ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ས་འདིར་ཁ་བ་ཆེན་པོ་བབས་ཏེ་མི་22རྐྱེན་ལམ་དུ་ཤོར་འདུག

2022-01-10 16:16:00     责编:娜科

     ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོའི་ཉེ་འགྲམ་དུ་ཡོད་པའི་མུའུ་ལི་རི་བོ་ནི་ཕ་ཁི་སི་ཐན་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཡིན་པ་དང་། ཚེས་7ཉིན་གྱི་དགོང་མོ་མུའུ་ལི་རི་བོའི་མཛེས་ལྗོངས་ཁུལ་དུ་མཐོང་དཀོན་པའི་ཁ་བ་ཆེན་པོ་བབས་ཏེ། རླངས་འཁོར་མང་པོའི་བགྲོད་ལམ་འགག་ཡོད།  གནས་ཚུལ་འདི་སྤེལ་བའི་བར་མི་22རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད།

      ཚེས་7ཉིན་གྱི་དགོང་མོ།  ཁ་བ་ཆེན་པོ་བབས་ནས་ཡུལ་སྐོར་བ་སྟོང་ཕྲག་ལྷག་དང་རླངས་འཁོར་ཆིག་སྟོང་ལྷག་ གངས་རིར་སྟེང་དུ་ལུས། དེ་ནས་སྲིད་གཞུང་གིས་རི་ཁུལ་གྱི་བགྲོད་ལམ་ཡོད་དོ་ཅོག་བཀག་སྡོམ་བྱས་ཏེ། མྱུར་སྐྱོབ་རླངས་འཁོར་ཁོ་ན་མ་གཏོགས་སྐྱོད་དུ་མ་བཅུག གསར་འགོད་པ་ཚེས་8ཉིན་གྱི་དགོང་མོ་གནོད་འཚེ་ཕོག་ཡུལ་དུ་འབྱོར་བ་དང་། སྐབས་དེར་རོགས་སྐྱོབ་བྱེད་བཞིན་པའི་སྒང་ཡིན་པ་རེད།

    ཕ་ཁི་སི་ཐན་ཟླ་གསར་དམར་པོ་ཚོགས་པའི་རོགས་སྐྱོབ་མི་སྣ་ཨའེ་ཧ་མའེ་ཏེ·ཨ་པ་ཞིས། འདི་གའི་གནས་ཚུལ་ཧ་ཅང་ཛ་དྲག་པས། མི་རྣམས་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། ང་ཚོས་ཁོང་ཚོར་སྨན་དང་། ཆུ། ཟས་རིགས་བཅས་མཁོ་འདོན་བྱས་ཡོད་ཅེས་བརྗོད་འདུག

    གངས་སྐྱོན་བྱུང་རྗེས་ཕ་ཁི་སི་ཐན་སྲིད་གཞུང་དང་དམག་ཕྱོགས་ཀྱིས་དཀའ་ངལ་འཕྲད་པའི་ཡུལ་སྐོར་བ་འཚོལ་སྐྱོབ་གྲང་འགོག་དངོས་ཟོག་བཅས་མཁོ་འདོན་བྱས་པ་རེད། ས་གནས་དེ་གའི་སློབ་གྲྭ་དང་སྲིད་གཞུང་ཁུལ་དུའང་ཡུལ་སྐོར་བ་ཁག་གཅིག་ལ་གནས་ཚང་གཡར་ཡོད།

    ཤེས་རྟོགས་བྱུང་བ་ལྟར་ན། མུའུ་ལི་ཧྲན་ས་ཁུལ་དུ་ཚེས་4ཉིན་གྱི་དགོང་མོ་ནས་བཟུང་རྒྱུན་མཐུད་ངང་གངས་བབས་ཤིང་། གངས་ཀྱི་མཐུག་ཚད་སྨི་1.2ལས་བརྒལ་ཏེ་ས་གནས་དེ་གའི་གངས་བབས་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ལ། གངས་ཆེན་པོ་བབ་པ་དེས་ཡུལ་སྐོར་བ་མི་ཉུང་བ་ཞིག་དེ་གར་ལྟད་མོར་ཡིག་འགུག་བྱས་ཡོད།  ཚོད་རྩིས་བྱས་པ་ལྟར་ན། ཉེ་བའི་ཉིན་ཤས་རིང་རླངས་འཁོར་ཁྲི་10ཙམ་ས་ཁུལ་དེར་སླེབས་ཡོད་པ་རེད། ཡིན་ནའང་མུའུ་ལི་རི་ཁུལ་གྱི་འགྲོ་ལམ་གུ་དོག་པས། གནམ་གཤིས་ལེགས་ཀྱང་རླངས་འཁོར་འཚང་ཁ་ཆེ་བས་འགྲོ་སྐྱོད་དཀའ་བའི་གནས་ཚུལ་མང་པོ་ཐོན་ཡོད་དེ།  ཐེངས་འདིའི་གངས་ཆེན་པོས་རླངས་འཁོར་མི་ཐར་བའི་གནས་ཚུལ་ཇེ་སྡུག་ཏུ་སོང་བ་རེད། སྨྱན་སྦྱོར་མང་པོས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་ལམ་པོ་ནས་ཡོང་བའི་ཐག་ཉེའི་ཡུལ་སྐོར་བ་མང་པོ་ཞིག་ཉིན་སྐོར་བྱེད་རྩིས་ཡོད་པས་དངོས་ཟོག་འདང་ངེས་ཁྱེར་མེད་པ་རེད། 

    ཕྱོགས་གཞན་ཞིག་ནས། དུས་གཅིག་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་བས་ས་གནས་དེའི་མགྲོན་ཁང་མ་འདང་བ་དང་། མི་མང་པོ་ཞིག་གིས་རླངས་འཁོར་ནང་དྲོད་རླངས་བཏང་སྟེ་མཚན་སྐྱེལ་བས་མི་ལ་ལར་དབྱང་གཅིག་ཐན་རྫས་ཀྱི་དུག་ཕོག་སྟེ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། དེ་མིན་ས་གནས་དེ་གའི་གྲོང་མི་ཚོར་ཡང་གནད་དོན་ཚབས་ཆེན་མང་པོར་འཕྲད་ཡོད་དེ། འབར་རླངས་རྫོགས་ལ་ཉེ་བ་དང་འཐུང་ཆུ་མི་འདང་བ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད།

 

    ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་གྱིས་ཚེས་8ཉིན་སྤྱི་ཚོགས་འབྲེལ་གཏུག་སྨྱན་སྦྱོར་ཐོག་གནས་དོན་དེར་བརྟག་དཔྱད་བྱ་རྒྱུའི་བཀའ་བཏང་ཟིན་ལ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་དེ་རིགས་སླར་ཡང་མི་ཐོན་པ་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད་ཅེས་བརྗོད་འདུག  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག མིག་དམར་རྒྱ་མཚོ།
ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

▶ས་འདིར་ཁ་བ་ཆེན་པོ་བབས་ཏེ་མི་22རྐྱེན་ལམ་དུ་ཤོར་འདུག

ཕྱོགས་གཞན་ཞིག་ནས། དུས་གཅིག་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་བས་ས་གནས་དེའི་མགྲོན་ཁང་མ་འདང་བ་དང་། མི་མང་པོ་ཞིག་གིས་རླངས་འཁོར་ནང་དྲོད་རླངས་བཏང་སྟེ་མཚན་སྐྱེལ་བས་མི་ལ་ལར་དབྱང་གཅིག་ཐན་རྫས་ཀྱི་དུག་ཕོག་སྟེ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། དེ་མིན་ས་གནས་དེ་གའི་གྲོང་མི་ཚོར་ཡང་གནད་དོན་ཚབས་