ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མི་དང་སྤྲེའུ་མཉམ་འདྲེས་ཀྱི་སྦྲུམ་རྟེན་ཐོག་མ་དེ་བཟོས་འདུག

2021-04-19 10:19:00     责编:娜科

 

 

 

    ཀྲུང་གོ་དང་ཨ་རིའི་ཚན་རིག་ཞིབ་འཇུག་ཚོགས་པས་འདོན་ཐེངས་དང་པོའི་༼ཕྲ་ཕུང་༽དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས། ཁོང་ཚོས་མིའི་རིགས་ཀྱི་ཕྲ་ཕུང་དང་སྤྲེའུ་ཡི་ཕྲ་ཕུང་ལས་མཉམ་དུ་གྲུབ་པའི་སྦྲུམ་རྟེན་ཐོག་མ་དེ་བཟོས་པ་དང་། འདྲེས་གཟུགས་དེ་དག་ལ་ཚན་རིག་པས་སྐྱེ་དངོས་གཞན་དག་སྟེ། དཔེར་ན་ཕག་པ་ལྟ་བུའི་ལུས་ཕུང་ནས་མིའི་ལུས་པོའི་གྲུབ་ཆ་སྐྱེད་སྲིང་ཐུབ་པར་ཕན་པ་ཡོད་མོད། འོན་ཀྱང་ཞིབ་འཇུག་གསར་ཤོས་ལས་མི་ཆོས་སྐོར་གྱི་རྩོད་གཞི་འགའ་རེ་སློང་བཞིན་ཡོད་པའང་བསྟན་ཡོད།

 

    མིའི་རིགས་ཀྱི་ཕྲ་ཕུང་དག་ཚོད་ལྟ་ཁང་དུ་གསོ་སྐྱོང་བྱས་པའི་སྤྲེའུ་ཡི་སྦྲུམ་རྟེན་ནང་སླེབས་པ་བྱས་ཡོད། སྤྱི་ལོ2017ལོར་ཚན་རིག་པས་བྱི་བ་ཆུང་གྲས་ཀྱི་ཕྲ་ཕུང་གཙོ་བོ་ལས་སྐྱེ་འཚར་བྱུང་བའི་གཤེར་མའི་ཕུང་རྩི་བྱི་བ་ཆེ་གྲས་ཀྱི་སྦྲུམ་རྟེན་ནང་བཞག་རྗེས། བྱི་བ་ཆེ་གྲས་ཀྱི་གཅིན་པ་མངར་འགྱུར་གྱི་ནད་སྨན་བཅོས་བྱེད་ཐུབ་ཡོད། འོན་ཀྱང་ལོ་དེར་ཨ་མེ་རི་ཁའི་སོར་ཁེ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་པེ་ཨེར་མེང་ཐེ་ཡིས་འབྲེལ་ཐག་ཅུང་རིང་བའི་སྲོག་ཆགས་དཔེར་ན་མི་དངཕག་པ་ལྟ་བུའི་ཁྲོད་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་གང་ཡང་རྙེད་མེད་ལ། གཟའ་འཁོར་3ནས་4ཡི་རྗེས་སུ་སྦྲུམ་རྟེན་ནང་གི་ཕྲ་ཕུང་ཧ་ལམ་ཁྲི་བཅུ་ཡས་མས་ཤིག་ནི་མིའི་རིགས་ཀྱི་ཕྲ་ཕུང་ཡིན་པ་ཤེས་ཐུབ་བྱུང་ཡོད།

 

    གོང་དུ་བརྗོད་པའི་ཕག་པའི་ལུས་ཕུང་ནས་ཞིབ་འཇུག་བཀོལ་སྤྱོད་བྱེད་པ་དེ་ནི་བསྐྱར་དུ་སྒྲིག་སྦྱོར་བྱས་པའི་མིའི་རིགས་ཀྱི་པགས་པའི་ཕྲ་ཕུང་ཡིན་མོད། འོན་ཀྱང་ཞིབ་འཇུག་གསར་ཤོས་ལས་ཐབས་ལམ་གསར་པ་བཏོད་པ་ནི་བཀོལ་སྤྱོད་བྱེད་ནུས་སྔར་ལས་ཆེ་ཞིང་ནུས་པ་མང་བའི་ཕྲ་ཕུང་གཙོ་བོ(EPS)ཡིན་ཏེ། ཕྲ་ཕུང་གཙོ་བོ་ཆ་རྡུལ་གང་རུང་གི་མཉམ་བསྲེས་དངོས་རྫས་ཁྲོད་ཕྱིར་མངོན་དུ་བཅུག་རྗེས། དེ་ལས་སྔར་ལས་མང་བའི་ཕྲ་ཕུང་གྲུབ་ཆའི་རིགས་མང་པོ་འབྱུང་ཐུབ། ཁོ་ཚོས་མིའི་རིགས་ཀྱི་EPSཕྲ་ཕུང་25མིའི་རིགས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་སྡིག་སྲིན་ཟ་བའི་སྤྲེའུ་ཡི་སྦྲུམ་རྟེན་132ནང་བཅུག་པ་མ་ཟད་གསོ་སྤེལ་སྣོད་ཆས་ལས་ཉིན་20རིང་སྐྱེད་སྲིང་བྱས་པ་རེད།

 

 

    ཞིབ་འཇུག་གི་མཇུག་འབྲས་ལས་མངོན་པ་ལྟར་ན། མིའི་རིགས་ཀྱི་ཕྲ་ཕུང་དེ་དག་ལས་ཡུན་རིང་བའི་སྐྱེ་སྟོབས་ནུས་པ་མངོན་ཡོད་དེ། ཉིན་13རྗེས་སུ་མིའི་རིགས་ཀྱི་ཕྲ་ཕུང་གི་གསུམ་ཆ་གཅིག་ཡས་མས་ཤིག་སྔརབཞིན་འདྲེས་གཟུགས་ལུས་སྟེང་དུ་གནས་ཡོད། རྒྱུད་རྒྱུ་གསོན་གཤིས་ལ་དབྱེ་ཞིབ་བྱས་པ་བརྒྱུད་དེ། ཞིབ་འཇུག་པས་ད་དུང་མིའི་རིགས་དང་སྤྲེའུ་ཡི་ཕྲ་ཕུང་ཟུང་འབྲེལ་ཐུབ་པའི་ཆ་རྡུལ་ཐབས་ལམ་གཏན་འབེབས་བྱས་ཡོད། པེ་ཨེར་མིན་ཐིས། དེའི་ཁྲོད་ཀྱི་ཐབས་ལམ་ཁ་ཤས་ཀྱིས་མིའི་རིགས་ཀྱི་ཕྲ་ཕུང་དེ་ཡང་བསྐྱར་སྐྱེ་འཕེལ་བྱུང་ཐུབ་པའི་གསོ་རིག་ལ་ལྷག་ཏུ་འཚམ་པའི་དངོས་རིགས་སྦྲུམ་རྟེན་ནང་གསོན་པར་ཕན་པ་ཡོད་ཞེས་བརྗོད།

 

    ཞིབ་འཇུག་གསར་ཤོས་ལ་ཚན་རིག་སྡེ་ཁག་ནས་དོ་སྣང་ཆེན་པོ་བྱས་ཡོད་དེ། ཡེ་ལུའུ་སློབ་ཆེན་སྐྱེ་དངོས་རིག་པའི་མཁས་ཅན་ཨན་ཅི་སིས༼ཚན་རིག༽དུས་དེབ་ཐོག་གནས་ཚུལ་སྤེལ་ནས། དཔྱད་རྩོམ་འདི་ནི་ཕྲ་ཕུང་གཙོ་བོ་དང་སྐྱེ་དངོས་རིགས་ལས་བརྒལ་བའི་འདྲེས་གཟུགས་ཁྱབ་ཁོངས་ཀྱི་ལོ་རྒྱུས་རྡོ་རིང་ལྟ་བུ་ཞིག་རེད་ཅེས་བཤད་པ་དང་། མིང་ཉི་སུའུ་ཏ་སློབ་ཆེན་ཕྲ་ཕུང་གཙོ་བོའི་སྐྱེ་དངོས་རིག་པ་མཁས་ཅན་ཏན་ཉི་ཅ་ལི་ཙེས་ཁ་གསབ་ཀྱི་ཚུལ་གྱིས། གསར་རྙེད་འདི་ལས་སྐྱེ་དངོས་ཤིག་གི་ཕྲ་ཕུང་དེ་སྐྱེ་དངོས་རིགས་གཞན་ཞིག་གི་སྦྲུམ་བུའི་ནང་འཚོ་ཐུབ་པ་ཤུགས་སུ་བསྟན་ཡོད་ཞེས་བརྗོད།

    ༼རང་བྱུང་༽དུས་དེབ་ཐོག་ཀྱང་རྩོམ་ཡིག་སྤེལ་ནས་མི་ཆོས་གནད་དོན་སྐོར་ལ་ཞིབ་འཇུག་བྱེད་པར་དཔྱད་བརྗོད་སྤེལ་ཡོད་དེ། རྩོམ་ཡིག་ལས་གལ་ཏེ་མི་དང་སྤྲེའུ་མཉམ་བསྲེས་བྱས་པའི་སྦྲུམ་རྟེན་དེ་དག་སྲོག་ཆགས་གཞན་གྱི་ལུས་སྟེང་དུ་བཞག་རྗེས་དེ་ལས་སྐྱེ་དངོས་རིགས་ཤིག་འབྱུང་བ་དང་ཐ་ན་ཆེས་མཇུག་མཐར་སྐྱེ་དངོས་དེ་གསོན་ན། མིའི་རིགས་ལ་འཕྲད་སྲིད་པའི་མི་ཆོས་གནད་དོན་སྔར་ལས་རྙོག་འཛིང་ཆེ་བ་ཞིག་ཡིན་ཞེས་བསྟན་ཡོད།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། སྙན་དབྱངས།

中央广播电视总台 央广网 版权所有

མི་དང་སྤྲེའུ་མཉམ་འདྲེས་ཀྱི་སྦྲུམ་རྟེན་ཐོག་མ་དེ་བཟོས་འདུག

རྩོམ་ཡིག་ལས་གལ་ཏེ་མི་དང་སྤྲེའུ་མཉམ་བསྲེས་བྱས་པའི་སྦྲུམ་རྟེན་དེ་དག་སྲོག་ཆགས་གཞན་གྱི་ལུས་སྟེང་དུ་བཞག་རྗེས་དེ་ལས་སྐྱེ་དངོས་རིགས་ཤིག་འབྱུང་བ་དང་ཐ་ན་ཆེས་མ