ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད།

2022-01-07 09:53:00     责编:sangjzm

ཟླ་1ཚེས་5ཉིན། ལོ་གཉིས་རིང་གི་གནའ་རྫས་རྟོག་ཞིབ་བྱས་པར་བརྒྱུད། དབྱིན་ཞུའུ་སྲུང་སྐྱོང་ཁུལ་ཤར་ལྷོ་མཐའ་ཁུལ་དུ་ཆགས་ཤིང་། དབྱིན་ཞུའུ་ཕོ་བྲང་ལྷ་ཁང་གི་གནའ་ཤུལ་དང་བར་ཐག་སྟོང་སྨི་2.4མཚམས་ལ་ཡོད་པའི་ཧྲའོ་ཅཱ་ཕེང་རྗེས་ཤུལ་ནི་གནའ་རྫས་རྟོག་ཞིབ་པས་ཧྲང་རྒྱལ་རབས་ཀྱི་“ཚའེ”( གོང་མའི་མཚན་གནས་ཐོབ་མཁན)རིགས་འདུས་སྡོད་བྱེད་ས་གཙོ་བོ་ཡིན་པ་ངོས་འཛིན་བྱས་ཡོད།

གནའ་རྫས་རྟོག་ཞིབ་མི་སྣས་དེ་གར་ཁྱོན་བསྡོམས་ཧྲང་ཀྲོའུ་དུས་སྐབས་ཀྱི་སྡོད་ཁང་18 བང་སོ་24རྙེད་ཡོད་པའི་ནང་།“中” དབྱིབས་ཀྱི་བང་སོ་ཆེན་པོ་ཞིག་དང་། ཤིང་རྟ་འཁོར་ལོའི་ཤུལ་4 དང་འཁོར་ལོ་6ཡོད་པ། སྤུས་ལེགས་པའི་ཟངས་ཆས། གཡང་ཊིའི་ཡོ་བྱད། རུས་ཆས། ཤིང་རྟ་འཁོར་ལོའི་ཡོ་བྱད་སོགས་ཡོད་པ་རེད།

སྔོག་འདོན་བྱས་ཟིན་པའི་ཧྲང་རྒྱལ་རབས་ཀྱི་བང་སོ་18ནང་། “中”དབྱིབས་བང་སོ་ཆེ་གྲས་བརྐུས་ལ་ཤོར་ཚབས་ཆེ་བས། རྫ་ཆས་དང་ཤིང་རྟ་འཁོར་ལོའི་ཡོ་བྱད་སོགས་དངོས་པོ་ཆུང་ངུ་ཉུང་ཉུང་ཞིག་ལས་མཐོང་རྒྱུ་མེད།
བང་སོ་གཞན་དག་ནང་། ཁྱོན་ཟངས་ཀྱི་ལུགས་སྤྱོད་ཡོ་ཆས་20ལྷག་བསྔོགས་འདོན་བྱུང་ཡོད། དེ་མིན་ད་དུང་ཕུན་སུམ་ཚོགས་པའི་ཟངས་ཀྱི་མཚོན་ཆ་དང་། ཤིང་རྟ་འཁོར་ལོའི་ཡོ་ཆས། གཡང་ཊིའི་ཡོ་བྱད། རུས་ཆས་སོགས་ཀྱང་མཐོང་རྒྱུ་ཡོད། གནའ་ཤུལ་དེའི་ནང་ད་དུང་རྭ་ཅོའི་ཆང་སྣོད་ཀྱི་ཁ་གཅོད་ཅིག་ཡོད་པ་དེའི་ཐོག་ཡིག་འབྲུ་12ཡོད། དེ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད།(བསྟན་འཛིན་བཟང་མོས་བསྒྱུར།བདེ་སྐྱིད་དང་བསྟན་འཛིན་བཟང་མོས་ཞུས)

ངོ་སྤྲོད་བྱས་པར་གཞིགས་ན། གཤགས་ལས་དང་ས་རིམ་ལྟ་ཞིབ་བྱས་པ་བརྒྱུད། སྒོ་ར་དེ་3སྐྲུན་པའི་ལོ་རབས་ནི་ཧྲང་རྒྱལ་རབས་དུས་མཇུག་ཏུ་ཡིན་པ་དང་། ཉམས་གསོ་དང་བེད་སྤྱོད་ཐེངས་མང་བྱས་པ་བརྒྱུད། ཀྲོའུ་རྒྱལ་པོས་ཧྲང་རྒྱལ་རབས་རྩ་མེད་མ་བཟོས་གོང་བེད་མེད་དུ་བསྐྱུར་བ་ཞིག་རེད།

“ལྷག་པར་དུ་ད་ཐེངས་ཁང་པའི་རྩིག་རྨང་གི་མདུན་དུ་པང་ལེབ་བཏིང་བའི་སྐས་རིམ་དང་ཁང་པའི་རྩིག་རྨང་གི་ནང་ལ་རྒྱན་སྤྲོས་ཤུལ་ཡོད་པ་རྟོགས་པ་ནི་དབྱིན་ཞུའུ་གནའ་རྫས་རྟོག་ཞིབ་ཁྲོད་ཀྱི་ཤེས་རྟོགས་ཐེངས་དང་པོ་རེད།”

ཧྲའོ་ཅ་ཕེང་ཧྲང་རྒྱལ་རབས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ཀྱིས་ས་གནས་དེ་གའི་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་གཞོགས་འདེགས་བྱ་ཆེད། 2019ལོའི་ཟླ་10པ་ནས་2021ལོའི་ཟླ་12བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཨན་དབྱང་ལས་དོན་ས་ཚིགས་དང་ཨན་དབྱང་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ལས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་སྤེལ་བ་ཞིག་རེད།

 ཡོང་ཁུངས། མི་དམངས་དྲ་བ།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད།

ཟླ་1ཚེས་5ཉིན། ལོ་གཉིས་རིང་གི་གནའ་རྫས་རྟོག་ཞིབ་བྱས་པར་བརྒྱུད། དབྱིན་ཞུའུ་སྲུང་སྐྱོང་ཁུལ་ཤར་ལྷོ་མཐའ་ཁུལ་དུ་ཆགས་ཤིང་། དབྱིན་ཞུའུ་ཕོ་བྲང་ལྷ་ཁང་གི་གནའ་ཤུལ་དང་བར་ཐག་སྟོང་སྨི་2.4མཚམས་ལ་ཡོད་པའི་ཧྲའོ་ཅཱ་ཕེང་རྗེས་ཤུལ་ནི་གནའ་རྫས་རྟོག་ཞིབ་པས་ཧྲང་རྒ