ་ཚང་མ་ཐག་གཅོད་བྱ་རྒྱུ་དང་། སྐབས་དེ་དུས་མཉམ་ལས་ཁང་གིས་ལུག་ནག་གསོ་ཚགས་བྱ་རྒྱུ་དེ་གུར་མེ་ཤང་གི་ཁྱད་ལྡན་ལེགས་ལྡན་ཐོན་ལས་སུ་བརྩིས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་རེད”ཅེས་རྣམ་རྒོད་ཀྱིས་གསར་འགོད་པ་ལྷས་རའི་ནང་ཁྲིད་ནས་གུར་མེ་ཤང་གི“ཕྱུག་འགྱུར་ལུག”སྟོན་གྱིན་དུ་དགའ་སྤྲོའི་ངང་མཉམ་ལས་ཁང་གི་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་གཞིའི་སྐོར་གླེང་།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འཛམ་གླིང་སྐར་ཁུངས།

▶ས་འདིར་ཁ་བ་ཆེན་པོ་བབས་ཏེ་མི་22རྐྱེན་ལམ་དུ་ཤོར་འདུག

ཕྱོགས་གཞན་ཞིག་ནས། དུས་གཅིག་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་བས་ས་གནས་དེའི་མགྲོན་ཁང་མ་འདང་བ་དང་། མི་མང་པོ་ཞིག་གིས་རླངས་འཁོར་ནང་དྲོད་རླངས་བཏང་སྟེ་མཚན་སྐྱེལ་བས་མི་ལ་ལར་དབྱང་གཅིག་ཐན་རྫས་ཀྱི་དུག་ཕོག་སྟེ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། དེ་མིན་ས་གནས་དེ་གའི་གྲོང་མི་ཚོར་ཡང་གནད་དོན་ཚབས་

中央广播电视总台 央广网 版权所有

“ལུག་ནག”ཕྱུག་འགྱུར་བང་མཛོད་ཡིན། མང་ཚོགས་དངུལ་ཁུག་ལྗིད་ཏིག་ཏིག

འབྲོག་ལས་འཕེལ་རྒྱས་བཏང་བར་རྒྱུད་བཟང་ལ་བརྟེན་དགོས། ཀྲུང་གོ་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་གམ་པའི་ལུག་གི་ཡ་གྱལ་ཞིག་ཡིན་པའི་གམ་པ་རྫོང་གུར་མེ་ཤང་གི་ལུག་ནག་གི་བལ་འཇམ་ལ་སྤུ་མདོག་ཡག་པ་དང་། ཤའི་བྲོ་བ་ཆེ་ལ་ཞིམ་པ། དྲི་ངན་མེད་པ། སྤྲི་དཀར་མང་བ།