ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

ལྷོ་ཁའི་གྲོང་ཚོ་འདིའི་མང་ཚོགས་ལ་ཀྲུང་དབྱང་གི་ཕྱག་རྟགས་འབྱོར་བ།

2021-11-19 11:01:00     责编:sangjzm
       ཉེ་དུས། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་ཕྱག་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
 
       སྔ་དྲོ་སྨན་ཤང་གི་ཞིང་འབྲོག་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་དགའ་སྤྲོའི་ངང་༼བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཕྱག་རྟགས་༽སྤྲོད་པའི་མཛད་སྒོར་ཞུགས་པ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་མཚོན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་གཅེས་སེམས་མཚོན་པའི་ཕྱག་རྟགས་གྲོང་ཚོ་ཨུ་ལྷན་དུ་གྲལ་འགྲིག་པོས་བཞག་ཡོད་པ་རེད། མཛད་སྒོའི་ཐོག་འཕྱོངས་རྒྱས་རྫོང་ཨུད་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཅེས་སྐྱོང་དེ་བསམ་པའི་སྒུལ་ཤུགས་དང་འཚོ་བའི་སྤྲོ་སེམས་ཤིག་ཏུ་འགྱུར་བ་བྱས་ནས་འཕྱོངས་རྒྱས་རྫོང་དར་རྒྱས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད། དེ་རྗེས་དེ་གར་ཡོད་པའི་ལས་དོན་མི་སྣས་ཏང་ཀྲུང་དབྱང་གི་མཛའ་བརྩེ་ཟབ་མོ་ལྡན་པའི་ཕྱག་རྟགས་རྣམས་དེ་གའི་ཞིང་འབྲོག་མང་ཚོགས་ལ་སྤྲད་པ་རེད།
 
        ཕྱག་རྟགས་སྤྲོད་པའི་མཛད་སྒོའི་ཐོག་རྒྱལ་སྨན་ཤང་གི་ཞིང་འབྲོག་མང་ཚོགས་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ལག་ཏུ་དཀར་གཙང་ཁ་བཏགས་འཁྱེར་ཏེ་ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་། ཚང་མས་དུས་ཡུན་རིང་པོའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ང་ཚོས་རྟག་ཏུ་དྲིན་ཚོར་བསམ་པ་བཅངས་ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
 
 
       ཀྲུང་དབྱང་སྐུ་ཚབ་ཚོགས་པས་ང་ཚོར་ཕྱག་རྟགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་དྲོ་སྐྱིད་ལྡན་པའི་ཕྱག་རྟགས་དེ་འབད་འཐབ་བྱེད་པའི་སྒུལ་ཤུགས་སུ་འགྱུར་རྒྱུ་དང་། ཏང་གི་ཐུགས་ཁུར་བློ་ལ་བརྟན་པོར་ངེས་རྒྱུ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་ནས་ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན་ཞེས་རྒྱལ་སྨན་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་པ་རེད།
 
 
        རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོའི་ཚོགས་ཆུང་གཉིས་པའི་སྒྲོལ་དཀར་གཡང་འཛོམས་ཀྱིས་ཁྱིམ་དུ་ལེན་མ་ཐག་པའི་གོས་འཁྲུའི་འཕྲུལ་འཁོར་ཚོད་ལྟ་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ཁོང་གིས་དགའ་སྤྲོའི་ངང་གོས་འཁྲུའི་འཕྲུལ་འཁོར་དེར་གཤོངས་ཚད་ཆེ་བ་དང་། སྒུལ་ཤུགས་ཆེ་བ། སྤྱོད་གོ་ཧ་ཅང་ཆེ་བ་བཅས་ཀྱི་ཁྱད་ཆོས་འདུག ཏང་ཀྲུང་དབྱང་གིས་གནང་བའི་ཕྱག་རྟགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཀྱི་ཡོད་པ་རེད།
 
        རྒྱ་སྨན་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་ཆུང་བདག་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་ཕྱག་རྟགས་ནི་ཏང་ཀྲུང་དབྱང་གིས་ང་ཚོར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ཞིག་ཡིན་པས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དང་ཐུགས་རེ་ཟབ་མོ་དེ་བསམ་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བ་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་། དེ་བས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པར་མདུན་བསྐྱོད་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།
 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
 
ཞུ་དག ལྷག་པ།
 
གསར་འགོད་པ། སྤེན་པ་རྒྱ་མཚོ།  
 
འཕྲིན་སྤེལ་བ།  ལྷུན་གྲུབ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

ལྷོ་ཁའི་གྲོང་ཚོ་འདིའི་མང་ཚོགས་ལ་ཀྲུང་དབྱང་གི་ཕྱག་རྟགས་འབྱོར་བ།

ཉེ་དུས། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་ཕྱག་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།